མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་དཀར་མི་ནག་འདྲེས་མའི་མང་ཚོགས་ལ་རེ་བ་གསར་པ་ཞིག་བསྐྲུན་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་གཞི་སྐུ་ཞབས་ཊི་རུམ་ཕུ་ (Trump) མཆོག་གིས། ཨ་རིའི་མི་དཀར་དང་མི་ནག་འདྲེས་མའི་མི་སེར་ཚོས་ཤེས་ཡོན་སློབ་གསོའི་གོ་སྐབས་དང་འཚོ་བའི་གནས་བབ། ལྷག་པར་དུ་ལས་གནས་དང་འཕྲོད་བསྟེན་བཅས་ཀྱི་དཀའ་ཁག་ལས་མྱུར་དུ་འཐར་འདོད་ན། ཁོ་རང་ལ་འོས་ཤོག་ལྡུག་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

donald-trumps-pitch-to-african-american-voters-what-the-hell-do-you-have-to-loseཊི་རུམ་ཕུ་ཡིས། སྲིད་འཛིན་ལས་ཡུན་ལོ་ ༤ རིང་ཁོང་གིས་མང་ཚོགས་ཀྱི་རེ་འབྲས་མངོན་འགྱུར་བྱེད་པར་ཁག་ཐེག་ཡོད་སྐོར་དང་། དེ་སྔ་ཨ་རིའི་ནང་གི་མི་རིགས་ནག་པོ་ཚོར་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ལྟ་སྐྱོང་གི་གོ་སྐབས་ཡག་པོ་ཐོབ་མེད་སྟབས་ཁོ་ཚོའི་འཚོ་གནས་ཉེན་ཁར་ཐུག་ཡོད་པ་དང་། གལ་ཏེ་ཁོ་རང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་ན། ཁོས་ཨ་རིའི་མི་འབོར་གྱི་བརྒྱ་ཆ་ ༥༨ ཙམ་ཟིན་ཡོད་པའི་ལས་མེད་མི་མང་གི་གནས་སྟངས་དང་འཕྲོད་བསྟེན་ལྟ་སྐྱོང་། ཤེས་ཡོན་སློབ་གསོ།  དབུལ་ཕོངས་ཀྱི་གནས་སྟངས་མགྱོགས་མྱུར་ངང་འཕོ་འགྱུར་གཏོང་རྒྱུ་ཡིན་པ་མ་ཟད། ཨ་རིའི་མི་དཀར་དང་མི་ནག་དྲེས་མའི་མང་ཚོགས་ལ་འཚོ་གནས་ལ་རེ་བ་དང་སྤོབས་པ་གསར་བ་ཞིག་བསྐྲུན་རྒྱུ་ཡིན་སྐོར་ཡང་བརྗོད་ཡོད་འདུག

དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ (Hillary) ལ་རྒྱབ་སྐྱོར་གནང་མཁན་ཚོས། ཐེངས་འདིའི་སྐུ་ཞབས་ཊི་རུམ་ཕེ་ཡི་གཏམ་བཤད་དེ་དག་ལ་དོན་སྙིང་གང་ཡང་མེད་པར། དེ་ནི་ཁོས་ཨ་རིའི་མི་མང་ལ་འཕྲོད་བསྟེན་ལྟ་སྐྱོང་དང་ལས་གནས་ཡོད་པ། ལྷག་པར་དུ་དཔལ་འབྱོར་འགྲན་རྩོད་ཤུགས་ཆེ་བའི་དུས་སྐབས་འདིར། ཨ་རིའི་མི་མང་གི་འཚོ་གནས་ཡར་རྒྱས་འགྲོ་བཞིན་པའི་གནས་བབ་ལ་ངོས་འཛིན་གསལ་བོ་མེད་པའི་སྐད་ཆ་ཞིག་ཡིན་ལུགས་བརྗོད་འདུག

སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱེད་མཁན་ནེ་ཆོལ་ (Nichols) ཞུ་བ་ཞིག་གིས། ཁོ་རང་ཌི་ཊོ་རི་ (Detroit) གྲོང་ཁྱེར་ནས་ཡིན་པ་དང་། འདས་པའི་མི་ལོ་ ༥༠ རིང་དམངས་གཙོ་ཚོགས་པས་ཨ་རིའི་གཞུང་འཛིན་སྐྱོང་བྱས་ཏེ། ཁོ་རང་གི་གྲོང་ཁྱེར་དེ་ཟིང་འཁྲུག་གི་གཡུལ་ས་ལྟ་བུ་ཞིག་ཏུ་བསྒྱུར་ཡོད་སྟབས། ད་ནི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་གོ་སྐབས་སྤྲོད་གལ་ཆེ་སྐོར་དང་། ཨ་རིའི་མི་མང་རྨོངས་གཉིད་ལས་སད་པའི་དུས་ལ་བསླེབས་ཡོད་སྐོར། ཐེངས་འདིར་ཨ་རིའི་མི་མང་གིས་སྐུ་ཞབས་ཊི་རུམ་ཕི་ལ་གོ་སྐབས་སྤྲད་པ་ཡིན་ན། གྲོང་ཁྱེར་དེའི་ད་ལྟའི་གནས་སྟངས་ལ་འཕོ་འགྱུར་ཆེན་པོ་འགྲོ་བར་ཡིད་ཆེས་བྱེད་ཆོག་སྐོར། དེ་བཞིན། ཨ་རིའི་མི་མང་གིས་ཕྱོགས་སུ་ལྷུང་བའི་སེ་ཨན་ཨན་ (CNN) གཙོས་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་མི་ཉན་པར། དངོས་ཡོད་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱས་པ་ཡིན་ན། ད་ལྟའི་དཀག་རྙོག་མང་པོ་ཞིག་གང་མགྱོགས་སེལ་ཐུབ་པར་ཡིད་ཆེས་བྱེད་ཆོག་སྐོར་བརྗོད་འདུག

ཡང་གནས་ཚུལ་གཞན་ཞིག་གི་ནང་། ཉེ་ཆར་སྐུ་ཞབས་ཊི་རུམ་ཕི་ཡིས་གལ་ཏེ་ཁོང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་ན། སྲིད་འཛིན་ལས་ཡུན་གྱི་ལོ་གཉིས་ནང་ཁོས་ཨ་རིའི་རྒྱལ་ནང་གི་ཁྲིམས་མཐུན་མིན་པའི་ཡུལ་གྱར་བ་ས་ཡ་ ༡༡ ཡོད་པ་ཚང་མ་ཕྱིར་འཕུད་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དེ་ནི་འགན་འཁུར་མེད་པའི་སྐད་ཆ་ཞིག་ཡིན་སྟབས། ཨ་རིའི་མི་མང་དང་རང་དབང་ཚོགས་སྡེ་ཁག་གིས་གླེང་སློང་ཤུགས་ཆེན་བྱེད་བཞིན་སྐོར་སོགས་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese