མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

པདྨ་ཚེ་བརྟན་སྨན་ཁང་ན་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་ཁོང་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་དང་སྲིད་གཞུང་གིས་ཁོང་ལ་ཡང་བསྐྱར་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་སྐོར་བརྗོད་འདུག

pematsitenཁ་སང་ཕྱི་ཚེས་ ༡༡ ཉིན་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་ཁོང་གི་སྐད་འཕྲིན་བརྒྱུད་ལམ་དུ་བརྡ་འཕྲིན་ཞིག་སྤེལ་ཏེ། ཁོང་ད་ཆར་གཞུང་འབྲེལ་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་ནས་ལུས་ཕུང་ཇེ་བདེར་ཕྱིན་ཡོད་པ་དང་། འབྲེལ་ཡོད་ལས་ཁུངས་ནས་ཁོང་ལ་ཡང་བསྐྱར་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་སྐོར་བརྗོད་འདུག

ཁོང་གི་སྐད་འཕྲིན་སྟེང་སྤེལ་བའི་བརྡ་འཕྲིན་དེའི་ནང་། གནས་སྐབས་སུ་ང་གཞུང་ཕྱོགས་ཀྱི་ས་གཏན་འཁེལ་བྱས་པའི་སྨན་ཁང་ཞིག་ཏུ་བསྡད་ཡོད། ཉིན་རྒྱུན་དབྱང་རྔུབ་དང་། གནས་ཁབ་རྒྱག་པ་སོགས་སྨན་བཅོས་སྣ་ཚོགས་བྱས་པས། ལུས་ཕུང་ཅུང་ཇེ་བདེར་སོང་ཡོད། སྨིག་སྔར་གྱི་དམགས་བསལ་གནས་ཚུལ་གྱི་དབང་གིས་ཚང་མས་འཚམས་འདྲི་ལ་རེ་རེ་བཞིན་ལན་གདབ་ཐབས་མ་བྱུང་། དགོངས་དག་ཞུ། ད་ཐེངས་ཀྱི་དོན་དག་དེར་འབྲེལ་ཡོད་ལས་ཁུངས་ཀྱིས་ཡར་བསྐྱར་ཞིབ་བཤེར་བྱེད་ཀྱིན་པའི་སྒང་ཡིན། དོན་དག་བྱུང་ནས་ད་ལྟའི་བར་ཉིན་བཅུ་བདུན་ཙམ་འགོར་སོང་། དོན་དག་བྱུང་བ་ནས་ད་ལྟའི་བར་རེ་བ་ཞིག་ཡོད་པ་ནི་དོན་དག་དེ་གསལ་ཐག་ཆོད་བྱ་རྒྱུ་དེ་ཡིན། ཐ་ན་རྗེས་སུ་ཡང་བསྐྱར་བཀག་ཉེར་ཁང་དུ་འགྲོ་དགོས་ཀྱང་རེ་བ་འདིར་འགྱུར་བ་མེད། མྱུར་བ་མྱུར་བར་དོན་དག་དེའི་ཕྱོགས་ནས་གསལ་ཐག་ཆོད་པའི་ལན་ཞིག་ཡོང་རྒྱུ་ངའི་རེ་བ་ཡིན། འདིར་ང་ལ་ཐུགས་ཁུར་མཛད་མཁན་ཚང་མར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ལགས། ཞེས་འཁོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་གྱི་མཚན་མོར། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་རྒྱ་ནག་པེ་ཅིན་ནས་ཟི་ལིང་གྲོང་ཁྱེར་གྱི་གནམ་གྲུ་འབབ་ཚིགས་སུ་འབྱོར་ཡོད་པ་དང་། གནམ་གྲུ་འབབ་ཚིགས་ནས་དྲུད་སྒམ་ལྷག་སྟེ་ཕྱིར་ལེན་དུ་འགྲོ་སྐབས། གནམ་ཐང་གི་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་ཉེས་མིང་འོག གནམ་ཐང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་གནམ་ཐང་མངག་གཏོང་ཁང་དུ་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཟི་ལིང་གི་བཀག་ཉར་ཁང་ཞིག་ཏུ་བཅུག་སྟེ་འདྲི་རྩད་གཅར་རྡུང་བཏང་བར་བརྟེན། ཕྱི་ཚེས་ ༢༧ ཉིན་ཁོང་མགོ་ཡོམ་འཁོར་བ་དང་བྲང་གཟེར་བ། ཡན་ལག་སྦྲིད་པ་སོགས་བྱས་ནས་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་པར་བརྟེན། བཀག་ཉར་ཁང་ནས་ཟི་ལིང་གི་སྨན་ཁང་ཞིག་ཏུ་བསྐྱལ་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

མཆན། 1

  1. བློ་བཟང་། says:
    ལོ་ 7 སྔོན།

    ན་ཚ་གང་ཡང་མེད་པར་སྨན་ཁང་དུ་སྨན་བཅོས་བྱེད་དོན་ཅི་རེད། ཡང་རྒྱ་ནག་གཞུང་གིས་ལྐོག་ལས་ཞིག་རྩོམ་གྱི་ཡོད་པ་མིན་ནམ། བོད་པའི་རླབས་ཆེན་གྱི་སྐྱེས་བུ་རེ་རེ་བཞིན་རྒྱ་དམར་ཚང་གིས་ངན་ཇུས་འོག་ཚེ་སྲོག་འཕྲོགས་ཚར་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist