མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྕམ་ཨང་སན་སུའུ་སྐྱིད་ཀྱི་རྒྱལ་དོན་སྐོར་སྐྱོད་རྒྱ་ནག་ནས་མགོ་བཙུཊ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་སྲིད་གཞུང་གསར་བའི་རྒྱལ་དོན་བློ་འདོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༡ ཉིན་བར་རྒྱ་ནག་ནང་རྒྱལ་དོན་སྐོར་སྐྱོད་གནང་བཞིན་ཡོད་འདུག

Untitled-3ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་འབར་མའི་སྲིད་གཞུང་གསར་པའི་རྒྱལ་དོན་བློ་འདོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཡུན་ནན་གནམ་ཐང་དུ་འབྱོར་ཡོད་པ་དང་། དེ་ནས་ཐད་ཀར་པེ་ཅིན་དུ་ཕྱིན་ཏེ་ཉིན་གྲངས་ ༥ རིང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོར་ཐུག་འཕྲད་དང་ཁེ་ལས་ཁང་ཁག་ཅིག་ཏུ་གཟིགས་སྐོར་གནང་བཞིན་ཡོད་པ་དང་། ཐེངས་འདིའི་རྒྱལ་དོན་སྐོར་སྐྱོད་ནང་འབར་མའི་དངོས་ཟོག་སྐྱེལ་འདྲེན་དང་འགྲིམ་འགྲུལ་བློན་ཆེན། རྒྱལ་ཁབ་གློག་ནུས་དང་རང་བྱུང་ནུས་ཁུངས་ཀྱི་བློན་ཆེན། དེ་བཞིན། དཔལ་འབྱོར་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གཞོན་པ་བཅས་ཡོད་པ་དང་། ད་ལན་གྱི་སྐོར་སྐྱོད་དེ་འབར་མའི་དམངས་གཙོ་ཚོགས་པས་སྲིད་དབང་བཟུང་རྗེས་ཀྱི་ཕྱིའི་རྒྱལ་ཁབ་ནང་གི་རྒྱལ་དོན་སྐོར་སྐྱོད་ཐོག་མ་དེ་ཆགས་ཡོད་འདུག

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་འབར་མའི་སྲིད་གཞུང་གསར་བའི་ངོས་ནས་རྒྱ་ནག་དང་མཛའ་འབྲེལ་སྲིད་བྱུས་ལག་བསྟར་བྱས་ཏེ། རྒྱལ་དོན་སྐོར་སྐྱོད་བྱ་ཡུལ་ཐོག་མ་དེ་རྒྱ་ནག་བདམས་ཡོད་པ་དང་། རྒྱ་ནག་དང་འབར་མ་བར་གྱི་མཉམ་ལས་འབྲེལ་བ་ཕྱོགས་ཡོངས་ནས་དུས་སྐབས་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་བར་ཡུན་རིང་མཉམ་ལས་འབྲེལ་བ་ཆད་པའི་ཆུ་གློག་གི་ལས་འཆར་སྐོར་ལ་གྲོས་མོལ་བསྐྱར་བཟོ་བྱས་ཏེ་འཕེལ་རྒྱས་གསར་བ་བྱུང་དགོས་སྐོར་བརྗོད་འདུག

ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་ཐེངས་འདིའི་སྐོར་སྐྱོད་ལ་དམིགས་ཡུལ་ཆེན་པོ་གཉིས་ཡོད་པ་ནི། འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༣༦ ཅན་གྱི་མའེ་སོན་ཆུ་གློག་ཁང་(Myitsone Dam)གི་ལས་གཞི་ཚུད་པའི་རྒྱ་ནག་དང་འབར་མ་བར་གྱི་ཚོང་ལས་འབྲེལ་བ་རྒྱ་སྐྱེད་དང་། འབར་མའི་སྲིད་གཞུང་གསར་བ་འཕེལ་རྒྱས་བརྟན་ལྷིང་ཡོང་བར་རྒྱ་ནག་གི་རོགས་རམ་འཚོལ་ཐབས་བྱ་རྒྱུ་བཅས་ཡིན་སྐོར་རྗོད་ཀྱི་འདུག

འབར་མ་བྱང་རྒྱུད་དུ་ཡོད་པའི་མའེ་སོན་ཆུ་གློག་ཁང་གི་ལས་གཞི་དེ་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གི་ཁེ་ལས་བ་ཚོས་མ་རྐང་བཞག་སྟེ་ལས་མགོ་བརྩམས་ཡོད་ཀྱང་། འབར་མའི་སྲིད་འཛིན་ཟུར་པ་ཐིན་སིན་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་འབར་མའི་སྲིད་དབང་བཟུང་རྗེས། ཡུ་རོབ་དང་ཨ་རིའི་ནང་ཚོང་ལས་འབྲེལ་བ་ཇེ་ལེགས་སུ་བཏང་སྟེ་རྒྱ་ནག་ལ་ཚོང་འབྲེལ་བར་ཐག་བཟུང་བ་དང་། འབར་མའི་ཡུལ་མི་ཚོས་རྒྱ་ནག་གི་ཁེ་ལས་བས་འབར་མའི་ནང་བཟོ་ཚོང་ལས་གཞི་འདྲ་མིན་གཉེར་བར་ངོ་རྒོལ་བྱས་པར་བརྟེན། མའེ་སོན་ཆུ་གློག་ཁང་ཚུད་པའི་རྒྱ་ནག་གིས་ཚོང་ལས་དམིགས་ཡུལ་ཆེན་པོ་བཟུང་བའི་ལས་གཞི་མང་པོ་ཞིག་མཚམས་འཇོག་དགོས་ཁེལ་ཡོད་འདུག

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist