མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་བལ་འབྲུག་གསུམ་ནང་ཕྲུ་གུ་གསུམ་དང་གསུམ་ལས་མང་བའི་སློབ་ཕྲུག ༤༩༡ བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལར་སྐོང་ཚོགས་གནང་བའི་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག བོད་མི་རིགས་ཀྱི་འཐབ་རྩོད་ལ་འཕྲལ་ཕུགས་གང་ཐད་ནས་མི་འབོར་ཉུང་བའི་དཀའ་ངལ་ཡོད་སྟབས། ཕྲུ་གུ་མང་པོ་སྐྱེད་གསོ་བྱེད་དགོས་པ་གལ་ཆེན་དུ་མཐོང་སྟེ་ཕྲུ་གུ་གསུམ་དང་ཡང་ན་གསུམ་ལས་མང་བ་ཡོད་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་དམིགས་བསལ་ལྟ་སྐྱོང་གནང་དགོས་པའི་དགོངས་འཆར་ཕུལ་བ་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡ ནས་བཟུང་དམིགས་བསལ་ལྟ་སྐྱོང་འདི་དངོས་སུ་ལག་བསྟར་གནང་ཡོད་སྟབས། འདི་གའི་གསར་འགོད་པས་ཤེས་རིག་སློབ་ཡོན་ཚན་པ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འབྲེལ་ཡོད་ལས་བྱེད་ལ་བཅར་འདྲི་ཞུས་ཏེ་གནས་ཚུལ་རྒྱུས་ལོན་བྱས་ཡོད།

13815248_1033408746756550_936177583_nཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ད་ལྟའི་བར་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ ༢༦ ནས་བསྡོམས་པའི་སློབ་ཕྲུག་༤༩༡ གིས་སྙན་ཞུ་འབྱོར་ཏེ་ཚང་མ་ལྟ་སྐྱོང་གི་ཁོངས་སུ་ཡོད་པ་དང་། དེའི་ནང་ནས་སློབ་ཕྲུག་ ༩༦ འཛིན་གྲྭ་ལྔ་པ་ཐོན་ཏེ་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ་བོད་སློབ་བཅས་སུ་སློབ་འཇུག་གི་རྒྱན་བརྒྱབ་ཚར་ཡོད་འདུག དམིགས་བསལ་ལྟ་སྐྱོང་ཐོབ་པའི་སློབ་ཕྲུག་ ༤༩༡ དེ་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ སྔོན་ལ་སྐྱེས་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ རྗེས་སུ་སྐྱེས་པ་བཅས་རིགས་གཉིས་སུ་དབྱེ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ སྔོན་ལ་སྐྱེས་པའི་སློབ་ཕྲུག་ཁྱོན་ ༣༥༢ ཡོད་པ་དང་། ཕྲུ་གུ་དེ་ཚོ་རང་ལོ་ ༣ ནས་འཛིན་རིམ་ ༥ པ་མ་ཐོན་བར་དུ་ཤེས་རིག་ལས་ཁུངས་ནས་ཟླ་རེར་སློབ་དོད་དང་བྱིས་གསོའི་དོད་ཧིན་སྒོར་ ༣༠༠ རེ་གནང་གི་ཡོད་པ་དང་། འཛིན་རིམ་ ༥ པ་ཐོན་མཚམས་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ་བོད་སློབ་བཅས་སུ་སློབ་འཇུག་གི་རྒྱན་རྒྱག་དགོས་ལ།  སློབ་གྲྭ་གང་དུ་རྒྱན་ཐོབ་པ་ཡིན་ནའང་ཟས་གོས་གནས་མལ་ཐད་འགྲོ་གྲོན་གཅིག་ཀྱང་གཏོང་དགོས་ཀྱི་མེད་པ་རེད། དེ་ནས་མུ་མཐུད་ཉེ་བའི་གཙུག་ལག་རབ་འབྱམས་པ་བར་སློབ་སྦྱོང་བྱེད་འདོད་ཡོད་རིགས་ནས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༦༠ ལོན་དགོས་པ་དང་། དེ་བཞིན་ལས་རིགས་ལག་རྩལ་སློབ་ཡོན་ཐོབ་པར་བརྒྱ་ཆ་ ༥༠ ལོན་དགོས་ཀྱི་ཡོད་ལ། བརྒྱ་ཆ་ལོན་པའི་སློབ་མ་རྣམས་ལ་དམིགས་བསལ་གནང་སྟེ་སློབ་ཁོངས་སོ་སོའི་གཏན་འབེབས་ཀྱི་སློབ་ཡོན་དེ་ཐོབ་ཀྱི་ཡོད་འདུག

རིགས་གཉིས་པ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ རྗེས་ལ་སྐྱེས་པ་ཁྱོན་ཕྲུ་གུ་ ༤༣ ཡོད་པ་དང་། ཕྲུ་གུ་དེ་ཚོ་སྐྱེས་པ་ནས་ལོ་དྲུག་མ་ཟིན་བར་དུ་ཤེས་རིག་ནས་ཟླ་རེར་སློབ་དོད་དང་བྱིས་གསོའི་དོད་ཧིན་སྒོར་ ༥༠༠ རེ་གནང་གི་ཡོད་པ་དང་། རང་ལོ་ ༦ ཟིན་མཚམས་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ་བོད་སློབ་བཅས་ཀྱི་སློབ་འཇུག་རྒྱན་རྒྱག་གི་ཡོད་འདུག སློབ་ཕྲུག་འདི་རིགས་འཛིན་རིམ་ལྔ་པ་བར་ས་གནས་ཉིན་སློབ་ཏུ་སྐྱོད་དགོས་པའི་རྩ་འཛིན་ལམ་སྟོན་ལ་བསྟུན་དགོས་ཀྱི་མེད་པ་དང་། ཕ་མའི་སར་ས་གནས་ཉིན་སློབ་ཏུ་སྐྱོད་འདོད་ཡོད་རིགས་ལའང་འཛིན་རིམ་ ༥ པ་མ་ཐོན་བར་དུ་སློབ་དོད་དང་བྱིས་གསོའི་དོད་ཧིན་སྒོར་ ༥༠༠ དེ་གནང་གི་ཡོད་པ་རེད། མུ་མཐུད་ཉེ་བའི་གཙུག་ལག་རབ་འབྱམས་པ་བར་སློབ་སྦྱོང་བྱེད་འདོད་ཡོད་རིགས་ལ་དམིགས་བསལ་མཐོ་སློབ་སློབ་ཡོན་ཐོབ་པར་འཛིན་རིན་བཅུ་གཉིས་པའི་ཡིག་རྒྱུགས་ལ་བརྒྱ་ཆ་ ༦༠ ལོན་དགོས་པ་དང་། ལས་རིགས་ལག་རྩལ་གྱི་སློབ་ཡོན་ཐོབ་པར་བརྒྱ་ཆ་ ༥༠ ལོན་དགོས་ཀྱི་ཡོད་ལ། བརྒྱ་ཆ་ལོན་པའི་སློབ་མ་རྣམས་ལ་སློབ་ཁོངས་སོ་སོ་ནས་གཏན་འབེབས་ཀྱི་སློབ་ཡོན་གནང་གི་ཡོད་པ་དེའི་ཐོག་ཤེས་རིག་ནས་ལོ་རེར་ཧིན་སྒོར་ ༡༠༠༠༠ རེ་འཕར་མ་གནང་རྒྱུ་ཡིན་འདུག

འཆི་མེད་ཚེ་དབྱངས་ལགས་སུ་ཤེས་ཡོན་མཐུན་རྐྱེན་འདི་ཞུ་བར་ཆ་རྐྱེན་ཅི་དགོས་དྲིས་པར་ཁོང་མོས། ཤེས་ཡོན་མཐུན་རྐྱེན་འདི་ཐོབ་པའི་སློབ་ཕྲུག་རྣམས་འཛིན་རིམ་དང་པོ་ནས་བཅུ་པ་བར་བོད་སློབ་འགྲིམ་དགོས་པ་དང་། ཕ་མའི་དཔྱ་ཁྲལ་ལག་དེབ་དང་ཕྲུ་གུའི་ཁྲིམས་མཐུན་སྐྱེས་ཚེས་ལག་ཁྱེར་གཉིས་ངེས་པར་དུ་དགོས་པ་རེད། དཔེར་ན། ཕྲུ་གུ་དེར་ཤེས་རིག་དང་བོད་ཁྱིམ་ཁག་གཉིས། སཾ་བྷོ་ཊ་བོད་སློབ། དེ་བཞིན་སྤྱི་སྒེར་ཚོགས་པ་གང་རུང་ནས་སློབ་འཇུག་དང་སློབ་ཡོན་མཐུན་རྐྱེན་ཐོབ་བཞིན་ཡོད་ཚེ། མཐུན་རྐྱེན་ཉིས་ཟློས་ལེན་ཆོག་གི་མེད་ལ། ཤེས་ཡོན་མཐུན་རྐྱེན་འདི་ཞུ་མཁན་ཕ་མ་རྣམས་ཀྱིས་ལོ་རེའི་ཕྱི་ཟླ་༩ ཚེས་ ༡༠ འགྱངས་མེད་ཤེས་རིག་ལས་ཁུངས་སུ་སྙན་ཞུ་འབུལ་དགོས་ཀྱི་ཡོད་སྐོར་དང་། མ་འོངས་པར་རིམ་གྱིས་ལྟ་སྐྱོང་གི་མཐུན་རྐྱེན་ཇེ་ལེགས་སུ་འགྲོ་རྒྱུ་ཡིན་ལུགས་བརྗོད་བྱུང་།

13819818_1033408340089924_141798830_nའཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ལས་འཆར་དོ་དམ་པ་ཉི་མ་རྒྱལ་མཚན་ལགས་སུ། ད་ལྟའི་ཆར་ཕྲུ་གུ་གསུམ་དང་གསུམ་ལས་མང་བ་ཚོར་དམིགས་བསལ་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞིའི་ནང་ཁྱིམ་ཚང་ག་ཚོད་ཡོད་པ་དང་། ཁོང་ཚོར་འཕྲོད་བསྟེན་ལྟ་སྐྱོང་ག་འདྲ་གནང་གི་ཡོད་སྐོར་དྲིས་པར། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་འཛུལ་ཞུགས་བྱས་ཡོད་པའི་ཕྲུ་གུ་གསུམ་དང་གསུམ་ལས་མང་བ་ཡོད་པའི་ཁྱིམ་ཚང་ ༤༦༡ ཡོད་པ་དང་། སྤྱིར་བཏང་ནང་མི་ ༢ ནས་ ༥ ཡོད་པའི་ཁྱིམ་ཚང་ནས་སྨན་བཅོས་ལྟ་སྐྱོང་གི་ཚོགས་དངུལ་ཁྱོན་ཧིན་སྒོར་ ༣༥༦༥ བསྡུ་དགོས་ཀྱི་ཡོད་ཀྱང་།  ད་ལྟའི་ཆར་ཨ་རིའི་རོགས་ཚོགས་ནས་བརྒྱ་ཆ་ ༧༠ གནང་གི་ཡོད་སྟབས། ནང་མི་ཆ་ཚང་བསྡོམས་ནས་ཚོགས་དངུལ་ ༡༠༧༠ མ་གཏོགས་བསྡུ་དགོས་ཀྱི་མེད་པ་དང་། སྤྱིར་མི་རེ་ནས་ཚོགས་དངུལ་ཧིན་སྒོར་ ༧༡༣ བསྡུ་དགོས་ཀྱི་ཡོད་ལ། མ་འོངས་པར་ཨ་རིའི་རོགས་དངུལ་ཆད་པ་ཡིན་ནའང་བཀའ་ཤག་གི་སྲིད་བྱུས་ནང་ཡོད་པ་ལྟར། འཕྲོད་བསྟེན་ལས་ཁུངས་ནས་སྐྱེད་མ་དང་། ཕྲུ་གུ་གསུམ་པ་དང་གསུམ་ལས་མང་བ་ཚོའི་སྨན་བཅོས་ལྟ་སྐྱོང་གི་ཚོགས་དངུལ་ཐད་བརྒྱ་ཆ་ ༡༠༠ ཡི་རོགས་རམ་མུ་མཐུད་དུ་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

དམིགས་བསལ་ལྟ་སྐྱོང་གི་ཆ་རྐྱེན་ནང་རང་ལོ་ ༡༨ མ་བརྒལ་བ་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་དང་། རང་ལོ་ ༡༨ བརྒལ་ན་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་ཞུགས་ཀྱང་དམིགས་བསལ་ལྟ་སྐྱོང་དེ་ཐོབ་ཀྱི་མེད་པ་ཡིན་མིན་དྲིས་པར་ཁོང་གིས། སྤྱིར་བཏང་རང་ལོ་ ༡༨ བརྒལ་རྗེས་རང་མགོ་ཐོན་པ་དང་མ་ཐོན་པ་གཉིས་ཀ་ཡོང་སྲིད་པ་རེད། ཡིན་ནའང་། སྤྱི་ཡོངས་ཀྱི་ཆ་ནས་རང་ལོ་ ༡༨ བརྒལ་བ་ཡིན་ན་ཁྱིམ་ཚང་གི་འཚོ་བའི་གནས་སྟངས་སོགས་ག་རེའི་སྒང་ལ་ཡིན་ནའང་འགན་ལེན་ཐུབ་པ་དང་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་ཏུ་ངོས་འཛིན་བྱས་ཏེ། རང་ལོ་ ༡༨ མ་བརྒལ་བ་ཡིན་དགོས་པའི་ཆ་རྐྱེན་འདི་བཏོན་པ་ཡིན་ལ། གལ་སྲིད་ཁྱིམ་ཚང་གཅིག་ལ་ཕྲུ་གུ་གསུམ་དང་གསུམ་ལས་མང་བ་ཡོད་པ། རང་ལོ་ ༡༨ བརྒལ་བ་ཡིན་ནའང་ཁྱིམ་གྱི་གནས་སྟངས་སྐྱོ་བོ་ཡིན་ན། སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་ཚོགས་དངུལ་བསྡུ་སྐབས། ཚོགས་དངུལ་གྱི་བརྒྱ་ཆ་གང་ལ་གང་འཚམ་ཞིག་ལ་འཕྲོད་བསྟེན་ལས་ཁུངས་ནས་རོགས་རམ་གནང་བའི་སྡེ་ཚན་ཞིག་ཡོད་པ་དང་། སྡེ་ཚན་དེའི་ནང་འཛུལ་ན་འགྲིག་གི་རེད་ལ། དེ་བཞིན་བོད་མི་སྤྱི་མཚུངས་ལྟར་མ་དང་བྱིས་པའི་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་བླངས་ནའང་འགྲིག་གི་ཡོད་སྐོར་བརྗོད་བྱུང་།

ཤེས་རིག་སློབ་ཡོན་ཚན་པའི་བསྡོམས་རྩིས་ལྟར་ན། རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་འདུས་སྡོད་ཁུལ་གྱི་ནང་ཕྲུ་གུ་གསུམ་དང་གསུམ་ལས་མང་བ་སྐྱེས་མཁན་མང་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཁུལ་དུ་ཕྲུ་གུ་ ༨༢ དང་། ཨ་རུ་ན་ཅལ་མེའོ་གཞིས་ཆགས་སུ་ཕྲུ་གུ་ ༤༤། ཀོ་ལི་གྷལ་དོན་ལྡན་གླིང་དུ་ཕྲུ་གུ་ ༣༧ འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༦ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese