མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་གྲངས་བརྒྱ་ཆ་བརྒྱད་ཀྱི་ཁྱད་པར་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཨ་རིའི་སྲིད་འཛིན་འོས་བསྡུའི་འོས་ཤོག་གྲངས་བཤེར་ལྟར་ན། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ལ་འོས་གྲངས་བརྒྱ་ཆ་ ༤༡ དང་སྤྱི་མཐུན་ཚོགས་པའི་འོས་གཞི་སྐུ་ཞབས་ཊི་རུམ་ཕི་ལ་འོས་གྲངས་བརྒྱ་ཆ་ ༣༤ ཐོབ་ཡོད་འདུག

དེང་སྐབས་ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་གྱིས་འགྲོ་བཞིན་པའི་སྐབས་འདིར། ཁ་སང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡༤ ནས་ ༡༨ བར་གྱི་འོས་ཤོག་གྲངས་བཤེར་ནང་། དམངས་གཙོ་ཚོགས་པའི་འོས་གཞི་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་ (Hillary Clinton) མཆོག་ལ་བརྒྱ་ཆ་ ༤༢ དང་སྤྱི་མཐུན་ཚོགས་པའི་འོས་གཞི་སྐུ་ཞབས་ཌོ་ནལ་ཌི་ཊི་རུམ་ཕི་ (Donald Trump) མཆོག་ལ་བརྒྱ་ ༣༤། ངལ་རྩོལ་ཚོགས་པའི་འོས་གཞི་སྐུ་ཞབས་གྷ་རེ་རྗོན་སོན་ (Gary Johnson) མཆོག་ལ་བརྒྱ་ཆ་ ༧ དང་། ལྗང་ཁུ་ཚོགས་པའི་སྲིད་འཛིན་འོས་གཞི་ལྕམ་རྗེལ་སི་ཊེན་ (Jill Stein) མཆོག་ལ་བརྒྱ་ཆ་ ༢ བཅས་ཐོབ་ཡོད་པ་དང་། གཞན། མི་མང་བརྒྱ་ཆ་ ༢༣ གྱིས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འོས་གཞི་གཉིས་ཀྱི་སུ་ལའང་འོས་ཤོག་བླུག་མེད་འདུག

ཟླ་སྔོན་མའི་ཟླ་མཇུག་ནས་བཟུང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་གཞི་ལྕམ་ཧེ་ལ་རེ་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༤༡ ནས་ ༤༤ བར་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་གཞི་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་བརྒྱ་ཆ་ ༣༣ ནས་ ༣༩ ཟིན་གྱི་ཡོད་པ་དང་། ད་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཁྲོད་འགྲན་རྩོད་ཤུགས་ཆེ་ཤོས་ལྕམ་ཧེ་ལ་རེ་དང་སྐུ་ཞབས་ཊི་རུམ་ཕི་རྣམ་པ་གཉིས་ཆགས་ཡོད་པ་མ་ཟད། ཨ་རིའི་མི་མང་ཕལ་ཆེ་བས་ཁོང་རྣམ་གཉིས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ནའང་། ཨ་རིའི་གཞོན་སྐྱེས་སུམ་ཆ་གཅིག་གིས་ད་ལོར་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་དོན་ཁ་ཕྱོགས་དེ་ལོག་ལམ་དུ་འགྲོ་བཞིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

ཨ་རིའི་སྤྱི་མཐུན་ཚོགས་པ་དང་གྲོས་ཚོགས་འོག་མའི་དཔོན་རིགས་གསར་རྙིང་ཚོས་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་ཆུང་ (GOP) གི་ངོས་ནས་སྐུ་ཞབས་ཊི་རུམ་ཕི་ལ་ཐད་ཀར་རམ་འདེགས་བྱེད་རྒྱུ་དེ་གཙོ་བོ་མིན་པར། སྤྱི་མཐུན་ཚོགས་པའི་འོས་གཞི་འདོན་མཁན་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་དོ་སྣང་ཤུགས་བྱེད་གལ་ཆེ་སྐོར་རྗོད་བཞིན་ཡོད་འདུག

གཟའ་པ་སངས་ཉིན་སྤྱི་མཐུན་ཚོགས་པའི་འོས་གཞི་སྐུ་ཞབས་ཊི་རུམ་ཕིའི་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མ་ན་ཧྥོར་ཊི་ (Manafort) ལགས་གློ་བུར་དགོངས་ཞུ་བྱས་ཡོད་པ་དང་། ཁོང་དགོངས་པ་ཞུས་པའི་རྒྱུ་མཚན་གཙོ་བོ། ཨུ་རུ་སུའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཡུ་ཁུ་རན་རྒྱལ་ནང་གི་ཆབ་སྲིད་ཚོགས་པ་ཁག་དང་འབྲེལ་བའི་གནད་དོན་དང་དེའི་གནོན་ཤུགས་སོགས་ཡིན་འདུག

གཞན། ད་ཆར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེར་འཕྲད་བཞིན་པའི་དཀའ་རྙོག་ཁག་ལས་གཙོ་བོ་གཅིག་ནི། མོ་དེ་སྔོན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཡིན་སྐབས། མོས་ཨ་རིའི་གཞུང་གི་གསང་བའི་ཡིག་ཆ་མང་པོ་ཞིག་ཨ་རིའི་གཞུང་གི་དྲ་ལམ་ནས་མ་བཏང་བར་མོ་རང་སྒེར་གྱི་དྲ་ལམ་ནས་བཏང་བའི་གནད་དོན་དེ་ཆགས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༡༨ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese