མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རང་བཙན་ཉིན་མོའི་རྣམ་པ་གསར་བ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་རྒྱ་གར་རང་བཙན་གྱི་ཉིན་མོར་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ཁུལ་དུ་གནས་སྡོད་བོད་པའི་སློབ་ཕྲུག་ཁག་ཅིག་གིས་དང་བླངས་ཐོག་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་བར་མི་མང་གིས་དོ་སྣང་ཆེན་པོ་བྱུང་ཡོད་འདུག

image2

ཟླ་འདིའི་ཚེས་ ༡༥ ཉིན་རྒྱ་གར་རང་བཙན་དུས་དྲན་ཐེངས་ ༧༠ བའི་ཉིན་མོ་དང་བསྟུན་ཏེ། རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ས་གནས་བོོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་གཞུང་དམངས་ཡོངས་ལ་ཐུགས་རྗེ་ཆེ་མཚོན་ཕྱིར། མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་ ༣༠ ལྷག་གིས། བྷིང་ལོར་གྲོང་ཁྱེར་གྱི་ཁྲོམ་ལམ་སྦད་ཀན་རོལ་ཏྲི་སོགས་མི་འདུ་འཛོམས་ཆེ་ས་དང་། རྒྱལ་སའི་དབུས་ཁུལ་དག་ལ་འཁོར་ཡུག་གཙང་མ་བཟོ་བའི་ལས་འགུལ་ཞིག་སྤེལ་ཡོད་འདུག

ཁོར་ཡུག་གཙང་བཟོའི་ལས་འགུལ་དེ་ནི། འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོོད་པ་སྐྱབས་བཅོལ་བ་ཚོར་གནས་ཚང་གཡར་བ་ཙམ་མ་ཟད། ཐོག་མ་དཀའ་ངལ་དང་ཛ་དྲག་གི་སྐབས་བོད་པ་ཚོ་དཀའ་སྡུག་ལས་བསྐྱབས་ཏེ། ད་ལྟ་སྐྱབས་བཅོལ་གཞན་དང་མི་འདྲ་བའི་མཐུན་རྐྱེན་འཛོམ་པོ་འདི་འདྲ་གནང་བ་དང་། གཉིས་ནས་རྒྱ་གར་གྱི་རྒྱལ་ཁབ་ཡར་རྒྱས་འགྲོ་བཞིན་པའི་གནས་སྐབས་འདི་ལ་དཀའ་ངལ་ཆེ་ཤོས་ནི་ཁོར་ཡུག་གཙང་སྦྲ་དེ་ཆགས་ཡོད་སྟབས། རྒྱ་གར་མི་དམངས་ལ་ཚོར་སྣང་གསར་བ་ཞིག་དང་། མཛའ་སེམས་ཀྱི་བརྡ་ལན་གསལ་བོ་ཞིག་གཏོང་བའི་སླད་དུ་ཡིན་འདུག

གནས་ཚུལ་དེའི་སྐོར་དཀོན་མཆོག་རིན་ཆེན་ལགས་ཀྱིས་ངོ་སྤྲོད་གནང་དོན། དེ་རིང་ང་ཚོའི་གཙང་མ་བཟོས་པ་ལ་རྟེན་ནས་ཁོ་ཚོར་ཚོར་བ་ཤུགས་ཆེ་པོ་ཞེ་དྲགས་བྱུང་འདུག ང་ཚོས་གཙང་བཟོ་སྐབས་གྱོན་གོས་སེར་པོ་གྱོན་ཏེ། རྒྱབ་ལ་༧གོང་ས་མཆོག་གི་སྐུ་པར་དང་མཉམ་དུ། “རྒྱ་གར་མི་དམངས་ལ་དཀའ་དྲིན་ཆེ།  རང་བཙན་ཉིན་མོར་བཀྲ་ཤིས་བདེ་ལེགས།” ཞེས་པའི་ཡི་གེ་ཞིག་བྲིས་ཡོད། དེ་ནས་བོད་ཀྱི་རྒྱལ་དར་དང་རྒྱ་གར་གྱི་རྒྱལ་དར། གཞོན་ནུའི་དར་ཆ་སོགས་འཕྱར་ཏེ་ཐུགས་རྗེ་ཆེ་ཞུས་བ་ཡིན།

ས་གནས་མི་མང་ཚོས། ཁྱེད་རང་ཚོས་ག་རེ་བྱེད་ནས་གཙང་མ་བཟོས་བ་ཡིན་ཞེས་དྲིས་བྱུང་། ང་ཚོས། ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་བསྡད་ཡོད་སྟབས། རྒྱ་གར་གཞུང་དམངས་ཀྱི་བཀའ་དྲིན་དྲན་པའི་སྒོ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་ལབ་སྐབས། ཁྱེད་ཚོས་ང་ཚོར་ཚོར་སྣང་གསར་བ་ཞིག་སྤྲད་སོང་།  ཐུགས་རྗེ་ཆེ་ཞེས་ཟེར་གྱི་འདུག  དེའི་ནང་ནས་སྤོ་བོ་ལོ་དྲུག་བཅུ་ཡས་མས་ཅན་ཞིག་གིས། ཁྱེད་རང་ཚོས་རྒྱ་གར་རང་བཙན་ཉིན་མོར་ཁོར་ཡུག་གཙང་མ་བཟོས་བ་དེ་ཞེ་དྲགས་ཡག་པོ་རེད། རྒྱ་གར་རང་བཙན་གྱི་ཉིན་མོར་འདི་ལ་རང་བཙན་གྱི་འཐབ་རྩོད་པ་གྷན་དྷི་དང་ནེ་རུ་གཙོ་བོར་གྱུར་པའི་སྐབས་དེའི་མི་སྣ་ཚོས་དཀའ་ལས་ཅི་ཙམ་བརྒྱབ་པ་རྟོགས་མཁན་མང་པོ་ཡོད་པ་མ་རེད། ཁྱེད་རང་ཚོས་རང་བཙན་ཉིན་མོའི་རིན་ཐང་རྟོགས་འདུག དཔེ་ཡག་པོ་རེད། ཅེས་དགའ་འཛུམ་ངང་ནས་ལག་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུས་སོང་།

སློབ་ཕྲུག་ཁ་ཤས་ཤིག་བསླེབས་ནས་ང་ཚོར་ལག་པ་གཏོང་རོགས་ལབ་སོང་། ང་ཚོས་ལག་པ་བཙོག་པོ་འདུག་ལབ་པར། སྐྱོན་ཡོད་པ་མ་རེད། ཁྱེད་རང་ཚོས་ཁོར་ཡུག་གི་གད་སྙིགས་བཙོག་པོར་ལག་པ་འཆིང་ཐུབ་ན། ང་ཚོས་ཁྱེད་རང་ཚོའི་ལག་པར་ལག་པ་འཆིང་ན་སྐྱོན་ག་རེ་ཡོད་པ་རེད། ཁྱེད་རང་ཚོ་དངོས་གནས་ཐུགས་རྗེ་ཆེ།  ཞེས་ལབ་སོང་། ཡང་མི་ཁ་ཤས་ཞིག་གིས།  ཁྱེད་རང་ཚོ་འཇར་པན་བ་ཡིན་ནམ། འཇར་པན་བ་ཚོས་རིན་མེད་ཐོག་ཁོར་ཡུག་གཙང་མ་བཟོ་རྒྱུར་དོ་སྣང་ཆེན་པོ་ཡོད་པ་རེད། ཅེས་ལབ་སོང་། ང་ཚོས་ང་ཚོ་འཇར་པན་བ་མིན། ང་ཚོ་བོད་པ་ཡིན་ལབ་དུས། ཨོ། དེས་ན་ཏཱ་ལའི་བླ་མའི་མི་ཡིན་པ་རེད།  དངོས་གནས་རིན་མེད་ཐོག་ཁོར་ཡུག་གཙང་མ་བཟོ་བ་དེ་ལ་ཐུགས་རྗེ་ཆེ། ཞེས་ལབ་ནས་རྒྱ་གར་ཡུལ་མི་ཚོས་དོ་སྣང་ཆེན་པོ་བྱས་སོང་། ཞེས་ངོ་སྤྲོད་གནང་བྱུང་།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. རྫོང་དཀར་སྟོབས་རྒྱལ། says:
    ལོ་ 10 སྔོན།

    ཐུགས་རྗེ་ཆེ། གཞོན་ནུ་ཚོ། ཧ་ཅང་དགའ་པོ་བྱུང་། མི་སུས་ལྟས་ཀྱང་དོ་སྣང་རང་བཞིན་བསླེབ་པ་དང་། སེམས་སྐུལ་རང་བཞིན་ཐེབས་པའི་ལས་ཀ་བཟང་པོ་རེད། མ་འོངས་ལས་འགུལ་འདིར་ིགས་སྤེལ་མཁན་ཡོད་ན། མི་ངོ་སུ་ཡིན་ཤེས་ཐབས་སུ་ཞ་མོ་སོགས་ལུས་ལ་( བོད་རྒྱ་གཉིས་ཆམ་མཐུན་ཤོག )ཞེས་སོགས་བརྗོད་ཚིག་བཟང་པོ་འཁོད་པ་དེ་འདྲ་བེད་སྤྱོད་གནང་ན་ཡག་པོ་མེད་དམ་སྙམ། དགོས་མཁོ་འདི་ཚོ་སྒྲུབ་ཐབས་སུ་བོད་མི་བྱིངས་རྣམས་ནས་ལས་འགུལ་སྤེལ་མཁན་ཚོར་ཞལ་འདེབས་རྒྱ་མ་ཆུང་བ་མཐུན་འགྱུར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་། རྐང་འགྲོ་ལག་འདོན་མཉམ་རུབ་མ་ཐུབ་ཀྱང་རྒྱུ་སྦྱོང་ཞལ་འདེབས་ལོས་རང་གནང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese