མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་མགོ་གཅིག་ལྕོགས་ཀརྨ་དར་རྒྱས་ལགས་གནས་སྤོར་མ་གཏོང་རོགས།

བོད་ཀྱི་དུས་བབ།
༢༠༡༦/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ཁམས་ཀཿཐོག་དང་ཀུམ་རའོ་སྒ་པ་གཞིས་ཆགས་གཉིས་ཀྱི་འཐུས་མི་བདུན་ནང་སྲིད་ལས་ཁུངས་སུ་ཆེད་བཅར་གྱིས་གཞིས་མགོ་གཅིག་ལྕོཊ་ཀརྨ་དར་རྒྱས་ལཊ་གནས་སྐབས་རིང་གནས་སྤོར་མི་གཏོང་བའི་རེ་སྐུལ་ཞུས་འདུག

13988760_1091061474309269_533098149_n དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་ཁམས་ཀཿཐོག་གཞིས་ཆགས་མི་མང་གི་འཐུས་ཚབ་གསུམ་དང་ཀུམ་རའོ་སྒ་པ་གཞིས་ཆགས་མི་མང་གི་འཐུས་མི་བཞི་བཅས་ཁྱོན་འཐུས་ཚབ་བདུན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གི་སར་ཆེད་བཅར་གྱིས། ད་ལྟའི་གཞིས་མགོ་གཅིག་ལྕོགས་ཀརྨ་དར་རྒྱས་ལགས་ལོ་ཕྱེད་རིང་གནས་སྤོར་མི་གཏོང་བའི་རེ་སྐུལ་ཞུས་ཡོད་པ་དང་། དེའི་སྐོར་ནས་ནང་སྲིད་བཀའ་བློན་མཆོག་གིས་གསར་འགོད་པར་བརྗོད་དོན། ཁོ་ཚོ་འདིར་བཅར་དགོས་པའི་གནད་དོན་གཙོ་བོ་དེ། བར་ལམ་བཀའ་ཤག་ལ་ཞུ་གཏུག་དམིགས་བསལ་མང་པོ་བྱུང་བའི་ནང་ནས་སྤྱི་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གོམ་གཤིས་དེ་ཅུང་ཚགས་ཚུད་གཏོང་ཐུབ་ན་བསམ་པའི་དགོངས་པ་གཅིག་དེ་རེད། དེ་ཚགས་ཚུད་གཏོང་བར་གཞིས་ཆགས་ཁག་གི་ས་གནས་མགོ་འཛིན་དེ་གཞུང་གི་ངོ་བོ་མཚོན་ཐུབ་པའི་མི་ཞིག་དགོས་ཀྱི་ཡོད་པ་ཡིན་དུས། དེ་དངོས་གནས་དྲང་གནས་ཅུང་རྒན་པ་ཞིག་དང་མི་མང་གི་བདེ་སྡུག་ལ་ཉན་ཐུབ་མཁན་ཞིག དེ་ཙམ་མ་ཡིན་པར་དཀའ་ངལ་སེལ་ཐབས་སུ་སོ་སོའི་ནུས་པའི་ཐོག་ནས་ས་གནས་ས་ཐོག་ཏུ་དཀའ་ལས་བརྒྱབ་ཏེ་ཅུང་གདོང་ལེན་བྱེད་ཐུབ་མཁན་ཞིག་དགོས་པ་དེ་ང་ཚོས་གལ་ཆེན་པོར་རྩི་ཡི་ཡོད། དེར་བརྩིས་པ་གཞིར་བཟུང་གིས་ཉེ་ཆར་ས་གནས་མགོ་འཛིན་ལ་ཅུང་ཕར་ཚུར་གྱུར་བ་འགྲོ་ཡི་ཡོད་པ་རེད། ཁ་ཤས་དཔེར་ན་རྒན་གཡོལ་ཕེབས་པ་དང་ཁ་ཤས་རྩ་དགོངས་ཞུས་པའི་རིགས། ཁ་ཤས་རང་མོས་ཀྱིས་གནས་སྤོར་ཞུས་པ་དེ་འདྲའི་རིགས་ཕྲ་ལ་ཕྲན་བུ་བྱུང་བ་ཡིན་དུས། ད་རེས་ས་གནས་མགོ་འཛིན་ཁག་ཅིག་དེ་བཞིན་དུས་གཅིག་ལ་ས་གནས་ཁག་ཡར་མར་གཏོང་བའི་ལས་རིམ་ཞིག་ཕྱིན་པ་རེད། དེའི་ནང་གསེས་ལ་ད་ལྟ་ཁམས་ཀཿཐོག་དང་ཀུམ་རའོ་གཞིས་ཆགས་ཀྱི་གཞིས་མགོ་གཅིག་ལྕོགས་ཀརྨ་དར་རྒྱས་ལགས་གནས་སྤོར་འགྲོ་བའི་ནང་ཚུད་བསྡད་ཡོད་པ་རེད། ཁོ་རང་ཚོ་འདིར་བཅར་ནས་ཞུ་རྒྱུ་དེ་ཁོང་ཕ་གིར་ཞེ་དྲགས་འཇོན་པོ་ཡག་པོ་ཡོད་སྟབས། ལོ་ཕྱེད་ཅིག་ལ་མུ་མཐུད་འཇོག་རོགས་གནོངས་ཞེས་གནད་དོན་གཙོ་བོ་དེ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད། ང་ཚོ་གཞུང་གི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་དེ་རིང་ཤེས་རིག་ཏུ་ཡོད་ན་སང་ཉིན་འཕྲོད་བསྟེན་ལ་བསླེབ་སྲིད་པ་དང་། སང་ཉིན་འཕྲོད་བསྟེན་དུ་ཡོད་ན་གནངས་ཉིན་ཆོས་རིག་ལ་འགྲོ་བའི་གནས་སྤོར་འདྲ་བོ་རང་བཞིན་གྱིས་ཆོས་ཉིད་ཡིན་དུས། གནས་སྤོར་གཅིག་དེ་ལྟར་བཏང་བ་རེད། ད་རེས་ང་ཚོས་བཀའ་ཤག་ལ་བཀའ་བསྡུར་མང་པོ་གནང་ནས་མི་ཁོ་རང་གི་གནས་སྟངས་དང་ས་གནས་གང་བཀོད་ལ་གཞིགས་ཏེ་གནས་སྤོར་བཏང་བ་རེད། གནས་སྤོར་གསལ་བསྒྲགས་བཏང་བ་གཞིར་བཟུང་གིས་འགྲོ་ཐུབ་ན་ཡག་གི་རེད། གང་ཡིན་ཟེར་ན། གསར་བསྒྲགས་བཏང་ཚར་བའི་རྗེས་ལ་ང་ཚོས་ཕྱིར་འཐེན་བྱེད་པའི་ལམ་ལུགས་དེ་དེ་སྔར་ཡོད་པ་མ་རེད་ལ། དེ་བཟོས་པ་ཡིན་ན་ཏག་ཏག་བསྡད་ཀྱི་ཡོད་པ་མ་རེད། ཕ་གའི་ས་གནས་མགོ་འཛིན་རྙིང་པ་ཐོན་འགྲོ་གི་ཡོད་པ་དང་། གནས་སྤོར་གྱི་ཚབ་ཏུ་གསར་པ་བསླེབ་པ་དེ་ཕ་གའི་མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་བྱེད་ཐུབ་མཁན་དང་དཀའ་ལས་རྒྱག་ཐུབ་མཁན་ལས་བྱེད་ཅིག་གཏོང་གི་རེད་མ་གཏོགས། ས་གནས་མགོ་འཛིན་ཟེར་བ་དེ་ས་གནས་གཞིས་ཆགས་སོ་སོའི་ནང་གི་མི་མང་གི་བདེ་སྡུག་ལ་ཉན་ཐུབ་མཁན་དང་། དེའི་དཀའ་ངལ་སེལ་ཐུབ་མཁན་གྱི་མི་ཞིག་གཞུང་གི་སྐུ་ཚབ་ཏུ་གཏོང་གི་ཡོད་པ་རེད། དེ་གོ་ཆོད་པ་ཞིག་དང་ཐུགས་ཕན་གསོ་བ་ཞིག་བཀའ་ཤག་གིས་འཆར་གཞི་གྲོས་གཞི་བཏང་བ་གཞིར་བཟུང་གིས་འགྲོ་ཐུབ་ན་ཡག་གི་རེད། དེར་བརྟེན་ཁྱེད་རང་ཚོས་སེམས་ཁྲལ་གང་ཡང་བྱེད་དགོས་ཀྱི་ཡོད་པ་མ་རེད། ཕ་གའི་ཚབ་ཏུ་སུ་སླེབས་པ་ཡིན་ན། ཚབ་ཏུ་སླེབ་མཁན་དེས་ཁྱེད་རང་ཚོ་མི་མང་གི་དཀའ་ངལ་ལ་ཉན་ཐུབ་མཁན་དང་དཀའ་ངལ་སེལ་ཐུབ་པའི་མི་ཞིག་ང་ཚོས་འཆར་གཞི་གྲོས་གཞི་བཏང་བ་གཞིར་བཟུང་ཁོ་རང་ཕ་གིར་བསླེབས་ནས་ཕྱག་ལས་གནང་གི་རེད། མི་མ་བསླེབ་གོང་ནས་འདི་ལྟར་བྱས་བསྡད་པ་ཡིན་ན་རང་བཞིན་གྱིས་སེམས་ཤུགས་ཆགས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་དུས། དེ་མ་གནང་ན་ཡག་གི་རེད། འཛིན་སྐྱོང་ནས་གང་བཀོད་སྒྲིག་བྱས་ཡོད་པ་དེར་ཁོ་རང་གིས་དགོངས་པ་བཞེས་ནས་འགྲོ་ཡི་ཡོད་དུས། ཁོ་རང་ལམ་གྱི་སྒང་ལ་ཤར་རྒྱག་ལ་འགྲོ་ཐུབ་ན་ཡག་གི་རེད་ཅེས་ངས་ཁོ་རང་ཚོར་དེ་ལྟར་ལམ་སྟོན་ཞུས་ཡོད། ཅེས་གསུངས་སོང་།

13936799_1091061670975916_495211695_nགསར་འགོད་པས་གཞིས་ཆགས་མི་མང་གི་འཐུས་ཚབ་ཚོར། ད་ལྟའི་གཞིས་མགོ་ཀརྨ་དར་རྒྱས་ལགས་གནས་སྤོར་གཏོང་འདོད་མེད་པའི་རྒྱུ་མཚན་གཙོ་བོ་གང་ཡིན་དྲིས་པར། ད་ལྟའི་གཞིས་མགོ་ཀརྨ་དར་རྒྱས་ལགས་གནས་སྤོར་གཏོང་འདོད་མེད་པའི་རྒྱུ་མཚན་གཙོ་བོ་ནི། ད་ལྟ་འགྲོ་བཞིན་པའི་ཀུམ་རའོ་གཞིས་གྲོང་གི་ཕྱིའི་རྭ་བ་དང་སྡོད་ཁང་། གློག་དང་གཞུང་ལམ་སོགས་གསར་བཟོའི་ལས་གཞི་དང་། དེ་བཞིན་ཁམས་ཀཿཐོག་གཞིས་ཆགས་ཀྱི་མགྲོན་ཁང་དང་རྩེད་ཐང་གསར་རྒྱག་གི་ལས་གཞི་བཅས་ལ་བརྟེན་ནས། ས་གནས་མི་མང་གིས་ད་ལྟའི་གཞི་མགོ་ཀརྨ་དར་རྒྱས་ལགས་མ་འོངས་ལོ་ཕྱེད་རིང་གནས་སྤོར་མི་གཏོང་བའི་རེ་འདུན་ཞུས་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༥ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༨ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese