མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱི་ཉིན་བཅུ་གསུམ་པ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

རེའོ་ཨོ་རྩེད་འགྲན་ཚོགས་ཀྱི་རེའུ་མིག་ལྟར་ན། དེ་རིང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྐབས་ ༣༡ པའི་སྟེང་ཨ་རི་ཨང་པོ་དང་དབྱིན་ཇི་ཨང་གཉིས་པ། རྒྱ་ནག་ཨང་གསུམ་པ་ཆགས་འདུག

OLYMPICS-RIO-WREST_2975849fརྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་དྲོར་རྒྱ་གར་གྱི་གྱད་འགྲན་བུ་མོ་སག་ཤཱ་མ་ལེག་ (Sakshi Malik) ལ་བུད་མེད་ཀྱི་གྱད་འགྲན་ཁྲོད་ཟངས་ཀྱི་རྟགས་མ་ཐོབ་སྟེ། ད་ལོའི་རྒྱལ་སྤྱིའི་ཨ་རྩེད་འགྲན་ཚོགས་སྟེང་རྒྱ་གར་རྒྱལ་ཡོངས་ཀྱི་རྩེད་འགྲན་པའི་གྲས་ནས་རྟགས་མ་ཐོབ་མཁན་ཐོག་མ་ཆགས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་པའི་རྗེས་ཀྱི་རྒྱལ་སྤྱིའི་ཨོ་རྩེད་འགན་ཚོགས་སྟེང་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ཐོབ་མཁན་ཨང་ ༢༥ བ་དེའང་ཆགས་ཡོད་འདུག

གསར་འགོད་པའི་བཅར་འདྲིའི་སྐབས་སུ། བུ་མོ་སག་ཤཱ་མ་ལེག་གྱིས་ངའི་གྲོགས་མོ་མང་ཆེ་བ་ལོ་ན་ཆུང་དུས་སློབ་སྦྱོང་ཕྲན་བུ་བྱས་རྗེས། ཁྱིམ་ལས་ལ་གཞོལ་དགོས་པ་དང་། དེ་ནས་གཉེན་སྒྲིག་རྗེས་སོ་སོའི་ཕྲུ་གུར་བདག་སྐྱོང་བྱེད་དགོས་སྟབས། ངའི་གྲོགས་མོ་ཚོ་དང་བསྡུར་ན། ངའི་མི་ཚེ་འདི་ཧ་ཅང་བསོད་ནམས་ཆེན་པོ་ཡིན་པ་དང་། ད་རེབ་ཀྱི་རྒྱལ་ཁ་འདི་ནི་ཕ་མའི་རྒྱབ་སྐྱོར་འོག་ང་རང་ལོ་ ༡༢ སྟེང་ནས་ད་ལྟའི་བར་དཀའ་སྤྱད་སྡུག་རུས་བྱས་པའི་འབྲས་བུ་ཡིན། ཞེས་སོགས་བརྗོད་འདུག

རང་ལོ་ ༢༣ ཡིན་པའི་བུ་མོ་སག་ཤཱ་མ་ལེག་ལགས་ནི་རྒྱ་གར་བྱང་རྒྱུད་ཧར་ཡ་ན་ (Haryana) མངའ་སྡེ་ནས་ཡིན་ཞིང་། ས་ཁུལ་དེར་གདོད་མའི་སྤྱི་ཚོགས་ནས་བརྒྱུད་ཡོང་བའི་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་ཆེན་པོ་ཡོད་པ་དང་། བུ་མོ་ཚོ་ལོ་ན་ཆུང་དུས་ནས་ཕ་མའི་བཙན་དབང་འོག་གཉེན་སྒྲིག་དང་ཁྱིམ་འཛིན་གྱི་ལས་སུ་ཞུགས་དགོས་ཤིང་། གལ་ཏེ་བུ་མོ་སུ་ཞིག་ཆོས་ལུགས་རིགས་རུས་མི་གཅིག་པའི་ཕྱི་མི་ཞིག་ལ་གཉེན་སྒྲིག་པའམ་མཛའ་འབྲེལ་བྱུང་བ་ཡིན་ན། མོ་བུ་དེ་དམར་གསོད་དང་ལྐོག་གསོད། ཡང་ན་ཁྱིམ་ཚང་དེའི་ནང་མཐོང་ཆུང་བརྙས་བཅོས་བྱེད་པ་དང་། ཕྱི་ལོ་ ༢༠༡༡ ལོའི་མི་འབོར་གྲངས་བཤེར་ལྟར་ན། ས་ཁུལ་དེའི་སྐྱེས་པ་ ༡༠༠༠ ཁྲོད་སྐྱེད་མ་ ༨༧༧ ལས་མེད་ཅིང་། སྐྱེས་པ་ཆིག་སྟོང་གི་ཁྲོད་དུ་ཕོ་མཆོག་མོ་དམན་གྱི་འདུ་ཤེས་འཛིན་མཁན་མི་ ༩༤༠ ཟིན་གྱི་ཡོད་འདུག

རེའོ་ཨོ་རྩེད་འགྲན་ཚོགས་ཀྱི་རེའུ་མིག་ལྟར་ན། ལྷོ་ཨ་རིའི་རྒྱལ་ཁབ་བྷི་ར་རྫིལ་གྱི་གྲོང་ཁྱེར་རེའོ་ནང་འཚོགས་བཞིན་པའི་རེའོ་ཨོ་རྩེད་འགྲན་ཚོགས་སྐབས་ ༣༡ པའི་སྟེང་། ཟླ་འདིའི་ཚེས་ ༥ ནས་དེ་རིང་བར་ཨ་རིའི་རྩེད་འགྲན་རུ་ཁག་ལ་གསེར་གྱི་རྟགས་མ་ ༣༠ དང་དངུལ་གྱི་རྟགས་མ་ ༣༢ ། ཟངས་ཀྱི་རྟགས་མ་ ༣༡ བཅས་ཁྱོན་བསྡོམས་རྟགས་མ་ ༩༣ ཐོབ་སྟེ་ཨང་དང་པོ་དང་། དབྱིན་ཇིའི་རྩེད་འགྲན་རུ་ཁག་ལ་གསེར་གྱི་རྟགས་མ་ ༡༩ དང་། དངུལ་གྱི་རྟགས་མ་ ༡༩ ། ཟངས་ཀྱི་རྟགས་མ་ ༡༢ བཅས་ཁྱོན་རྟགས་མ་ ༥༠ ཐོབ་སྟེ་ཨང་གཉིས་པ། རྒྱ་ནག་གི་རྩེད་འགྲན་རུ་ཁག་ལ་གསེར་གྱི་རྟགས་མ་ ༡༩ དང་དངུལ་གྱི་རྟགས་མ་ ༡༥ ཟངས་ཀྱི་རྟགས་མ་ ༢༠ བཅས་ཁྱོན་རྟགས་མ་ ༥༤ ཐོབ་སྟེ་ཨང་གསུམ་པ་བཅས་ཆགས་ཡོད་འདུག

གཞན། ཨུ་རུ་སུའི་རྩེད་འགྲན་རུ་ཁག་ལ་ཁྱོན་རྟགས་མ་ ༤༡ དང་། ཉི་ཧོང་གི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༣༣། ཧྥ་རན་སིའི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༣༡། འཇར་མན་གྱི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༢༩། ཨོ་སི་ཊིར་ལེ་ཡའི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༢༤། ཨེ་ཊ་ལེའི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༢༣། ཧོ་ལན་ཊིའི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༡༥ བཅས་ཐོབ་ཡོད་པ་དང་། རྒྱ་གར་ལ་དེ་རིང་ཟངས་ཀྱི་རྟགས་མ་ ༡ ཐོབ་སྟེ་ཨང་ ༧༠ པ་དེ་ཆགས་ཡོད་པ་རེད།

རེའོ་གྲོང་ཁྱེར་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྐབས་ ༣༡ དེ་ཟླ་འདིའི་ཚེས་ ༥ ནས་ ༢༡ བར་ཚོགས་འཆར་ཡོད་པ་དང་། རེའི་གྲོང་ཁྱེར་གྱི་ས་གནས་ཁག་ ༣༣ ནང་འཚོགས་བཞིན་ཡོད་འདུག ཐེངས་འདིའི་འགྲན་ཚོགས་སྟེང་འཛམ་གླིང་རྒྱལ་ཁབ་ ༢༠༥ ཡི་རྩེད་འགྲན་པ་ ༡༡༡ ༧༨ མཉམ་ཞུགས་བྱས་ཡོད་པ་དང་། རྩེད་མོའི་རྣམ་གྲངས་ཆེ་གྲས་ ༢༨ དང་ཆུང་གྲས་ ༣༠༦ བཅས་ཁྱོན་བསྡོམས་རྩེད་མོའི་རྣམ་གྲངས་ ༣༣༤ ཙམ་ཡོད་འདུག

རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་ ༡༨༩༦ ལོར་དེང་གི་ཨི་ཊ་ལིའི་རྒྱལ་ས་རོམ་ནས་ཚོགས་མགོ་བཙུགས་ཡོད་པ་དང་། སྐབས་དེ་ནས་ད་ལྟའི་བར་འཛམ་གླིང་རྒྱལ་ཁབ་ ༡༤༢ ནང་ལ་དབྱར་དུས་ཀྱི་ཨོ་རྩེད་འགྲན་ཚོགས་ཐེངས་ ༢༩ དང་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་ཐེངས་ ༢༢ བཅས་ཚོགས་ཡོད་འདུག

Rio

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese