མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱའི་གསར་འགོད་པ་གསུམ་རྒྱ་གར་ནས་ཕྱིར་ཕུད་བཏང་།

བོད་ཀྱི་དུས་བབ།
༢༠༡༦/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་རྒྱ་ནག་ཤིན་ཧྭ་གསར་ཁང་གི་གསར་འགོད་པ་གསུམ་ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་ནང་ཚུད་རྒྱ་གར་ནས་ངེས་པར་དུ་འཐོན་དགོས་པའི་ཐག་གཅོད་གནང་འདུག

Untitled-1དེ་རིང་རྒྱ་གར་ཧིན་རྡུ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ནང་ཡོད་པའི་རྒྱ་ནག་ཤིན་ཧྭ་གསར་ཁང་གི་གསར་འགོད་པ་གསུམ་གྱིས། རྒྱ་གར་གཞུང་ལ་ཆོག་མཆན་མ་ཞུས་པར་ཐེངས་མང་པོར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ནང་སྐོར་སྐྱོད་བྱས་ཡོད་པ་མ་ཟད། བོད་རིགས་ལས་འགུལ་བ་ཁག་ཅིག་ལ་ཐུག་འཕྲད་བྱས་ཡོད་པར་བརྟེན། རྒྱ་གར་གཞུང་གིས་གསར་འགོད་པ་དེ་གསུམ་གྱི་ཐོངས་མཆན་ཕྱིར་འགྱངས་མ་བྱས་པར་ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་ནང་ཚུད་ངེས་པར་དུ་རྒྱ་གར་ནས་འཐོན་དགོས་པའི་ཐག་གཅོད་གནང་ཡོད་འདུག

ད་ལྟའི་བར་རྒྱ་གར་གཞུང་ཕྱོགས་ནས་གསར་འགོད་པ་དེ་གསུམ་ཕྱིར་ཕུད་གཏོང་དགོས་པའི་རྒྱུ་མཚན་གསལ་བཤད་གནང་མེད་ཀྱང་། རྒྱ་གར་གཞུང་འབྲེལ་མི་སྣ་ཞིག་གིས་གསར་འགོད་པར། ཕྱིར་ཕུད་བཏང་བའི་གསར་འགོད་པ་གསུམ་གྱི་ནང་ནས་ཝུ་ཆིང་ཟེར་བ་དེ་རྒྱ་གར་ནང་བསླེབས་ནས་ལོ་ ༧ འགྲོ་བཞིན་ཡོད་ལ། ད་ལྟ་ཁོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཤིན་ཧྭ་གསར་ཁང་གི་འགན་འཛིན་ཡིན་པ་དང་། དེ་བཞིན་བུད་མེད་གསར་འགོད་པ་ཐང་ལུ་ཟེར་བ་མེམ་བྷེ་ཤིན་ཧྭ་ཡན་ལག་ཁང་གི་འགན་འཛིན་དང་། ཡོང་ཀང་ཟེར་བ་མེམ་བྷེ་ཡི་གསར་འགོད་པ་ཞིག་ཡིན་ལ། ཐང་ལུ་དང་ཡོང་ཀང་གཉིས་འདས་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་གར་དུ་བསླེབས་ཏེ། སོ་སོའི་ཐོབ་ཐང་ངོ་མ་སྦེད་གསང་བྱས་ཏེ་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་སྐོར་སྐྱོད་བྱས་ཡོད་པ་མ་ཟད། བོད་རིགས་ལས་འགུལ་བ་ཁག་ཅིག་ལ་ཐུག་འཕྲད་བྱས་ཡོད་པར་བརྟེན། བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་པའི་དོགས་གཞིའི་འོག་ཐོངས་མཆན་ཕྱིར་འགྱངས་བྱ་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་སྐོར་བརྗོད་འདུག

རྒྱ་ནག་པེ་ཅིན་དུ་ཡོད་པའི་ཤིན་ཧྭ་གསར་ཁང་གི་དབུས་ལས་ཁུངས་ལ་གནད་དོན་དེའི་ཐད་འབྲེལ་བ་བྱེད་སྐབས། ད་ལྟའི་ཆར་གནད་དོན་དེར་ལན་རྒྱག་མི་ཐུབ་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་རྒྱ་གར་གཞུང་གི་ཐག་གཅོད་དེར་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་དང་ཤེས་ཡོན་པ་སོགས་ནས་མོས་མཐུན་བྱེད་ཀྱི་མེད་པ་མ་ཟད། དགོས་མེད་དང་དཔྱད་ཞིབ་གང་ཡང་མ་བྱས་པའི་བྱ་སྤྱོད་ཅིག་ཡིན་སྟབས། དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་ཉེན་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༥ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. ཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅། ལྟོས་དང། རྒྱ་དམར་པོས་སྐྱག་རྫུན་ཤ་སྟག་བཤད་དེ་ཁྲིམས་མེད་ལུང་མེད་ཀྱི་ཐོག་ནས་བོད་པའི་གཞིས་ཆགས་ནང་རྗུལ་བ་ནི་
    སྐུ་མ་རེད། 

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese