མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚཱའི་ཡི་བཟོད་གསོལ་གྱིས་རྒྱ་རིགས་ཀྱི་དེང་རབས་རྣམ་པར་སྣེ་འདྲེན་པའི་ཐེ་ཝན་གྱི་གོ་ས་སྲ་བརྟན་དུ་བཏང་།

བོད་ཀྱི་དུས་བབ།
༢༠༡༦/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཀེ་རི་སྦོ་རོན།
སྒྱུར་པ་པོ། ཚེ་རིང་དོན་གྲུབ།

tibettimes:1
༡༩༠༠ ལོའི་སྐབས་ཀྱི་ཐེ་ཝན་གྱི་སྦུ་ནུན་མི་རིགས།. Image Credit: Flickr/ Ralph Repo

རྒྱ་ནག་སྐམ་ས་ཆེན་པོའི་མི་རིགས་སྲིད་བྱུས་ཀྱིས་ཚཱའི་ཡི་བཟོད་གསོལ་ནས་བསླབ་བྱ་རེ་ཟུང་ཞིག་བླང་ཐུབ།

ཕྱི་ཟླ་ ༨ ཚེས་ ༡ ཉིན་ཐེ་ཝན་མཚོ་གླིང་གི་གདོད་མའི་མི་རིགས་རྣམས་ལ་ཐེ་ཝན་སྲིད་འཛིན་ཚཱའི་ཨིན་ཝེན་གྱིས་ལོ་རྒྱུས་རང་བཞིན་གྱི་བཟོད་གསོལ་ཞུས་པ་དེ་ནི་ཐེ་ཝན་ཙམ་དུ་མ་ཟད། རྒྱ་ནག་དང་གོ་ལ་སྤྱི་ཡོངས་ཀྱི་དེང་རབས་རང་བཞིན་གྱི་རྣམ་པ་ལ་ཤིན་ཏུ་ནས་གལ་ཆེན་ཞིག་ཆགས་ཡོད། དེས་ཧན་རྒྱ་རིགས་ཀྱི་(རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ་ ༩༣ དང་། ཐེ་ཝན་ལ་མཚོན་ན་བརྒྱ་ཆ་ ༩༧ བརྒལ་ཡོད་)སྡེར་གཏོགས་པར་ངོས་འཛིན་པའི་ཚོགས་སྡེ་དག་གི་ནང་དུ་ཤིན་ཏུ་ནས་ཚོར་བ་ཟབ་ཅིང་། རྩོད་གཞི་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་དང་དེར་གདོང་ལེན་བྱེད་མགོ་ཚུགས་ཡོད། རྒྱལ་ཁབ་དེ་གཉིས་ཀྱི་ས་ཁོངས་སུ་ཡོད་པའི་མི་རིགས་ཀྱི་སྡེ་ཁག་བར་གྱི་འབྲེལ་ལམ་ནི་རྒྱུན་དུ་ནས་དོགས་མི་བདེ་ཞིང་ཆ་མི་སྙོམས་པའི་གནས་སྟངས་ཀྱང་ཆེན་པོ་ཡོད་པ་རེད།

ཐེ་ཝན་གྱི་གདོད་མའི་མི་རིགས་ལ་གཞུང་འབྲེལ་གྱི་སྒོ་ནས་ངོས་འཛིན་ཡོད་པའི་སྡེ་ཁག་ ༡༦ ཡོད་ཅིང་། ཁོང་ཚོར་ལོ་རྒྱུས་དམིགས་བསལ་བ་རེ་ཡོད། ཁག་ཅིག་ནི་ནེའུ་ཛིའི་ལན་ཌི་ཡི་མཱའོ་རི་སི་མི་རིགས་ཀྱི་འབྱུང་ཁུངས་དང་སྡེ་ཁག་གཅིག་མཚུངས་ནས་ཡོང་བ་ཞིག་ཡིན་ཞིང་། ལོ་ངོ་སྟོང་ཕྲག་བཅུ་ཙམ་གི་གོང་ནས་བྱུང་བའི་རང་མི་རིགས་ཀྱི་རིག་གཞུང་དང་ཁྱད་ནོར་ལ་ལོངས་སུ་སྤྱོད་བཞིན་ཡོད། ཁོང་ཚོས་འདས་པའི་ལོ་ངོ་བརྒྱ་ཕྲག་བཞི་ཙམ་གྱི་ནང་དུ་ཐེ་ཝན་མཚོ་འགག་གི་ཕ་རོལ་ནས་ཡོང་བའི་གཞིས་སྡོད་བྱེད་མི་རྣམས་ཀྱི་ལག་ནས་གདུག་རྩུབ་དང་དྲང་བདེན་མིན་པའི་མནར་གཅོད་མྱངས་ཡོད་ཅིང་། ཁྱད་པར་དུ་ ༡༩༤༨ དང་ ༡༩༤༩ ནང་རྒྱ་ནག་སྐམ་ས་ཆེན་པོའི་ནང་གི་སྡེ་གཟར་གྱི་དམག་འཁྲུག་ནང་ཕམ་ཉེས་བྱུང་བའི་རྐྱེན་གྱིས་ཅཱང་ཀེ་ཤེག་གི་མི་རིགས་རིང་ལུགས་ཀྱི་དམག་མི་ཕོན་ཆེ་ཞིག་ཐེ་ཝན་ཏུ་གནས་སྤོ་བྱས་རྗེས་ཁོང་ཚོའི་སྟེང་དུ་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་ལས་འགུལ་སྤེལ་ཡོད།

ཅཱང་གིས་མཚོ་གླིང་འདི་ལོ་ངོ་ཉི་ཤུ་རྩ་ལྔ་ཙམ་རིང་དབང་སྒྱུར་བྱེད་པའི་རིང་ “གྲངས་ཉུང་མི་རིགས་བར་ཆམ་མཐུན་དང་འདྲ་མཉམ་” ཞེས་འབོད་པའི་སྙན་འཇེབས་ལྡན་པའི་བརྗོད་ཚིག་ནས་འདྲ་མཉམ་མེད་པའི་གནས་སྟངས་ལ་གདོང་ལེན་བྱེད་པའི་བྱ་སྤྱོད་ངོ་མའི་ནང་ཞུགས་པའི་ནང་ཁོས་རང་ཉིད་རང་གི་དགྲ་བོ་མཱོ་ཙེ་ཏུང་ལས་བཟང་བ་ཞིག་ཡོད་པ་ར་སྤྲོད་བྱས་ཐུབ་མེད། གྲངས་ཉུང་མི་རིགས་ཀྱི་ཁོངས་གཏོགས་རྣམས་ཀྱིས་རྒྱུན་དུ་མི་རིགས་དབྱེ་འབྱེད་ཀྱི་མནར་གཅོད་མྱངས་ཡོད། སྔར་སོང་གི་རྣམ་པ་དེའི་རྗེས་ཤུལ་ནི་དེང་གི་དུས་སུའང་རྒྱུན་མཐུད་བཞིན་ཡོད་པ་ནི་སྤྱི་ཚོགས་ཀྱི་འཚོ་བའི་ནང་མཚོ་གླིང་དེའི་གདོད་མའི་མི་རིགས་ཀྱི་ཚབ་མཚོན་མི་སྣ་དང་། རྒྱུ་ནོར་གྱི་ཚད་གཞི། ཚེ་ཚད་བཅས་པ་ཡོངས་རྫོགས་ཧན་མི་རིགས་ལས་ཧ་ཅང་གིས་དམའ་བ་ཡོད་པ་ལས་རྟོགས་ཐུབ། ཚཱའི་ཨིན་ཝེན་གྱི་རྨོ་ལགས་ནི་པཱའི་ཝན་འཚོ་པའི་རིགས་རྒྱུད་ཡིན་སྟབས། ཚཱའི་ཡི་བྱ་སྤྱོད་དེ་ནི་ཕྱོགས་གཅིག་ནས་ཁོ་རང་གི་ཕ་མེས་ཀྱི་ཁྱད་ནོར་ལ་ངོས་འཛིན་བྱས་པ་ཞིག་ཆགས་ཀྱི་ཡོད། བྱ་སྤྱོད་དེས་ད་དུང་ཐེ་ཝན་གྱི་མང་གཙོའི་ཆབ་སྲིད་ལམ་ལུགས་ཀྱིས་ད་ཆ་འདས་དུས་སུ་བྱུང་བའི་ཤིན་ཏུ་ནས་ཚོར་བ་ཟབ་ཅིང་། རྩོད་གཞི་ཆེ་བའི་གནད་དོན་འགའ་ཞིག་ལ་གདོང་ལེན་བྱེད་མགོ་ཚུགས་ཐུབ་ཀྱི་ཡོད་པའི་གོ་བརྡ་ཤུགས་ཆེན་པོ་ཞིག་སྤྲོད་བཞིན་ཡོད། ལངས་ཕྱོགས་དེ་ནི་རྒྱ་ནག་སྐམ་ས་ཆེན་པོའི་གནས་སྟངས་ལས་འགལ་བ་ལྟག་སྤྲོད་དུ་གནས་ཡོད་པ་རེད། རྒྱ་ནག་སྐམ་སའི་ནང་གནད་དོན་དེའི་ཐོག་གླེང་སློང་བྱེད་རྒྱུ་ནི་ད་དུང་ཡང་ལོ་བཅུ་ཕྲག་འགའ་ཞིག་གི་རྗེས་སུ་ལུས་ཡོད་ལ། མི་རིགས་དང་དེའི་ཆབ་སྲིད་ཀྱི་དཀའ་རྙོག་ཐད་གླེང་སློང་བྱ་འདོད་ཡོད་མཁན་ཚོར་ཉེས་ཆད་དྲག་པོའི་ཡ་ལན་གྱིས་བསུ་བ་བྱེད་བཞིན་ཡོད་པ་རེད། ཡུ་གུར་གྱི་དབུ་ཁྲིད་ཨི་ལྷམ་ཀྲོ་ཀྲི་ནི་གྲངས་ཉུང་མི་རིགས་ལ་དྲང་གཞག་ལུགས་མཐུན་གྱི་ལྟ་སྐྱོང་ཞིག་དགོས་སྐོར་གྱི་གཏམ་བཤད་བྱེད་ཐབས་བྱས་སྐབས་བཙོན་འཇུག་གི་ཉེས་ཆད་ཤིན་ཏུ་དྲག་པོས་ཁ་བཀག་ཡོད་ཅིང་། ཐ་ན་རང་ཉིད་ཀྱི་ཁྱིམ་མི་རྣམས་ལའང་ཉེས་ཆད་ཕོག་པའི་སྐྱེ་བོ་མང་དག་ཅིག་ཡོད་པའི་ནང་ནས་ཡོངས་གྲགས་ཆེ་ཤོས་དེ་ཡིན་པ་རེད།

གནད་དོན་དེ་ནི་ཧང་ཅང་ཆེན་པོ་གཅིག་རེད། རྒྱ་ནག་གི་དེང་རབས་ལོ་རྒྱུས་ནང་གྲངས་ཉུང་མི་རིགས་ཀྱི་ཚོགས་སྡེ་ཁག་གི་ཐོག་ལ་ཧན་རྒྱ་རིགས་ཀྱི་ལྟ་ཚུལ་འཛིན་སྟངས་ནི་གླེང་སློང་བྱེད་མི་ཆོག་པའི་ཆེས་མུན་ནག་གི་གནད་དོན་ཞིག་ཆགས་ཡོད། ནང་སོག་མངའ་ཁུལ་དུ་ཡོད་པའི་སོག་པོ་མི་རིགས་ཀྱིས་ ༡༩༦༦ ལོ་ནས་མགོ་བཙུགས་ཏེ་རིང་གནས་གསར་བརྗེའི་ནང་སྐྱི་གཡའ་བའི་སྡུག་སྦྱོང་མྱངས་ཡོད་ཅིང་། ལོ་ངོ་བཅུ་ཕྲག་གཅིག་གི་རྗེས་སུ་བཏོན་པའི་གཞུང་འབྲེལ་གྲངས་ཐོར་གཞིགས་ན་སྐབས་འདིར་མི་ ༢༠,༠༠༠ ལས་བརྒལ་བ་རྐྱེན་འདས་སུ་ཕྱིན་ཡོད། ཁ་ཆེ་རྣམས་ལ་བཙན་ཤེད་ཀྱི་སྒོ་ནས་ཕག་ཤ་བཟའ་རུ་བཅུག་ཡོད་ཅིང་། བོད་ཀྱི་དགོན་པ་རྣམས་སྒོ་བརྒྱབ་པ་མ་ཟད་མང་དག་ཅིག་ནི་རྩ་གཏོར་དུ་བཏང་ཡོད། དེང་སང་གི་དུས་སུའང་རྒྱ་ནག་གི་ངོས་འཛིན་ཡོད་པའི་གྲངས་ཉུང་མི་རིགས་ ༥༥ ནང་དབུལ་ཕོངས་དང་དབྱེ་འབྱེད་ཀྱི་རྣམ་པ་གཅིག་མཚུངས་སུ་གནས་ཡོད། གནད་དོན་དེ་དག་ཐོག་སྲིད་གཞུང་གི་འགན་ཁུར་ལན་འདེབས་ཐོབ་ཐབས་བྱེད་པ་ནི་ཆབ་སྲིད་ཀྱི་ཀུན་སློང་གི་འོག་ནས་བརྩམས་པའི་ཁ་བྲལ་བའི་རྒོལ་བརྡུང་ཞིག་གི་རྣམ་པར་འགྱུར་ངེས་པའི་ཉེན་ཁ་དང་དུ་ལེན་པ་ཞིག་ཆགས་ཡོད། ལོ་ངོ་བརྒྱ་ཕྲག་འགའ་ཞིག་ལྟ་ཞོག་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཞིག་གི་ནང་དུའང་རང་ཉིད་ཀྱི་གྲངས་ཉུང་མི་རིགས་དང་། ཁོང་ཚོས་མྱངས་པའི་དཀའ་སྡུག་རྣམས་ལ་ཚཱའི་ཡི་རྣམ་པ་དང་ཆ་མཚུངས་པར་པེ་ཅིན་གྱིས་བཟོད་གསོལ་ཞུ་སྲིད་པའི་ལྟ་ཚུལ་ནི་ད་ལྟའི་ཆར་བློ་ཡུལ་ལས་འདས་པ་ཞིག་ཏུ་འགྱུར་ཡོད།

ཚཱའི་ཡི་བཟོད་གསོལ་ནི་ཐེ་ཝན་མཚོ་འགག་གི་ཕ་རོལ་དུ་དྲིལ་བསྒྲགས་རྒྱ་ཆེན་ཞིག་མི་བྱེད་པ་ནི་ཐེ་ཚོམ་མེད་མོད། དེ་ནའང་དེ་ནི་ཐེ་ཝན་གྱི་རྒྱ་རིགས་ཙམ་དུ་མ་ཟད་རྒྱ་རིགས་ཡིན་ནོ་ཅོག་ལ་གནད་འགག་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་ལས་འགུལ་གལ་ཆེན་ཞིག་ཀྱང་ཆགས་ཡོད། དེས་ཧན་རྒྱ་རིགས་ཀྱིས་དབང་བསྒྱུར་བའི་ཚོགས་སྡེ་ཞིག་གི་ནང་ལོ་ངོ་བཅུ་ཕྲག་འགའ་ཞིག་བརྒལ་བའི་རིང་གི་མི་རིགས་ཀྱི་སྡེ་ཁག་རྣམས་དང་འབྲེལ་བའི་ལོ་རྒྱུས་དང་། དེའི་ཐད་རང་ཉིད་ཀྱི་བྱ་སྤྱོད་ལ་ལྟ་ཞིབ་བྱ་མགོ་ཚུགས་ཏེ་དངོས་ཡོད་ཀྱི་གནས་ཚུལ་འགའ་ལ་ཁས་ལེན་བྱེད་ཐུབ་ཀྱི་ཡོད་པ་བསྟན་ཡོད། འདིའི་ནང་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀེ་ཝིན་རུ་ཌ་ལྟ་བུའི་དབུ་ཁྲིད་རྣམས་ཀྱི་བྱ་སྤྱོད་ཀྱིས་ཚཱའི་ལ་བློ་སྟོབས་སྦྱིན་ཡོད་སྲིད་པ་ཞིག་ཆགས་ཡོད། ༢༠༠༨ ལོར་སྲིད་བློན་དུ་བསྐོ་བཞག་སྐབས་རུ་ཌ་ཡིས་(ཨོ་སི་ཀྲོ་ལི་ཡའི་)རྒྱལ་ཁབ་དེའི་གདོད་མའི་མི་རིགས་རྣམས་ལ་གཞུང་འབྲེལ་གྱི་བཟོད་གསོལ་ཞུ་རྒྱུར་གསར་གཏོད་རང་བཞིན་གྱི་ཐག་གཅོད་བྱས་པ་དེ་ནི་བློ་སྟོབས་ལྡན་པའི་བྱ་སྤྱོད་ཅིག་ཡིན་ཞིང་། ཕལ་ཆེར་ཁོང་རང་སྲིད་བློན་དུ་འཁོད་སྐབས་ཀྱི་གལ་འགངས་ཆེ་ཤོས་ཀྱི་གྲུབ་འབྲས་ཀྱི་གྲས་སུ་གཏོགས་ཡོད་པ་རེད།

ཚཱའི་ཡི་ཐག་གཅོད་དེའང་གསར་གཏོད་རང་བཞིན་གཅིག་མཚུངས་ཆགས་ཡོད། འོན་ཀྱང་དེ་ནི་ལོ་རྒྱུས་ཁྱད་པར་བ་ཞིག་གི་ཁོངས་སུ་གཏོགས་པ་རེད། འདས་པའི་ལོ་ངོ་བཅུ་ཕྲག་བཞིའི་རིང་ཐེ་ཝན་གྱིས་རྒྱ་རིགས་ཀྱི་དེང་རབས་རང་བཞིན་གྱི་རྣམ་པའི་གདོང་སྣེ་དྲངས་ཡོད། ༡༩༨༠ ནང་དྲག་པོའི་ཁྲིམས་གཞི་ཕྱིར་བསྡུ་བྱས་པ་དེས་སྤྱི་ཚོགས་ཀྱི་འཚོ་བའི་ནང་གུ་ཡངས་ཀྱི་སྟོང་ཆ་ཆེ་རུ་བཏང་ཡོད་ལ། ཆབ་སྲིད་ཀྱི་སྣ་མང་རང་བཞིན་གྱི་ལྟ་གྲུབ་ལ་དང་ལེན་བྱེད་ཚད་ཀྱང་ཇེ་ཆེར་ཕྱིན་ཡོད། འདིས་མཐར་ ༡༩༩༦ ལོར་ཆབ་སྲིད་ཚོགས་པ་སྣ་མང་ལྡན་པའི་འོས་བསྡུ་བྱས་ཏེ་ཡོངས་ཁྱབ་ཀྱི་འོས་བསྡུའི་ཐོབ་ཐང་ཐེངས་དང་པོར་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད་ལ། ༢༠༠༠ ལོར་ཐེངས་དང་པོར་ཆབ་སྲིད་ཚོགས་པ་གཅིག་ནས་གཞན་ལ་ཞི་བའི་སྒོ་ནས་སྲིད་ཀྱི་འགན་དབང་འཕོ་ལེན་བྱེད་ཐུབ་པ་བྱུང་ཡོད། ༢༠༡༦ ལོའི་བཟོད་གསོལ་དེས་ལོ་རྒྱུས་ཀྱི་བརྒྱུད་རིམ་དེའི་ནང་མཚམས་རྟགས་གཞན་ཞིག་འགོད་པ་རེད།

དེ་ལྟར་ནའང་ཨོ་སི་ཀྲོ་རི་ཡ་དང་ཨ་རིས་འདས་པའི་ནང་རང་ཉིད་ཀྱི་མི་རིགས་ཀྱི་སྡེ་ཁག་དང་འབྲེལ་བའི་གནད་དོན་རྣམས་ལ་གདོང་ལེན་བྱེད་ཕྱོགས་ཐད་འགྲིག་འཇགས་བྱས་ཡོད་པས་ཚཱའི་ཡིས་གནད་དོན་དེའི་གལ་གནད་རང་བཞིན་གྱི་དོན་དུ་ཨོ་སི་ཀྲི་རི་ཡ་དང་ཨ་རི་ལྟ་བུའི་རྒྱལ་ཁབ་རྣམས་ཀྱི་འཕེལ་རིམ་ལ་མནོ་བསམ་གཏོང་དགོས་ཀྱི་ཡོད། ཨ་རིས་ཐེངས་དང་པོར་མི་རིགས་ནག་པོ་ཡིན་པའི་སྲིད་འཛིན་ཨོ་བྷ་མ་འདེམས་བསྐོ་བྱས་པ་དེས་ཨ་རིའི་ནང་གི་མི་རིགས་ཀྱི་སྡེ་ཁག་དབར་དུ་གནས་པའི་དོགས་མི་བདེ་བའི་གནས་སྟངས་རྣམས་འགྲིག་འཇགས་ཐུབ་མེད་པར། འདས་པའི་ལོ་ངོ་འགའ་ཞིག་གི་ནང་མི་རིགས་དབྱེ་འབྱེད་ཀྱི་རྣམ་པ་ལྡན་པའི་ངོ་རྒོལ་སྐད་འབོད་དང་། མེ་མདའ་བརྒྱབ་པ། བརྡུང་རྡེག་སོགས་ཀྱི་རིམ་པ་ཇེ་ཆེར་ཕེལ་ཡོད། ཨོ་སི་ཀྲོ་རི་ཡའི་ནང་དུ་གདོད་མའི་མི་རིགས་རྣམས་ཀྱིས་ད་དུང་དབྱེ་འབྱེད་ཀྱི་དཀའ་སྡུག་མྱོང་བཞིན་ཡོད་ལ། འདས་མ་ཐག་པའི་ཟླ་བའི་ནང་ཕྱིར་ཐོན་པའི་བྱང་ཕྱོགས་མངའ་ཁུལ་ནང་དུ་བཙོན་པ་རྣམས་ལ་སྐྱི་གཡའ་བའི་མནར་གཅོད་བཏང་བའི་དཔང་རྟགས་དེ་ནི་ཆེས་ཉེ་དུས་ཀྱི་དཔེ་མཚོན་དེ་ཆགས་ཡོད་པས། རུ་ཌ་ཡི་རྗེས་འཇུག་པ་ཚོས་གདོད་མའི་མི་རིགས་ཀྱི་གནད་དོན་རྣམས་ལ་ད་དུང་ཡང་གདོང་ལེན་བྱེད་དགོས་ཀྱི་ཡོད།

ཚོགས་སྡེ་གང་རུང་ཞིག་གི་ནང་མི་རིགས་ཀྱི་སྡེ་ཁག་བར་དུ་བྱུང་བའི་འབྲེལ་བ་རྣམས་ལ་བསྐྱར་བཅོས་དང་སྲ་བརྟན་གཏོང་བའི་ལམ་བུའི་ཐོག་ཏུ་བསྐྱོད་པའི་བརྒྱུད་རིམ་དེ་ནི་དུས་སྐབས་གལ་ཆེན་ཞིག་ཆགས་ཡོད། འདས་དུས་ཀྱི་དཔེ་མཚོན་མང་པོ་ཞིག་གིས་དེ་ནི་དཀའ་ཚེགས་ཅན་ཞིག་ཡིན་པ་དང་། རྒྱུན་དུ་ངལ་དུབ་ཀྱིས་མནར་བའི་འགྲུལ་བཞུད་ཅིག་བྱ་དགོས་ཀྱི་ཡོད་པ་བསྟན་ཡོད། འོན་ཀྱང་། ཚཱའི་ཡི་ཐེ་ཝན་གྱིས་མ་མཐར་ཡང་འགྲུལ་བཞུད་དེ་བྱེད་མགོ་ཚུགས་པའི་སྙིང་སྟོབས་དང་ཆོད་སེམས་དེ་བསྟན་ཡོད་པས། དེ་ལ་ང་ཚོས་བསྔགས་བརྗོད་དང་རྒྱབ་སྐྱོར་བྱ་དགོས།

 

ཨིན་ཡིག་གི་མ་རྩོམ་དྲ་གནས་ཁ་བྱང་ http://tibet.net/2016/08/tsais-apology-strengthens-taiwans-place-at-front-of-chinese-modernity/ ཐོག་གཟིགས་པར་འཚལ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༩ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༦ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༢༡ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese