མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དངོས་གྲུབ་རྡོ་རྗེ་ལགས་ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་དུ་བསྐོས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ལས་གཞིའི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་དུ་བསྐོས་ཏེ་སྣང་ས་ཆོས་སྒྲོན་ལགས་དྲིལ་བསྒྲགས་དྲུང་ཆེར་བསྐོས་འདུག

indexབོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ལས་གཞིའི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཏུ་བསྐོ་བཞག་གནང་ཡོད་འདུག

འདི་གའི་གསར་འགོད་པས་དངོས་གྲུབ་རྡོ་རྗེ་ལགས་སུ། ཁོང་གིས་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་ག་དུས་ཞུ་ཡི་ཡོད་མེད་དྲིས་པར། ང་རང་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བའི་གསལ་བསྒྲགས་དེ་ཐོན་ཚར་བ་རེད། ད་ལྟ་ཡིག་ཆ་ཁག་བཟོ་རྒྱུ་སོགས་ཕལ་ཆེར་ཟླ་བ་གཉིས་ལྷག་འགོར་གྱི་རེད་བསམ་གྱི་འདུག ཅེས་དང་། བཀའ་ཤག་གི་ལམ་སྟོན་ལྟར་ཁོང་ཕར་སོང་ནས་ལས་ཀ་རྩིས་ལེན་དང་ལས་མི་ངོ་སྤྲོད་སོགས་གནང་རྗེས། སྣང་ས་ཆོས་སྒྲོན་ལགས་ཚུར་ཕེབས་ཏེ་དྲིལ་བསྒྲགས་དྲུང་ཆེའི་ལས་འཁུར་ཞུ་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཁོང་གིས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ལས་གཞིའི་ཐོག་ལོ་ག་ཚོད་ལ་ཕྱག་ལས་གནང་ཡོད་པ་དང་། ལས་འགན་གཙོ་བོ་གང་གནང་ཡོད་དྲིས་པར། སྤྱིར་བཏང་ངས་བོད་མིའི་སྒྲིག་འཛུགས་ནང་ལོ་མང་པོར་ལས་ཀ་བྱས་ཡིན། འདི་ག་ལས་ཁུངས་སུ་ལས་ཀ་བྱས་ནས་ལོ་གཉིས་ལྷག་འགྲོ་བཞིན་ཡོད། ངའི་ལས་འགན་གཙོ་བོ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་གཞི་སྟེ། ཕྱི་རྒྱལ་གྱི་རོགས་ཚོགས་ཁག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རོགས་དངུལ་མང་པོ་གནང་གི་ཡོད་པ་རེད། ངས་ལས་གཞི་དེའི་ཐོག་འཆར་གཞི་བཟོ་རྒྱུ་དང་རོགས་དངུལ་འཚོལ་ཐབས། རོགས་ཚོགས་ཁག་ལ་འབྲེལ་གཏུག་བྱ་རྒྱུ་བཅས་ཀྱི་ཐོག་ལས་ཀ་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང་།

ཕྱི་རྒྱལ་གྱི་རོགས་ཚོགས་ཁག་གིས་བོད་མིའི་སྒྲིག་འཛུགས་ལ་ལོ་ལྟར་རོགས་དངུལ་འབོར་ཆེན་གཏོང་གི་ཡོད་ནའང་། འདི་ནས་ལས་ཁུངས་ཁག་གིས་རོགས་དངུལ་དེ་བཀོལ་སྤྱོད་མ་ཐུབ་པར་ཕྱིར་རོགས་ཚོགས་ཁག་ལ་གཏོང་གི་ཡོད་པའི་སྐད་ཆ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། འདིའི་ལས་ཁུངས་ཁག་གིས་རོགས་དངུལ་བཀོལ་སྤྱོད་མ་ཐུབ་པར་ཕྱིར་སློག་གི་ཡོད་པ་དེ་འདྲ་ཧ་ཅང་ཉུང་ཉུང་རེད། ཧ་ལམ་འདས་པའི་ལོ་ ༤༠ ནས་ ༥༠ ལྷག་རིང་ང་ཚོ་གཞན་གྱི་རོགས་རམ་ལ་བརྟེན་ནས་བསྡད་ཡོད་པ་དང་། ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ལ་བཏང་བའི་རོགས་དངུལ་དེ་དག་ཆུད་ཟོས་སུ་འགྲོ་གི་མེད་སྟབས། རོགས་ཚོགས་ཁག་གིས་མུ་མཐུད་རོགས་དངུལ་གཏོང་གི་ཡོད་པ་རེད། ཕྱི་རྒྱལ་གྱི་རོགས་ཚོགས་ཁག་གིས་བོད་མི་སྐྱབས་བཅོལ་བར་རོགས་དངུལ་གཏོང་བའི་ལས་གཞི་དེ་ཤུགས་ཆེན་པོ་ཞེ་དྲགས་རེད། ཡིན་ནའང་སྐབས་རེར་ཆར་གཞི་གཞིར་བཟུང་གིས་རོགས་དངུལ་བཀོལ་སྤྱོད་མ་ཐུབ་དུས། ཕྱིར་རོགས་ཚོགས་ཁག་ལ་རྩིས་སྤྲད་དེ་རོགས་དངུལ་དེ་དག་ལོ་རྗེས་མའི་ལས་གཞིའི་ཐོག་གཏོང་རོགས་ཞེས་སྐད་ཆ་དྲང་མོར་བཤད་ཀྱི་ཡོད། དེ་མིན་འཇོན་མི་འཇོན་གྱི་ལས་འཆར་ཚང་མའི་ཐོག་རོགས་དངུལ་བཏང་བ་ཡིན་ན། དེ་འགྲིག་གི་ཡོད་པ་མ་རེད། རོགས་དངུལ་དེ་དག་ཕྱི་གསལ་ནང་གསལ་བཟོ་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད། ང་ཚོ་འདི་གར་རང་དབང་ཅན་གྱི་རྩིས་ཞིབ་དོ་དམ་ཡོད་སྟབས། ང་ཚོས་ཁོང་ཚོར་རོགས་དངུལ་རྩིད་སྤྲོད་གནང་བ་དང་ཁོང་ཚོས་རྩིད་ཞིབ་གནང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༦ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 1

  1. པ་སངས་བླ་མ་ says:
    ལོ་ 10 སྔོན།

    ཕྱི་རྒྱལ་གྱི་རོགས་ཚོགས་ཁག་གིས་བོད་མི་སྐྱབས་བཅོལ་བར་རོགས་དངུལ་གཏོང་བའི་ལས་གཞི་དེ་ཤུགས་ཆེན་པོ་ཞེ་དྲགས་རེདབརྗོདའདུག། བ་ཡུལ་འཕགས་པ་ཤིང་ཀུན་བོད་མི་༢༠༠༠ལྷག་གནས་གཏང་ཧ་ལས་པའི་ཅོ་བོ་རེད། ཁ་མཐོར་མི་མང་དེ་མཚོ་བོད་གཞུང་འོག་ལ་རེད་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese