མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དབྱིན་ཇིའི་སྲིད་བློན་གསར་པས་ཡུ་རོབ་མཐུན་ཚོགས་བློས་མ་གཏོང་ཨ།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དབྱིན་ཇིའི་ནང་སྲིད་བློན་ཆེན་ཟུར་བ་ལྕམ་དྷིར་ས་མེ་ (Theresa May) ལགས་དབྱིན་ཇིའི་སྲིད་བློན་དུ་བདམས་ཐོན་བྱུང་བ་དང་འབྲེལ་ཏེ། འཇར་མན་སྲིད་བློན་ལྕམ་ཨན་གྷི་ལ་མིར་ཀིལ་ (Angela Merkel) ལགས་ཀྱིས་དབྱིན་ཇིའི་སྲིད་གཞུང་གསར་བས་ཡུ་རོབ་མཐུན་ཚོགས་དང་འབྲེལ་ལམ་རྒྱུན་འཁྱོངས་བྱ་དགོས་པའི་རེ་འདུན་བཏོན་འདུག

63baaf3069684370944633a9638a7308

འཇར་མན་སྲིད་བློན་ལྕམ་ཨན་གྷི་ལ་མིར་ཀིལ་ལགས་ཀྱིས་དབྱིན་ཇིའི་སྲིད་གཞུང་གསར་བས་དབྱིན་ཇིའི་འབྱུང་འགྱུར་ལ་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་ལམ་མེད་མི་རུང་བ་དང་། ཟླ་སྔོན་མར་དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་ནས་ཕྱིར་བུད་རྗེས་ཀྱི་དོན་དག་ཚང་མ་ད་ལྟའི་དབྱིན་ཇིའི་སྲིད་གཞུང་གསར་བར་རག་ལས་ཡོད་སྟབས། སྐབས་དེར་དབྱིན་ཇི་དང་ཡུ་རོབ་མཐུན་ཚོགས་བར་གྱི་འབྲེལ་ལམ་ཐད་གྲོས་ཆིངས་ཤིག་འཇོག་སྲིད་པ་དང་། དབྱིན་ཇིའི་གཞུང་གིས་ཡུ་རོབ་གླིང་གི་དཔལ་འབྱོར་ལྟེ་བར་གྱུར་བའི་འཇར་མན་དང་དབྱིན་ཇི་གཉིས་བར་གྱི་འབྲེལ་ལམ་རྒྱུན་འཁྱོངས་དགོས་པ། ཡུ་རོབ་མཉམ་འབྲེལ་ཁྲོམ་ར་དེ་གཙོ་བོ་དཔལ་འབྱོར་འཁོར་རྒྱུག་གི་རང་དབང་དང་རྩ་འཛིན་ལ་རག་ལས་ཡོད་སྟབས། དབྱིན་ཇིའི་གཞུང་གིས་ཡུ་རོབ་མཐུན་ཚོགས་ལ་རྒྱབ་འགལ་བྱེད་པར་བློ་ཕམ་ཡོད་སྐོར་བརྗོད་འདུག

དབྱིན་ཇིའི་སྲིད་བློན་གསར་བ་ལྕམ་དྷིར་ས་མེ་ལགས་ཀྱིས། དབྱིན་ཇིའི་གཞུང་གིས་ཡུལ་གྱར་བ་བགོ་བཤའི་སྲིད་ཇུས་ལ་བཅོས་བསྒྱུར་བཏང་བའི་ནང་། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁྲོམ་རའི་ནང་འཛུལ་ཞུགས་སྲིད་ཇུས་ཀྱང་ཚུད་ཡོད་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་མང་མོས་ཐོག་དབྱིན་ཇིའི་ཡུ་རོབ་སྤྱི་མཐུན་ཚོགས་ལས་ཕྱིར་བུད་པའི་ཐད། དབྱིན་ཇིའི་མི་མང་ཁག་ཅིག་གིས་དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་ནས་ཕྱིར་བུད་པ་དེ་གནས་སྐབས་སུ་དཔལ་འབྱོར་འཁོར་རྒྱུག་གི་དཀའ་ངལ་འཕྲད་སྲིད་ཀྱང་། འབྱུང་འགྱུར་དབྱིན་ཇི་བས་རྒྱལ་ནང་གི་དཔལ་འབྱོར་དང་ཡུལ་གྱར་བའི་གནད་དོན་ཐད་རང་གི་མངོན་འདོད་ལྟར་ལྟ་ཚུལ་བཏོན་ཆོག་སྐོར་བརྗོད་ཅིང་། ཡང་མི་མང་ཁག་ཅིག་གིས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱབ་རྟེན་ཡོད་ན། དབྱིན་ཇིའི་དཔལ་འབྱོར་འཁོར་རྒྱུག་ཐད་རམ་འདེགས་ཆེན་པོ་འཐོབ་ངེས་ཡིན་སྐོར་ཡང་བརྗོད་ཡོད་པ་རེད།

“དབྱིན་ཇིའི་སྐྱབས་མགོན་དྷིར་ས་མེ”ཞེས་པའི་ནེའུ་ཡོག་དུས་བབ་གསར་ཁང་གི་དཔྱད་རྩོམ་ཞིག་གི་ནང་། དུས་སྐབས་མི་འདྲ་བ་ཞིག་དང་འབྲེལ་ཏེ། ཁ་སང་རེས་གཟའ་ལྷག་པའི་ཉིན་ལྕམ་དྷིར་ས་མེ་ལགས་དབྱིན་ཇིའི་སྲིད་བློན་དུ་བདམས་ཐོན་བྱུང་བའི་མཛད་སྒོ་ཚོགས་སོང་བ་དང་། ཁོ་མོ་དབྱིན་ཇི་བའི་སྐྱེད་མ་སྲིད་བློན་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་ནའང་། དབྱིན་ཇིའི་ནང་སྲིད་བློན་ཆེན་ཟུར་བ་ལྕམ་དྷིར་ས་མེ་ལགས་དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་ནས་ཕྱིར་བུད་པའི་རྗེས་ཀྱི་དབྱིན་ཇིའི་འབྱུང་འགྱུར་སྲིད་ཇུས་ཐད་གསལ་ཁ་ཅི་ཡང་མེད་པའི་དཀའ་ཁག་ལ་ཐུག་ཡོད་སྟབས། དབྱིན་ཇིའི་རྒྱལ་མང་གི་དམིགས་འདུན་མངོན་འགྱུར་ཡོང་མི་སྲིད་སྐོར་འཁོད་འདུག

ནེའུ་ཡོག་དུས་བབ་གསར་ཁང་གི་དཔྱད་རྩོམ་གཞན་ཞིག་གི་ནང་། དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་ནས་ཕྱིར་བུད་པ་དེ་ཆབ་སྲིད་དཔལ་འབྱོར་གྱི་དུས་ཟིང་ཞིག་ཏུ་གྱུར་ཅིང་། དེ་ལ་བརྟེན་ནས་ཡུ་སྒོར་གྱི་འཛའ་ཐང་ཆགས་པ་དང་། དབྱིན་ཇིའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ལ་ངེས་བརྟན་མེད་པར་གྱུར་འདུག ཅེས་འཁོད་འདུག

ཡུ་རོབ་མཐུན་ཚོགས་ནི་ཕྱི་འབྲེལ་སྲིད་ཇུས་ཀྱི་འཁྲབ་ཚན་ཞིག་ཡིན་པ་མ་ཟད། དེ་ནི་ནུབ་གླིང་གི་དམག་དཔུང་དང་རྒྱལ་སྲུང་བཅས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཞིང་། དབྱིན་ཇི་ཕྱིར་བུད་རྗེས་ཡུ་རོབ་མཐུན་ཚོགས་ཀྱིས་རང་ཉིད་ཀྱི་སྟོབས་ཆེན་ཁོངས་མི་ཞིག་ཤོར་བཅུག་པའི་ཁར། ད་དུང་ཡུ་རོབ་གླིང་གི་རྡུལ་ཕྲན་མཚོན་ཆ་ཆེན་པོ་གཉིས་ཀྱི་གཅིག་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་རྐུབ་སྟེགས་གཉིས་བཅས་བརླག་པ་རེད། དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་ནས་ཐོན་སྐབས། ཡུ་རོབ་སྤྱི་མཐུན་ཚོགས་པས་རང་ཉིད་ཀྱི་དམག་དོན་དང་རྒྱལ་སྲུང་བདེ་འཇགས་ཐད་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་གྱེས་ཕྱག་བཏང་བ་རེད། ཕྱོགས་མཐུན་རྒྱལ་ཁབ་ཁག་གིས་མུ་མཐུད་ཡུ་རོབ་གླིང་གི་རྒྱལ་སྲུང་བདེ་འཇགས་ལ་མཐུན་འགྱུར་གནང་སྲིད་ནའང་། དེང་སྐབས་བྷར་རྫིལ་དང་ཝ་ཞིན་ཊོན་གཉིས་དབར་གྱི་འབྲེལ་ལམ་ཆད་པ་དང་། ཨ་རིའི་གཞུང་གིས་ཡུ་རོབ་མཐུན་ཚོགས་ནང་འཛིན་པའི་ཡིད་རྟོན་དེའང་བརླག་པ་རེད། ཅེས་སོགས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༡༩ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist