མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་དྲུག་ནང་བྱིས་པ་སྐྱབས་བཅོལ་བ་ ༢༦༠༠༠ །

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་འདས་པའི་ཟླ་བ་ ༦ ནང་ཨ་རིའི་མཐའ་མཚམས་སུ་བྱིས་པ་སྐྱབས་བཅོལ་བ་ ༢༦༠༠༠ འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། འདས་པའི་ཟླ་བ་ ༦ རིང་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བྱིས་པ་སྐྱབས་བཅོལ་བ་ ༢༦༠༠༠ ཨ་རིའི་དབུས་མཐའ་མཚམས་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁྱིམ་ཚང་དང་བཅས་པ་བྲོས་བྱོལ་དུ་ཡོང་མཁན་མི་མང་ ༢༩༧༠༠ ཡོད་པའི་གྲས་ཀྱི་མང་ཆེ་བ་བྱིས་པ་དང་བྱིས་པའི་ཨ་མ་ཡིན་ཞིང་། ཁོ་ཚོ་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་ཨེད་སད་བ་ཌོར་ (El Salvador) དང་། གྷུ་ཊི་མ་ལ་ (Guatemala)། ཧོན་ཌུ་ར་སི་ (Honduras) བཅས་ནས་ཡིན་ཞིང་། རྒྱལ་ཁབ་དེ་དག་ནང་བཙན་གཡེམ་དང་ལྐོག་གསོད། དབུལ་ཕོངས་བཅས་ཀྱི་གནས་སྟངས་ཚབས་ཆེན་ཆགས་ཡོད་སྟབས། ཁོ་ཚོ་ཨ་རིའི་ནང་སྐྱབས་བཅོལ་དུ་ཡོང་མཁན་ཡིན་སྐོར་བརྗོད་འདུག

tibettimes

སྙན་ཐོ་དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གི་འཛིན་སྐྱོང་འགན་འཛིན་གཞོན་པ་ཧྥོར་སེ་ཐི་ (Forsyth) ཟེར་བ་ཞིག་གིས། བྱིས་པ་སྐྱབས་བཅོལ་བ་དེ་ཚོའི་གནས་སྟངས་ལ་བསམ་བློ་བཏང་ཚེ། ཧ་ཅང་ཡིད་སྐྱོ་བ་ཞིག་རེད། བྱིས་པ་དེ་ཚོས་ཉེན་ཚབས་ཆེ་བའི་བྲོས་བྱོལ་བརྒྱུད་ནས་བདེ་འཇགས་ཀྱི་འཚོ་གནས་འཚོལ་བཞིན་ཡོད་པ་དང་། ཁོ་ཚོ་སོ་སོའི་རྒྱལ་ཁབ་ནང་གི་བཙན་གཡེམ་དང་འཁྲུག་ཟིང་། དབུལ་ཕོངས་བཅས་ཀྱི་གནས་སྟངས་འོག་ནས་ཨ་རིའི་ནང་སྐྱབས་བཅོལ་དུ་ཡོང་གི་ཡོད་སྟབས། ང་ཚོས་རྒྱལ་ཁབ་དེ་དག་གི་དབུལ་ཕོངས་དང་འཁྲུག་ཟིང་འགོག་ཐབས་བྱེད་དགོས་པ་ཁ་ཚ་དགོས་གཏུགས་ཆགས་ཡོད་ལ། ང་ཚོར་བྱིས་པ་དེ་དག་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད། ཅེས་སོགས་བརྗོད་འདུག

སྙན་ཐོ་དེའི་ནང་ད་དུང་། གལ་ཏེ་བྱིས་པ་སྐྱབས་བཅོལ་བ་དེ་དག་ཕྱིར་སྐྲོད་བཏང་བ་ཡིན་ན། རྒྱལ་ཁབ་དེ་དག་ནང་ཁྲིམས་འགལ་ནག་ཉེས་བཟོ་མཁན་ཚོས་བྱིས་པ་དེ་ཚོར་བཙན་གཡེམ་དང་དམར་གསོད་གཏང་སྲིད། བྱིས་པ་སྐྱབས་བཅོལ་བ་དང་ཡུལ་གྱར་བ་ཚོ་མཐའ་མཚམས་ནས་འཛིན་བཟུང་དང་བཀག་བསྐྱིལ་བྱས་མི་ཆོག ཁོ་ཚོར་འཕྲོད་བསྟེན་ལྟ་སྐྱོང་གི་ཞབས་ཞུ་ཆ་ཚང་སྤྲོད་དགོས། ཁོ་ཚོ་སོ་སོའི་ཕ་མ་དང་ལྷན་དུ་འཚོ་སྡོད་བྱེད་དུ་འཇུག་དགོས། ཞེས་བཀོད་འདུག

བྱིས་པའི་ཐེབས་རྩ་ཁང་གིས་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ (Amnesty International) སྙན་ཐོ་ཞིག་ལུང་འདྲེན་བྱས་པའི་ནང་། མེག་སེ་ཁོ་ (Mexico) དང་གྷུ་ཊི་མ་ལ་ (Guatemala) རྒྱལ་ཁབ་གཉིས་ནང་བུ་མོ་མང་པོ་ཞིག་བཙན་དབང་གི་སྒོ་ནས་གཞང་ཁང་དང་ཆང་ཁང་ནང་ལས་ཀ་བྱེད་དུ་འཇུག་གི་ཡོད་པ་དང་། རྒྱལ་ཁབ་དེ་དག་ནས་བྲོས་བྱོལ་དུ་ཡོང་མཁན་བུ་མོ་ ༡༠ གྲས་ནས་བུ་མོ་ ༦ ལ་ལམ་བར་ནས་བཙན་གཡེམ་གཏོང་གི་འདུག ཅེས་བརྗོད་འདུག

གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་དབུས་རྒྱུད་མཐའ་ཚམས་སུ་བྱིས་པ་ཡུལ་གྱར་བ་ ༤༤༥༠༠ ལྷག་འབྱོར་རྗེས། ཨ་རིའི་གཞུང་གིས་མེག་སེ་ཁོ་སྲིད་གཞུང་ལ་མཐའ་མཚམས་སུ་བྱོར་བའི་བྱིས་པ་ཡུལ་གྱར་བ་ཚོ་བཀག་བསྐྱིལ་བྱས་མི་ཆོག་པའི་གནོན་ཤུགས་སྤྲད་ནའང་། ཕྱི་ལོ་ ༢༠༡༥ ལོར་མེག་སེ་ཁོ་སྲིད་གཞུང་གིས་བྱིས་པ་ཡུལ་གྱར་བ་ ༣༦༠༠༠ མཐའ་མཚམས་ནས་འཛིན་བཟུང་བྱས་ཡོད་འདུག ཕྱི་ལོ་ ༢༠༡༣ ལོར་མེག་སེ་ཁོ་སྲིད་གཞུང་གིས་བྱིས་པ་ཡུལ་གྱར་བ་ ༩༦༠༠ བཀག་བསྐྱིལ་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese