མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རིག་པའི་དཔྱད་གླེང་ཚོགས་འདུ་སྐབས་དྲུག་པ་ཚོཊ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་སྐབས་དྲུག་པའི་ཐོག་ཕྱི་ནང་གི་མཁས་དབང་ ༣༢༥ མཉམ་ཞུགས་གནང་ཡོད་འདུག

unnamedབོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་གཙོ་གཉེར་བྱེད་བཞིན་པའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་སྐབས་ ༦ པ་དེ། ཟླ་འདིའི་ཕྱི་ཚེས་ ༢ ནས་ ༤ བར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དུ་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་གྲོས་ཚོགས་སྟེང་བོད་རྒྱ་གཉིས་ཀྱི་མཁས་དབང་ ༢༡༦ དང་ཕྱི་རྒྱལ་གྱི་མཁས་དབང་ ༡༠༩ བཅས་ཁྱོན་བོད་རིག་པའི་མཁས་དབང་ ༣༢༥ འཛོམས་ཡོད་འདུག

ཚོགས་འདུ་དབུ་འཛུགས་ཐོག་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་ཀྲང་དབྱི་ཅུང་དང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཡུའུ་ལུའོ་ཕིང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་པདྨ་རྣམ་རྒྱལ་གསུམ་གྱིས་བོད་རིག་པའི་དཔྱད་གླེང་ཚོགས་འདུ་སྐབས་དྲུག་པ་དང་འབྲེལ་བའི་གཏམ་བཤད་གནང་ཡོད་འདུག

ཐེངས་འདིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུའི་ཐོག་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཁག་དང་འབྲེལ་བའི་དེང་རབས་ཆབ་སྲིད་དང་སྤྱི་ཚོགས་འཕོ་འགྱུར། དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར། “རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་བྱས་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་སོགས་ཀྱི་ཐད་དཔྱད་གླེང་བྱེད་བཞིན་ཡོད་པ་མ་ཟད། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆེད་དོན་འགྲེམས་སྟོན་ལ་གཟིགས་ཞིབ་དང་། མི་རིགས་ཀྱི་ལོ་རྒྱུས་དངོས་མཚོན་པའི་ཆེད་དོན་གློག་བརྙན་<<མི་ཡུལ་གྱི་དག་ཞིང་>>ཞེས་པ་གཟིགས་འབུལ་ཞུས་ཡོད་པ་དང་། དེ་བཞིན་མིང་དང་ཆིང་རྒྱལ་རབས་ནས་བཟུང་པེ་ཅིན་དང་སོག་པོའི་ས་ཁུལ་གྱི་བོད་ཡིག་ཚད་ལྡན་ཡིག་ཆ་ཁག་འགྲེམས་སྟོན་གནང་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བའི་ཐོག རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་ནི་ཕྱི་ལོ་ ༡༩༩༡ ལོ་ནས་འཚོགས་མགོ་བརྩམས་ཏེ་ད་བར་ཐེངས་ ༥ ལ་ཚོགས་ཡོད་པ་དང་། འདས་པའི་མི་ལོ་ ༢༥ རིང་དཔྱད་གླེང་ཚོགས་འདུའི་གཞི་རྒྱ་རིམ་བཞིན་རྒྱ་སྐྱེད་བཏང་བ་དང་། རིག་ གཞུང་ཆུ་ཚད་མཐོ་རུ་ཕྱིན་པ། རིག་གཞུང་གྲུབ་འབྲས་ཟམ་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ། ཆ་འཕྲིན་སྤེལ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། དཔྱད་གླེང་བྱ་གཞི་རྒྱུན་ཆད་མེད་པར་མང་དུ་སོང་བ། ཞིབ་འཇུག་ཁྱབ་ཁོངས་ཟམ་མ་ཆད་པར་རྒྱ་བསྐྱེད་པ། ཚོགས་འདུའི་རིག་གཞུང་ཚན་ཁག་གི་ཚོགས་ཆུང་བགོ་སྟངས་ཉིན་བཞིན་ཞིབ་ཏུ་གྱུར་པ་བཅས་ཀྱིས་རིག་གཞུང་ལས་རིགས་དང་སྤྱི་ཚོགས་ལས་རིགས་ཁག་ གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱས་ཡོད་པ་མ་ཟད། རྒྱལ་སྤྱི་ཐོག་རང་རྒྱལ་སྲིད་གཞུང་གི་བོད་སྐྱོང་སྲིད་ཇུས་དང་བོད་ལྗོངས་ལ་ངོས་འཛིན་ནོར་འཁྲུལ་བྱས་ཚུལ་ཡོ་བསྲང་བྱས་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོབ་བྱུང་།

ཆུ་ཚོད་ ༡ སྔོན་ལ།
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

ཆུ་ཚོད་ ༢ སྔོན་ལ།
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

ཆུ་ཚོད་ ༤ སྔོན་ལ།
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist