མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་དེབ་རྩོམ་སྒྲིག་བྱེད་ཕྱོགས་ལ་བསམ་ཚུལ་ཡོད་ན་ཤེས་རིག་ལ་འབུལ་རོགས་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ལས་ཁུངས་ནས་བཟོད་གསོལ་ཞུ་བ་དང་སྦྲགས་ཕྱི་རྒྱལ་གྱི་བོད་རིགས་བྱིས་པ་ཚོར་སློབ་དེབ་རྩོམ་སྒྲིག་གནང་ཕྱོགས་ལ་བསམ་ཚུལ་ག་རེ་ཡོད་ན་ཡིག་ཐོག་ནས་ཤེས་རིག་ལས་ཁུངས་ལ་འབུལ་རོགས་ཞེས་འབོད་སྐུལ་གནང་འདུག

13872426_1085337344881682_1737366386_nཉེ་སྔོན་ཤེས་རིག་ལས་ཁུངས་ནས་གཏན་འབེབས་ཀྱིས་འགྲེམས་སྤེལ་གནང་བའི་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་གསུམ་གྱི་ནང་། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་མི་མཐུན་ཞིང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མཐོང་ཐོས་དཀོན་པའི་ཚིག་གྲུབ་དང་ཚིག་གསར་གང་འཚམ་ཐོན་པར་བརྟེན། སྤྱི་ཚོགས་དྲ་ལམ་ཁག་ཏུ་ལབ་གླེང་ཆེན་པོ་འབྱུང་བཞིན་ཡོད་སྟབས། དེ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་དང་འབྲེལ་བའི་གསལ་བཤད་དོན་གནད་ ༦ དུ་དབྱེ་བ་ཞིག་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་བཀོད་འདུག

དེ་ཡང་གསལ་བཤད་ནང་། བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་གི་འབྲེལ་ཡོད་དགེ་རྒན་རྣམས་ནས། སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་རགས་ཟིན་བཟོ་འགོད་བྱས་ཡོད་ཅིང་། སྔོན་འགྲོ་དང་། འཛིན་རིམ་དང་པོ། འཛིན་རིམ་གཉིས་པ་བཅས་ཀྱི་སློབ་དེབ་འདི་ལས་ནས་གཏན་འབེབས་ཟིན་ཏེ། ཉེ་ཆར་པར་སྐྲུན་དང་འགྲེམས་སྤེལ་བྱས་ཡོད། གོང་གསལ་སློབ་དེབ་ཁག་ཕྱི་ལོ་༢༠༡༤ ཟླ་༨ ཚེས་༡༥ ནས་༡༧ བར་ཉིན་གསུམ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་བསྐོང་ཚོགས་བྱས་པའི་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་གྲྭའི་ཚོགས་འདུའི་གྲོས་ཆོད་ཀྱི་སྔོན་གླེང་ནང་“༢༠༡༢ ནང་བསྡུ་བསྐོང་བྱས་པའི་ཚོགས་འདུ་གཉིས་པའི་ཐོག་སྔོན་འགྲོ་དང་འཛིན་རིམ་དང་པོ། འཛིན་རིམ་གཉིས་པ་ལས་གྲུབ་པའི་ཚན་པ་དང་པོ། འཛིན་རིམ་གསུམ་པ་དང་བཞི་པ། ལྔ་པ་གསུམ་ལས་གྲུབ་པའི་ཚན་པ་གཉིས་པ། འཛིན་རིམ་དྲུག་པ་དང་། བདུན་པ། བརྒྱད་པ་གསུམ་ལས་གྲུབ་པའི་ཚན་པ་གསུམ་དུ་དབྱེ་ཐོག ཚན་པ་དང་པོའི་དམིགས་ཚད་གཙོ་བོ་སློབ་མ་ཚོས་བོད་སྐད་རྒྱག་ཐུབ་པ་ཞིག་དང་། ཚན་པ་གཉིས་པའི་དམིགས་ཚད་བོད་ཡིག་ཀློག་ཐུབ་པ། ཚན་པ་གསུམ་པའི་དམིགས་ཚད་འབྲི་ཀློག་གཉིས་ཀ་ཡོང་ཐབས་འབད་བརྩོན་ཞུ་རྒྱུ།” ཞེས་གསལ་བ་ལྟར། གོང་གསལ་དམིགས་ཚད་གཙོ་བཟུང་གིས། རྩོམ་སྒྲིག་དང་རགས་ཟིན་བཟོ་འགོད་བྱས་ཡོད། ཅེས་བཀོད་འདུག

གསལ་བཤད་ནང་མུ་མཐུད། ཤེས་རིག་ལས་ཁུངས་ནས་སྔ་ཕྱིར་གཞི་རིམ་སློབ་གྲྭ་ཁག་གི་བོད་ཀྱི་སྐད་ཡིག་སློབ་དེབ་གཙོས། སློབ་དེབ་མང་དག་ཅིག་རྩོམ་སྒྲིག་དང་འདོན་སྤེལ་ཞུས་ཡོད་ཅིང་། སློབ་དེབ་དེ་དག་བོད་ཀྱི་རིག་གཞུང་དང་། བརྡ་སྤྲོད་ཀྱི་རྣམ་གཞག་དང་མཐུན་པར་རྩོམ་སྒྲིག་བྱས་ཡོད། དེ་ལྟར་ཡང་། ད་ཡོད་བོད་ཀྱི་སྐད་ཡིག་སློབ་དེབ་རྣམས་བྱང་ཨ་རིས་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་གི་གཟའ་མཇུག་སློབ་གྲྭའི་འཛིན་གྲྭའི་ཚོགས་དུས་དང་། སློབ་མའི་གནས་ཚད་ལ་ལྟོས་ནས། ཐད་ཀར་བེད་སྤྱོད་གཏོང་ཐབས་མེད་པའི་དངོས་ཡོད་གནས་ཚུལ་ལ་བརྟེན། བོད་ཀྱི་སྐད་ཡིག་དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་མི་བྱེད་ཐབས་མེད་དུ་གྱུར་ཡོད། དེར་བརྟེན་གོང་གསལ་ཚོགས་འདུའི་དགོངས་དོན་དང་། སློབ་ཕྲུག་དེ་དག་ལ་དངོས་སུ་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་རྣམ་པའི་ལོ་མང་གི་ཉམས་མྱོང་ལ་བརྟེན་ནས་རགས་ཟིན་བཟོ་འགོད་བྱས་པར། འདི་ལས་ནས་གཙིགས་ཆེར་བཟུང་ཏེ་གཏན་འབེབས་བྱས་པ་ཡིན།

གོང་གསལ་གཏན་འབེབས་བྱས་པའི་སློབ་དེབ་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཆེད་བརྗོད་ནང་། “སློབ་དེབ་རྣམས་སྤུས་ཚད་དང་ལག་ལེན་དངོས་ནང་ཚད་ལྡན་ཡོང་ཆེད་ལོ་གཅིག་རིང་ཚོད་ལྟའི་ཐོག་ནས་བེད་སྤྱོད་བྱ་རྒྱུ་དང་། སློབ་དེབ་ཀྱི་བརྗོད་བྱ་དང་། རྗོད་བྱེད། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་། ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་གནང་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཅི་ཆེར་ཞུ་བཞིན་ཡོད།” ཅེས་གལ་ཆེ་དོན་ཆེན་དུ་བརྩིས་ནས་བཀོད་ཡོད་ཀྱང་། སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བསམ་ཚུལ་འདོན་པ་ཙམ་ལས། ཤེས་རིག་ལས་ཁུངས་སུ་དེ་འབྲེལ་གྱི་ཡིག་ངག་གང་རུང་ནས་བསམ་ཚུལ་འབུལ་མཁན་གཅིག་ ཀྱང་མ་བྱུང་། ད་ལན་གསལ་བཤད་འདི་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་སླར་ཡང་ཞུ་རྒྱུར། བོད་ཀྱི་སྐད་ཡིག་དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་ཁྲིད་ཐབས་ཀྱི་བསླབ་གཞི་དང་། སློབ་ཁྲིད་ཐབས་ལམ། སློབ་དེབ་རྩོམ་སྒྲིག་བྱ་ཕྱོགས་སོགས་ལ་དགོངས་འཆར་གང་ཡོད། འདི་ལས་སུ་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་དང་། མཇུག་ཏུ་གོང་གསལ་སློབ་དེབ་ཁག་གི་ནང་དག་ནོར་ཁག་ཅིག་བྱུང་འདུག་པར་བཟོད་གསོལ་དང་སྦྲགས་བཅོས་སྒྲིག་གིས་མཐའ་མའི་གཏན་འབེབས་སྐབས་དེ་རིགས་མི་ཡོང་བ་གཙོ་འདོན་གནང་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༤ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༧ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 6

  1. རྡོ་སེངྒེ། says:
    ལོ་ 10 སྔོན།

    ཤེས་རིག་ལས་ཁུངས་ཀྱིས་ད་བར་དུ་དཔེ་དེབ་ནོར་སྐྱོན་མེད་པ་ཞིག་དཔར་བསྐྲུན་གནང་མྱོང་ཡོད་མ་རེད།

    ང་ཚོ་ཡི་གེ་ལ་བསྟུན་དགོས་པ་རེད་ལ། ཡི་གེ་ང་ཚོར་བསྟུན་དགོས་པ་རེད།

    གསལ་པོར་ཞུས་ན། ང་ཚོས་བོད་ཡིག་སྦྱོང་གི་ཡོད་རེད་ལ། བོད་ཡིག་གིས་ང་ཚོ་སྦྱོང་གི་ཡོད་རེད།

    Reply
  2. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    ཨ་རིའི་ཀུན་གླེང་བརྙན་འཕྲིན་ལས་ཁུངས་ནས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་སུ་ཀློག་དེབ་དེའི་སྐོར་བགྲོད་གླེང་གནང་སྐབས་ཚེ་རིག་བསམ་གྲུབ་ལགས་ཀྱིས་ནོར་སྐྱོན་ཡོད་པ་ཤེས་བཞིན་དུ་རང་ཉིད་ཀྱི་ནོར་འཁྲུལ་ཁས་ལེན་མ་བྱས་པ་དེ་དྲང་པོར་ཞུས་ན་གནས་ཚུལ་ཚབས་ཆེན་རེད། མི་སུ་དང་སུ་ཡིན་རུང་ནོར་འཁྲུལ་བཟོ་སྲིད་པ་རེད། ནོར་སྐྱོན་བཟོས་ཚར་རྗེས་རང་ཉིད་ཀྱིས་ནོར་འཁྲུལ་ཁས་ལེན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

    Reply
  3. དཀར་མེ། says:
    ལོ་ 10 སྔོན།

    ཤེས་རིག་ལས་ཁུངས་ལ་བསམ་ཚུལ་འབུལ་མཁན་མ་བྱུང་བ་མ་རེད། དེབ་དེ་ཆ་ཤས་ཤིག་ངོ་དེབ་དང་། ཀུན་གླེང་ལས་མཇལ་བ་ཙམ་ལས། དེབ་དེ་ཡོངས་ཁྱབ་སྤྱི་ཚོགས་ཐོག་འབྱོར་མེད། སོང་ཙང་གླེང་བརྗོད་ནང་གི་ཚིག་དེ་ཚོ་མཐོང་མེད་མཁན་ཧ་ཅང་མང་། རྒྱུ་རྐྱེན་དེ་རེད་པ།

    Reply
  4. འབོར་བློ་རྒྱམ། says:
    ལོ་ 10 སྔོན།

    ཤེས་རིག་ལས་ཁུངས་བོད་ཕྱི་ནང་གཉིས་ཀྱི་ཚབ་མཚོན་གྱི་གཞུང་ཞིག་ཡིན་ན་དཔེ་དེབ་དང་པོ་བཟོ་དུས་ནས
    བོད་ཀྱི་བརྡ་སྤྲོད་གཞུང་དང་མཐུན་པ་ཞིག་བཟོ་དགོས་རེད། ད་རུང་ཧམ་བཤད་དང་ཁྲམ་སྐད་
    ཞིག་གི་སྐྱོན་ཆ་འགེབས་སྲུང་བྱེད་བཞིན་པ་ནི་གཞུང་ཟེར་ན་བློ་གཏད་དཀའ་བའི་གནས་སུ་བསྐྱལ་བ་རེད།
    ཨ་རི་ན་བསླབ་དེབ་ཙམ་ཡང་བཟོ་མི་ཐུབ་པའི་བོད་མི་མེད་སོང་བ་མ་རེད།
    འདི་བོད་མི་དམངས་ལ་མཐོང་ཆུང་དང་སྐད་ཡིག་གི་སྲོག་རྩ་བཅད་པའི་ནག་ཉེས་ཆེ་ཤོས་ཞིག་རེད།
    འདི་ཚོ་ལ་ངོ་ཚ་དང་འགན་འཁུར་འདི་ཙམ་ལས་མེད་ན་བོད་ལ་རེ་བ་མེད་པས་ཏན་རྟགས་ཞིག་རེད།

    Reply
  5. ཚེ་རིང་ཟླ་བ། says:
    ལོ་ 10 སྔོན།

    དགའ་བསུ་ཞུ། ང་ཚོའི་སྤྱི་ཚོགས་ནི་སྐྱོན་བརྗོད་བྱེད་པར་དགའ་ཞིང་། ལྷག་པར་དུ་རང་དང་ཡུལ་ཕྱོགས་སོགས་མ་གཅིག་པ་ཞིག་སྒང་ལ་ཡོད་ན་དེ་ཉིད་ནག་པོ་བཟོ་ཐབས་ལ་འབད་པ་དེ་རེད། དེ་དག་དང་ལྷན་དུ་དགྲ་ཟླ་རྣམས་ཀྱིས་ཀྱང་གོ་སྐབས་ལེན་བཞིན་ཡོད། དཔེར་ན་ད་རེས་ཀྱི་གནས་ཚུལ་འདི་དྲྭ་ལམ་དུ་ཐོན་པ་དང་། བོད་ཡིག་ཐ་ཐོར་ལས་འབྲི་མི་ཤེས་པ་ཕལ་ཆེ་བས་། ཧང་སངས་ཧོན་ཐོར་བྱེད་ཁུལ་དང་། རང་ཉིད་ཀྱིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་འགན་ཤིན་ཏུ་ཆེན་པོ་ལེན་གྱི་ཡོད་མདོག་སྟོན་སོང་ལ། དེ་དག་གི་རྒྱབ་ཏུ་དམིགས་ཡུལ་གཞན་ཡོད་པ་འགའ་རེས་ཕུ་བརྒྱབ་སྟེ། ཆོལ་ཁ་གང་རུང་གི་ཕལ་སྐད་ཟེར་བ་དང་། འགོ་འཛིན་ཆོལ་ཁོངས་དེ་ནས་ཡིན་སྟབས་ཟེར་བ་སོགས་ཀྱིས་དྲྭ་ལམ་རྫོབ་རོར་གྱུར་སོང་། ད་ཁྱོད་ལ་དོན་དམ་པའི་ལྷག་བསམ་དང་། བློ་འཚབ་ཡོད་ན་ཐད་ཀར་ཤེས་རིག་གི་འབྲེལ་ཡོད་ལས་བྱེད་དང་གོ་བསྡུར་རམ། བསམ་འཆར་འབུལ་རོགས། དེ་མིན་ཆོལ་ཁ་གང་རུང་ངམ། འགོ་ལས་གང་རུང་གི་རྐང་པ་གཅོག་ཐབས་ལ་མ་བརྩོན་རོགས།

    Reply
  6. ཀླུ་སྨྱོན་པ། says:
    ལོ་ 10 སྔོན།

    སློབ་དེབ་དེའི་མཐོང་བའི་སྐབས་དེར་སེམས་ལ་དངངས་སྐྲག་སྐྱེས་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese