མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁན་པོ་དཀར་ཚེ་ཀློད་གྲོལ་བཏང་ཡོད་ཀྱང་དགོན་པར་ཕེབས་བཅུག་མི་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་གཞུང་གིས་མཁན་པོ་དཀར་ཚེ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་མུ་མཐུད་ལྟ་རྟོག་བྱས་ཏེ་ཡུལ་ཤུལ་ཁུལ་ཐོག་གི་ཉེ་འབྲེལ་ཞིག་གི་ནང་སྡོད་དུ་བཅུག་ཡོད་འདུག

13690779_980941772003883_529664586167841115_n

འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན། ཡུལ་ཤུལ་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་དཀར་ཚེ་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཁྲིན་ཏུའུ་ཡི་བཙོན་ཁང་ཞིག་ནས་ཀློད་གྲོལ་བཏང་ཡོད་ཀྱང་། དགོན་པར་ཕེབས་ཏུ་མ་བཅུག་པར་མུ་མཐུད་ལྟ་རྟོག་འོག་བཞག་སྟེ། ཡུལ་ཤུལ་ཁུལ་ཐོག་གི་ཉེ་འབྲེལ་ཞིག་གི་ནང་སྡོད་དུ་བཅུག་ཡོད་འདུག

དེ་ སྔོན་ཁོང་བཙོན་ཁང་དུ་ཡོད་སྐབས་སྐུ་གཟུགས་གནས་སྟངས་ཞན་པོ་ཡིན་པ་དང་ནད་རྙིང་ གསོ་བཅོས་ཀྱི་མཐུན་རྐྱེན་མེད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཀྱང་། སྤྱི་ཚོགས་འཕྲིན་ལམ་དུ་ང་སླར་ཡང་མི་ཡུལ་དུ་ཐོན་ཡོད་ཟེར་བའི་འཕྲིན་ཐུང་ཞིག་ སྤེལ་ཡོད་པའི་ནང་། སྙིང་ཉེ་བའི་ཁྱེད་ཅག་གི་ཐུགས་ཁུར་དང་གདུང་སེམས། རྒྱབ་སྐྱོར་དང་སྨོན་འདུན་གྲངས་མེད་ཀྱིས་ང་སླར་ཡང་མི་ཡུལ་དུ་བསླེབས་ཡོད། ཞེན་དྲག་པའི་འགན་འཁྲི་དེ་དག་གི་ཆེད་དུ། བགྲོད་མ་ཚར་བའི་ལམ་བུ་དེ་དག་གི་ཆེད་དུ། མི་ཡུལ་གྱི་སྤྱི་ཆོས་དང་ལྷ་ཡུལ་གྱི་སྒེར་ཆོས་དེ་དག་གི་ཆེད་དུ། ལུས་ཕུང་བདེ་ཐང་དང་སེམས་ཁམས་དྭངས་གསལ་ངང་ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། དཀོན་མཆོག་མཁྱེན། ང་ཚོའི་འཇིགས་རྟེན་ལ་རང་དབང་གི་འོད་སྣང་འཕྲོ་བར་ཤོག ཅེས་བརྗོད་འདུག

མཁན་པོ་དཀར་ཚེ་ལགས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༦ ཉིན་གྱི་དགོང་མོར་ཆབ་མདོ་ཉེན་རྟོག་པས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཡུན་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ས་གནས་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་ཞི་བའི་ངོ་རྒོལ་བྱས་ཏེ་ཁོང་ལ་ནག་ཉེས་ གང་ཡང་མེད་སྟབས་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད། དང་ཐོག་ཁོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་པའི་ཉེས་མིང་བཏགས་ཡོད་པ་དང་། ཕྱིས་སུ་སྦས་སྲུང་བྱས་པའི་ཉེས་མིང་འོག་ཆབ་མདོ་ས་ཁུལ་གྱི་ཁྲིམས་ཁང་ཞིག་གིས་གསང་བའི་ཐོག་ནས་ལོ་གཉིས་དང་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༥ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 1

  1. Mangtso says:
    ལོ་ 10 སྔོན།

    དཔའ་བོ་རེད་་་་་་་☸?????????

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese