མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་ལ་བཙན་གྱིས་གཏོར་བཤིག་བཏང་བ་དང་རྒྱའི་སུན་གཙེར་ལ་མ་བཟོད་པར་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་རང་སྲོག་བཅད་པར་གདུང་སེམས་མཉམ་སྐྱེད་གནང་སོང་།

unnamed དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ པའི་སྟེང་དྷ་ས་མེག་གྷན་སྲང་ལམ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དྷ་ས་གཞོན་ལྷན་གཉིས་ཀྱི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་བཙན་དབང་གི་སྒོ་ནས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཞིན་པའི་གནས་སྟངས་དང་འབྲེལ་ཏེ་བཙུན་མ་རིག་འཛིན་སྒྲོལ་མས་རྒྱ་གཞུང་གི་སུན་གཙེར་ལ་མ་བཟོད་པར་རང་སྲོག་དོར་བའི་གནས་སྟངས་བཅས་ལ་གདུང་སེམས་མཉམ་སྐྱེད་མཚོན་པའི་མར་མེ་ཁྲོམ་སྐོར་གནང་སོང་ལ། ཚོགས་ཐོག་ཏུ་དྷ་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་འཛོམས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དྷ་ས་གཞོན་ལྷན་གཉིས་ཐུན་མོང་གིས་བོད་དབྱིན་སྐད་ཡིག་གཉིས་ཀྱི་ཐོག་ནས་གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆ་ཁག་ཅིག་བཀྲམ་པའི་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། རྒྱ་ནག་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་ལས་དོན་ཐད་འདྲ་ཆགས་ཆགས་ཀྱི་གསལ་བཤད་བཟོས་པ་དེ་ནི་རྒྱུ་མཚན་ཁུངས་ལུང་ཅི་ཡང་མེད་ལ། རྒྱ་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་སྐབས་སེམས་ནང་ས་གནས་མི་མང་དང་གྲྭ་བཙུན་ཚོའི་བདེ་སྡུག་གང་ཡང་མེད། བོད་མི་སྟོང་ཕྲག་མང་པོ་བཙན་གྱིས་གནས་སྤོར་གཏོང་བའི་སྲིད་ཇུས་དེ་ནི་རྒྱ་ནག་སྲིད་གཞུང་གི་འཕེལ་རྒྱས་དང་ཁེ་ཕན་སྒྲུབ་ཐབས་ཉག་ཅིག་ཡིན་སྟབས། ངས་འཛམ་གླིང་གི་དབུ་ཁྲིད་ཚོ་དང་རྒྱལ་སྤྱིའི་མང་ཚོགས་ལ་བྱ་སྤྱོད་དེར་ཉེས་འཛུགས་བྱེད་དགོས་པའི་ཞུ་བ་དང་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོའི་གདུག་རྩུབ་མནར་གཅོད་གྱི་ལས་གཞི་དེ་དག་ལ་ཁག་འགན་བཟོ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ང་རང་བོད་དོན་ལས་འགུལ་བ་ཞིག་ཡིན་པའི་ངོས་ནས། བོད་ནང་དུ་འབྱུང་བཞིན་པ་འདི་ལྟ་བུའི་དྲང་བདེན་མིན་པའི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཞེས་བརྗོད་འདུག

དྷ་ས་གཞོན་ལྷན་གྱི་ཚོགས་གཙོ་དབང་ལྡན་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་དགོས་པའི་ཐད་ལ་དགོན་པའི་མི་འབོར་མང་དྲགས་པ་སོགས་ཀྱི་རྒྱུ་མཚན་བཤད་བཞིན་ཡོད། དེ་འདྲ་ཡིན་ན། རྒྱ་ནག་ནི་འཛམ་གླིང་སྟེང་གི་མི་འབོར་ཆེས་ཤོས་ཡིན་པ་ལྟར། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་མི་འབོར་གྱིས་འཚང་ཁ་ཐེབས་བཞིན་ཡོད། དེས་ན་དེ་ཚོ་ཚང་མ་ཕྱིར་ཕུད་དང་ཁོ་ཚོའི་སྡོད་ཁང་གཏོར་བཤིག་མི་གཏོང་བར། བོད་ཁུལ་གཅིག་པུར་བཙན་དབང་གི་སྲིད་ཇུས་དེ་འདྲ་ཞིག་ལག་བསྟར་བྱེད་དོན་ཅི་ཡིན། རྒྱ་ནག་གཞུང་གིས་ནམ་རྒྱུན་མི་རིགས་འདྲ་མཉམ་དང་ཁྲིམས་ལུགས་གཅིག་གྱུར་ཡིན་ཚུལ་བསྒྲགས་ཡོད་པ་མིན་ནམ། དེས་ན་འདྲ་མཉམ་དེ་གང་དུ་ཡོད་དམ། རྩ་ཁྲིམས་རང་བཞིན་གྱི་བོད་མིའི་ཐོབ་ཐང་གང་དུ་ཕྱིན་པ་རེད། ཅེས་བརྗོད་འདུག

མར་མེ་ཁྲོམ་སྐོར་གྱི་མཇུག་ཏུ། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། བོད་དབྱིན་ཧིན་གསུམ་གྱི་སྐད་ཐོག་ནས། ང་ཚོས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལ་གཞིགས་ཏེ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱ་ནག་གཞུང་གི་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། མར་མེ་ཁྲོམ་སྐོར་ཐོག་མཉམ་ཞུགས་གནང་མཁན་བོད་དོན་རྒྱབ་སྐྱོར་བ་ཚོས་འདས་ཟླའི་ཚེས་ ༢༠ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་གི་བསྟི་གནས་བླ་རུང་ཆོས་སྒར་བཙན་གྱིས་གཏོར་བཤིག་གཏོང་བཞིན་པ་དང་འབྲེལ་ཏེ། བཙུན་མ་རིག་འཛིན་སྒྲོལ་མས་རྒྱ་ནག་གཞུང་གི་སུན་གཙེར་ལ་མ་བཟོད་པར་རང་སྲོག་དོར་བའི་དངོས་ཡོད་གནས་ཚུལ་དེ་འཛམ་གླིང་མི་མང་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་པ་བརྒྱུད། བོད་མིའི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese