མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་གི་ཀྱལ་ཀར་གད་མོ་དགོད་རྒྱུ་གལ་ཆེ་བའི་རྒྱུ་རྐྱེན་ཅི།

བོད་ཀྱི་དུས་བབ།
༢༠༡༦/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལུ་པི་ན་མིས(Lupinamy)སྤེལ།
སྐལ་ལྡན་གྱིས་བསྒྱུར།

Teacher and students using digital tablet in classroom

ལོ་ངོ་འགའ་ཞིག་སློབ་ཁྲིད་བྱས་པའི་བརྒྱུད་རིམ་ཁྲོད། སྐབས་རེར་སློབ་ཕྲུག་གིས་བྲིས་པའི་སྙན་རྩོམ་དང་སྒྲུང་རྩོམ་མཐའ་དག་ཁྱོད་ཀྱིས་སྔོན་ཚུད་ནས་བཀླགས་ཟིན་པའི་སྣང་བ་འཆར་ངེས་ཡིན། སྐབས་རེར་དུས་ཡུན་རིང་པོར་ལས་ཀ་བྱས་ཏེ་ཡི་ཐང་ཆད་པའི་སྐབས། ལོ་ཟླའི་ཁྲོད་གསོག་འཇོག་བྱས་པའི་སློབ་ཕྲུག་གི་སྒྲུང་ཐུང་དེ་རིགས་ཀྱིས་ཁྱོད་ཀྱི་ལས་དོན་ལ་སེམས་འགུལ་དང་སྤོབས་པ་མི་སྐྱེ་བའང་ཡོང་ངེས་ཡིན།

སློབ་ཕྲུག་རྣམས་རྩོམ་ཡིག་འབྲི་རྒྱུར་བྱང་ཆུབ་པ་ཤ་སྟག་མིན་ལ། ཁོ་ཚོས་རང་ཉིད་ཀྱི་རྩོམ་ཡིག་གི་ནང་དོན་དང་། མི་སྣ་བཀོད་འབྲི། རྩོམ་ཡིག་གི་འཕེལ་རིམ་སོགས་འབུར་དུ་ཐོན་པ་འབྲི་ཚུལ་ཤེས་ཀྱི་མེད། ཡིན་ན་ཡང་ཁྱོད་ཀྱིས་རྩོམ་ཡིག་དེ་དག་ལ་དོ་སྣང་དང་སྤྲོ་བ། དགའ་སྣང་ངམ་ངམ་ཤུགས་ཀྱིས་འཇུག་དགོས་པ་གལ་ཆེ།

གཤོག་རྩལ་གཞི་ནས་རྒྱས་བཞིན་པའི་རྩོམ་པ་པོ་དེ་དག་གི་རྩོམ་ཡིག་གི་ཁྱད་ཆོས་ཀྱིས། གཏན་འབེབས་བྱས་པའི་ཚད་གཞི་མ་ལོན་པའི་སྐྱོན་བརྗོད་བྱས་ན། རྩོམ་ཡིག་འབྲི་རྒྱུར་དང་ཞེན་ཆེ་བའི་འདུན་པ་སྐྲུན་མཁན་གྱི་དགེ་རྒན་དང་སློབ་ཕྲུག་གི་སྤྲོ་སྣང་ལྡན་པའི་འབྲེལ་ལམ་བཟང་པོར་དོ་ཕོག་འགྲོ་ཉེན་ཡོད།

ཁ་སང་ངས་འཛིན་གྲྭའི་ནང་སློབ་ཕྲུག་ཅིག་ལ་སྙན་རྩོམ་ཐུང་ངུ་ཞིག་གྱེར་འདོན་བྱེད་བཅུག་པ་ཡིན། སྙན་རྩོམ་གྱི་ནང་དོན་དང་སྤྲུས་ཚད་ཀྱི་ཆ་ནས་ཡིད་དབང་འཕྲོག་ཐུབ་པ་ཞིག་བྲིས་མི་འདུག ཐ་སྙད་བཀོལ་སྤྱོད་ཞན་པ་དང་། སྙིང་དོན་ཁ་གསལ་མེད་པ། སྙན་ངག་པས་བརྗོད་འདོད་ཀྱི་བསམ་པ་མཚོན་མི་ཐུབ་པ་སོགས་ཞན་ཆ་མང་།

དེ་ལྟར་ཁོས་སྙན་རྩོམ་གྱེར་འདོན་བྱེད་ཀྱིན་པའི་སྐབས། ངའི་བློ་ངོར་ཁོ་པའི་ཞན་ཆ་ཐེར་འདོན་དང་ལམ་སྟོན་བྱེད་དགོས་པའི་རྣམ་གྲངས་ཇེ་མང་ནས་ཇེ་མང་རེད། འོན་ཏེ། སྙན་རྩོམ་དེར་ཚང་དགོས་པའི་ཆ་རྐྱེན་ལེགས་གྲུབ་བྱུང་མེད་ཀྱང་། ངས་འཛུམ་མདངས་དང་དགོད་སྒྲས་ཁོ་པར་དགའ་བསུ་བྱེད་དགོས་པ་ཤེས་ཚོར་བྱུང་། གང་ལགས་ཤེ་ན། སློབ་ཕྲུག་དེས་ཕྱོགས་གཞན་ཞིག་ནས་བསྔགས་བརྗོད་འོས་པ་ཞིག་བྱས་ཡོད་པ་ནི། སྙན་རྩོམ་དེ་བཞིན་གསོན་ཉམ་དོད་པོས་གྱེར་འདོན་བྱ་ཐབས་དང་། རང་ངོས་ནས་སྙན་རྩོམ་གྱི་ཞན་ཆ་ངོས་འཛིན་ཐུབ་པའི་རྣམ་འགྱུར་སྟོན་ཐུབ་པ་བྱུང་ཡོད་པ་དེ་ཡིན།

ཁོས་སྙན་རྩོམ་གྱེར་འདོན་གྲུབ་མཚམས་གཡས་གཡོན་དུ་འཛུམ་མདངས་ཀྱིས་ཁེངས་བའི་དགེ་སློབ་དག་ལ་མིག་ལྟ་བཞིན། ཁོ་པའི་གདོང་ལ་ཡང་བཅོས་མིན་གྱི་འཛུམ་མདངས་རྒྱས། སྐབས་དེར་ཁོ་པ་ནི་བཞད་གད་སློང་མཁན་ཞིག་ཏུ་གྱུར། དེ་ནི་ཅི་འདྲའི་དགའ་བ་སྐྱེ་བའི་གནད་དོན་ཞིག་མ་ཡིན་ནམ། སློབ་ཕྲུག་ཚང་མ་ཁོ་པ་ལྟར་རང་བཞིན་གྱི་རིག་རྩལ་ལྡན་པ་མིན།

གཤམ་དུ་ང་ཚོས་སློབ་ཕྲུག་གི་ལས་བྱར་དཔྱད་ཞིབ་དང་ཞུ་དག་སྤུས་ཚད་ལྡན་པ་བྱེད་པའི་བསམ་ཚུལ་འགའ་བརྗོད་ན།

དགེ་རྒན་ལ་ཚོར་བ་ཇི་ལྟར་བསྐྲུན་ཚུལ་བརྗོད་པ། “སྒོ་ཡི་དྲིལ་བརྡ་དཀྲོལ་སྐབས་འཇིགས་སྣང་ཆེ་བ་ལ་ཨང་།”ལྟ་བུ་དང་། “ཁྱོད་ཀྱིས་པཱ་ལགས་ཀྱི་སྣང་བརྙན་སིད་སྒྲ་སྒྲོག་པའི་ཞི་མི་གཏུམ་པོར་དཔེ་བཀོད་པ་ཅི་འདྲའི་སྙིང་རྗེ་བ་ལ་ཨང་།”ལྟ་བུ་འགྲེལ་བརྗོད་བྱེད་དགོས།

སྒྲོ་འདོགས་དང་འུད་བསྟོད་བྱེད་དགོས་པ། ང་ཚོས་སློབ་ཕྲུག་གི་རྩོམ་ཡིག་གི་སྤུས་ཚད་དེ་ཙམ་ལེགས་རྒྱུ་མེད་པ་ཤེས་ཀྱང་། སློབ་ཕྲུག་རྣམས་ལས་དང་པོ་བ་ཡིན་པ་ཤེས་དགོས། ཁོ་ཚོས་རེ་བ་བྱེད་པ་ནི། རང་ཉིད་ཀྱི་རྩོམ་ཡིག་ལ་ཡིད་སྨོན་གྱི་དགོད་སྒྲ་དང་། ངོ་མཚར་གྱི་མགོ་བོ་གཡུག་པ། སྤྲོ་སྣང་གི་འཛུམ་མདངས་སྟོན་པ་སོགས་ཡིན། སློབ་ཕྲུག་དེ་དག་མུ་འཐུད་རྩོམ་ཡིག་འབྲི་རྒྱུར་དགའ་ཞེན་ཇེ་ཆེར་འགྲོ་བར་དེ་ལྟར་བསྔགས་བརྗོད་བྱེད་དགོས་པ་གལ་ཆེ།

སྤྲོ་སྣང་གི་ཕྱིར་རྩོམ་འབྲིར་རོལ་འཇུག་དགོས་པ། སྤྱིར་གཏན་འབེབས་བྱས་པའི་རྩོམ་ཡིག་གི་སྒྲིག་གཞི་མང་དག་ཅིག་ལ་བརྩི་སྲུང་བྱེད་དགོས་ཀྱི་ཡོད། འོན་ཀྱང་། སྐབས་རེར་སློབ་ཕྲུག་རང་ཉིད་ཀྱི་འབྲི་རྩལ་གོང་མཐོར་གཏོང་ཕྱིར། རྣམ་ཀུན་ལས་རང་དབང་ཆེ་ཙམ་སྤྲོད་དགོས་པ་གལ་ཆེ། དེ་འབྲེལ་གྱི་ལམ་སྟོན་དགོས་ཀྱང་། གཙོ་ཆེར་ཁོ་ཚོར་དགོས་པ་ནི་དགེ་རྒན་གྱི་དོ་སྣང་ཡིན། དེས་ན་དགེ་རྒན་གྱིས་ངང་རྒྱུད་རིང་པོས་བཅོས་སྒྲིག་བྱེད་པ་དང་ལྷན་ཨང་ཐོབ་སྤྲོད་སྐབས་གཏོང་ཕོད་ཆེ་ཙམ་བྱེད་དགོས།

འདམ་ག་སྤྲོད་དགོས་པ། སློབ་ཕྲུག་འགའ་ཞིག་སྒྲུང་རྩོམ་འབྲི་རྒྱུར་དགའ་བ་དང་། འགའ་ཞིག་སྙན་རྩོམ་འབྲི་རྒྱུར་དགའ་བ། འགའ་ཞིག་དངོས་བྱུང་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནད་དོན་འབྲི་རྒྱུར་དགའ་པོ་ཡོད། འགའ་ཞིག་ལ་དགེ་རྒན་གྱིས་ཟུར་ཟའི་སྐྱོན་བརྗོད་རེ་མ་བྱས་བར་རྩོམ་ཡིག་འབྲི་རྒྱུར་དགའ་པོ་མེད། དེས་ན་སློབ་ཕྲུག་ཚོར་རྩོམ་ཡིག་འབྲི་སྟངས་མི་འདྲ་བ་འགའ་ངོ་སྤྲོད་བྱས་ཏེ། ནང་སྦྱོང་གི་སྐབས་རང་ཉིད་ཀྱི་དཔེ་མཚོན་བསམ་གཞིགས་བྱེད་འཇུག་པ་དང་། དེ་རྗེས་སློབ་ཕྲུག་རང་ཉིད་ཀྱི་གང་དྲན་འབྲི་བཅུག་ན་ཇི་འདྲ་འདུག་གམ།

ཁྱོད་ཀྱིས་ཐེངས་གཅིག་རིང་གལ་ཆེ་བའི་ཆ་རྐྱེན་གཅིག་ཁོ་ན་ལས་མ་སྤྲད་པར། སློབ་ཕྲུག་གིས་ཀློག་འདོན་བྱེད་འདོད་པའི་རྩོམ་ཡིག་ཅིག་འབྲི་བཅུག་སྟེ། ཁྱོད་ལ་ཚོར་བ་མི་འདྲ་བ་ཞིག་སྦྱིན་པར་སྐུལ་དང་། གྲུབ་འབྲས་མི་འདྲ་བ་ཞིག་ཐོན་པའི་རེ་བ་ཡོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese