མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེངས་རྗེས་མའི་ཨ་རིའི་སྲིད་འཛིན་དང་བོད།

བོད་ཀྱི་དུས་བབ།
༢༠༡༦/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

བུ་ཆུང་ཚེ་རིང་གིས་བརྩམས།
གཞིས་ཆགས་བུས་བསྒྱུར།

hhdl-clinton
ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༢ པའི་ནང་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་སྐབས་དེའི་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧི་ལ་རི་ཁི་ལིན་ཊོན་རྣམ་གཉིས་མཇལ་ཕྲད་སྐབས།

ཕྱི་ལོ་ ༢༠༡༦ ཟླ་བ་ ༡༡ ཚེས་ ༨ སྟེ་ཐེངས་རྗེས་མའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་བསླེབ་ལ་ཉེ་བར་བརྟེན། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཌོ་ནལ་ཊྲམ་དང་། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧི་ལ་རི་ཁི་ལིན་ཊོན་བར་གྱི་འགྲན་རྩོད་དེ་རྣོ་ངར་ཅན་ཞིག་ཏུ་འགྱུར་རྒྱུ་ཡིན་པར་མི་མང་པོས་ཚོད་དཔག་བྱེད་བཞིན་ཡོད།

ཨ་རིའི་མི་སེར་ཆགས་ཡོད་པའི་བོད་པ་ཚོ་དང་། བོད་དོན་དང་བོད་མིར་རྒྱབ་སྐྱོར་བྱེད་མཁན་ཨ་རི་བ་རྣམས་ཀྱིས་ཀྱང་འདི་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་འཕེལ་རིམ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། འདས་པའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་ཁག་གི་ནང་། བོད་མི་ཨ་རིའི་མི་སེར་ཆགས་ཡོད་པ་ཚོས་གནད་དོན་བྱེ་བྲག་པ་ཞིག་ལ་བརྟེན་པའི་འོས་འཕེན་པ་ཞིག་ཡིན་པའི་རྣམ་པ་བསྟན་ཡོད་ལ། ཁོང་ཚོས་སྲིད་འཛིན་འོས་མི་སུ་ཞིག་བོད་དང་བོད་དོན་ལ་རྒྱབ་སྐྱོར་ཇི་ཙམ་ཆེ་བ་ཡོད་མེད་ལས། རང་ཉིད་ཆབ་སྲིད་ཚོགས་པ་ཅི་ཞིག་གི་ཁོངས་མི་དང་། དེའི་རྒྱབ་སྐྱོར་བ་ཡིན་མིན་གྱི་གནད་དོན་དེ་གཙོ་བོར་འཛིན་གྱི་མེད། དེ་ཡང་ཕྱི་ལོ་ ༢༠༠༤ ལོར་ཨ་རིའི་སྲིད་འཛིན་ཇོར་ཇི་བྷུ་ཤུ་ཐེངས་གཉིས་པའི་སྲིད་འཛིན་ལ་བསྐྱར་འདེམས་བྱུང་སྐབས། བོད་མི་ཨ་རིའི་མི་སེར་བ་ཕལ་མོ་ཆེས་རང་ཉིད་མང་གཙོ་ཚོགས་པའི་རྒྱབ་སྐྱོར་བ་ཡིན་བཞིན་དུ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐབས་དེའི་སྲིད་འཛིན་ཇོར་ཇི་བྷུ་ཤུ་ལ་འོས་ཤོག་འཕངས་ཡོད། འདི་ནི་སྲིད་འཛིན་བྷུ་ཤུས་༸གོང་ས་མཆོག་དང་། བོད་དོན་ལ་རྒྱབ་སྐྱོར་ཡོད་ཅེས་ཁ་གསལ་པོའི་ཐོག་ནས་གསུངས་པའི་རྒྱུ་མཚན་གྱིས་རེད།

ཨ་རིའི་ཆབ་སྲིད་པ་རྣམས་ཀྱིས་འདི་ནི་གནད་དོན་ཆུང་ཚགས་ཤིག་ཡིན་ནའང་། (འོས་ཐོབ་པ་ལ་) ཤུགས་རྐྱེན་ཅན་གྱི་འོས་བསྡུའི་ས་ཁུལ་ཞིག་ཡིན་པ་དོ་སྣང་བྱུང་ཡོད། དེ་ཡང་ཕྱི་ལོ་ ༢༠༠༨ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་སྐབས། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཇཱོན་མེ་ཁེན་མཆོག་ནས་༸གོང་ས་མཆོག་ཨ་རིའི་མངའ་སྡེ་ཁོ་ལོ་ར་ཌོའི་གྲོང་ཁྱེར་ཨེསི་པན་དུ་ཆིབས་སྒྱུར་དང་བསྟུན་ཏེ་༸གོང་ས་མཆོག་མཇལ་བར་ཆེད་བཅར་ཞུས་ཡོད། དེའི་རྗེས་ཀྱི་ཉིན་ཁ་ཤས་རྗེས་སྐབས་དེའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷེ་རེག་ཨོ་བྷ་མས་ཀྱང་༸གོང་ས་མཆོག་ལ་འཚམས་འཕྲིན་ཞིག་ཕུལ་བའི་ནང་། “ངེད་གཉིས་ཀྱི་མཛད་འཆར་ལས་རིམ་གྱི་རྐྱེན་པས་གང་ཉིད་ཟླ་བ་འདིའི་ནང་དུ་ཨ་རིར་ཆིབས་སྒྱུར་གྱི་སྐབས་སུ་མཇལ་འཕྲད་ཡོང་ཐབས་མེད་པ་དེར་བློ་འགྱོད་ཆེ། འོན་ཀྱང་ད་རེས་གོ་སྐབས་འདི་བརྒྱུད་ནས་ངོས་ནས་ཁྱེད་ལ་རྟག་ཏུ་སྙིང་ཁོངས་ནས་གུས་བཀུར་དང་། ལྷག་པར་དུ་གཉན་འཕྲང་གི་དུས་སྐབས་འདིར་ཁྱེད་ཉིད་དང་། ཁྱེད་ཀྱི་ཆོས་སྲིད་ཀྱི་གལ་ཆེའི་ལས་དོན་ཁག ད་དུང་ཁྱེད་ཀྱི་མི་མང་བཅས་ལ་རྒྱབ་སྐྱོར་ཡོད་ཅེས་བསྐྱར་ནན་ཞུ་འདོད་བྱུང་” ཅེས་གསལ།

སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་དང་བོད།

སྤྱིར་བཏང་མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པ་གཉིས་ཀ་ནས་སོ་སོའི་མ་འོངས་ལས་འཆར་རམ་བསྒྲུབ་བྱའི་ལས་དོན་ནང་བོད་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཤིག་ཡོང་གི་ཡོད། མང་གཙོ་ཚོགས་པའི་བསྒྲུབ་བྱའི་རྩ་དོན་ནང་བོད་དང་བོད་ཀྱི་གནད་དོན་དེ་ཨེ་ཤ་ཡའི་ཞི་མཐུན་སྡེ་ཚན་འོག་ཏུ་བཞག་ཡོད་ལ། དེའི་ནང་དུ་“ང་ཚོས་བོད་མིའི་ཐོབ་ཐང་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་སྤྱི་ལ་ལྷག་པར་བརྩི་མཐོང་དགོས་པའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ ” ཅེས་གསལ་ཡོད།

ཕྱི་ལོ་ ༢༠༡༢ ལོའི་མང་གཙོ་ཚོགས་པའི་བསྒྲུབ་བྱའི་རྩ་དོན་ནམ་མ་འོངས་ལས་འཆར་ནང་ “བོད་མི་རྣམས་ནས་སོ་སོའི་ལེགས་བྱང་དང་ཆོས་ལུགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་ཐེ་བའི་རྒྱ་རིགས་སྤྱིའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་དང་དོ་སྣང་དགོས་རྒྱུའི་གལ་གནད་ཀྱི་ཐོག་ལ་ང་ཚོས་རྒྱུན་མཐུད་ནས་གླེང་སློང་བྱ་རྒྱུ་ཡིན།”

འོན་ཀྱང་། སྤྱི་མཐུན་ཚོགས་པའི་བོད་དང་འབྲེལ་བའི་གྲོས་འཆར་ནི་དོན་དངོས་ཀྱི་ཆ་ནས་མང་གཙོ་ཚོགས་པ་དང་ཏོག་ཙམ་མི་འདྲ་བ་ཞིག་ཡོད། དེའི་ནང་དུ་ “དེ་དང་དུས་མཚུངས་བོད་དང་ཤིན་ཅང་གཉིས་ཀྱི་ནང་དུ་ལེགས་བྱང་རྩ་གཏོར་ནི་རྒྱུན་ཆད་མེད་ལ། དེ་སྔོན་ཁས་བླངས་དམ་བཅས་པའི་ཧོང་ཀོང་གི་རང་སྐྱོང་ནི་ག་ལེར་ཡལ་ཕྱིན་པ། གཡོ་བྱུས་ཀྱི་སྒོ་ནས་དངུལ་གྱི་འགྲོ་རྒྱུག་ལ་འགྱུར་བཅོས། དེ་བཞིན། ང་ཚོའི་འཕྲུལ་རིག་གི་ལག་རྩལ་རྣམས་འཇབ་རྐུན་བྱས་པ། བློ་གྲོས་ཀྱི་བདག་དབང་དང་། དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་བསམས་ནས་དཔར་སྐྲུན་གྱི་བདག་དབང་རྣམས་གཞན་གྱི་ཐོབ་ཐང་ལ་བརྩི་མཐོང་མེད་པར་བྱས་པ་” ཞེས་དང་།

ཕྱི་ལོ་ ༢༠༡༢ ལོར་སྤྱི་མཐུན་ཚོགས་པའི་བསྒྲུབ་བྱའི་རྩ་དོན་ནང་དུ་ “རྒྱ་གཞུང་ནི་ང་ཚོས་སྐྱོན་འཛུགས་བྱས་པའི་བྱེད་སྒོ་མང་པོ་ཞིག་གི་ནང་དུ་བཞུགས། དེ་ཡང་དོན་དམ་གྱི་དགོས་མཁོ་གང་ཡང་མ་མཆིས་ནའང་རྒྱ་གཞུང་གིས་དྲག་པོའི་དམག་གི་དབང་ཤུགས་དེ་རྒྱ་སྐྱེད་དང་། བོད་དང་ཤིན་ཅང་། རྒྱ་ནག་གི་ས་ཁུལ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྣམས་འགོག་པ་དང་། དྲག་གནོན་བྱེད་བཞིན་པ་ལྟ་བུའོ།”

ཐེངས་རྗེས་མའི་སྲིད་འཛིན་འོས་བསྡུ་ཆེན་མོ་དེ་སུ་ཞིག་ལ་ཐོབ་ཀྱི་ཡོད་ཀྱང་། སྲིད་འཛིན་གསར་པས་ངེས་པར་དུ་རྒྱུན་འཛིན་དགོས་པའི་བོད་དང་འབྲེལ་བའི་གཞི་རྩའི་གནད་དོན་ཁག་ཅིག་ཡོད་པ་རེད། དེ་དག་ཡོངས་སུ་རྫོགས་པ་ ༢༠༠༢ བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་དང་སྦྲེལ་ནས་ཡོད། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཞིབ་འཇུག་སྡེ་ཚན་གྱི་སྙན་ཐོའི་ནང་དུ། “༢༠༠༢ བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་ནི། ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ལམ་སྟོན་བྱ་རྒྱུའི་གྲོས་ཚོགས་ཀྱི་འཆར་གཞི་གཙོ་བོ་ཞིག་རེད།

གྲོས་ཚོགས་ཀྱི་གྲོས་འཆར་འདི་ཡིས་བོད་མི་ཚོར་རྒྱབ་སྐྱོར་གྱི་རྣམ་འགྱུར་གསལ་པོ་ཞིག་ལྡན་པའི་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། བཅས་ཁྲིམས་འདི་ལ་བརྟེན་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་ལ་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་ཐུབ་རྒྱུར་ཕན་གྲོགས་བྱས་ཡོད་ལ། བཅས་ཁྲིམས་ནང་ “དམིགས་བསལ་འབྲེལ་མཐུད་པའི་དགོས་དོན་གཙོ་བོ་ནི། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་། ༸གོང་ས་མཆོག་གམ་༸གོང་ས་མཆོག་གི་སྐུ་ཚབ་གཉིས་བར་ལ་དོན་སྙིང་ལྡན་པའི་གྲོས་མོལ་ཞིག་ཡོང་བ་ལ་མཐུན་འགྱུར་བྱེད་རྒྱུ་དེ་ཡིན། ” བཅས་འཁོད་ཡོད།

ཕྱི་ལོ་ ༢༠༡༦ ཟླ་བ་ ༦ ཚེས་ ༢༦ ཉིན་ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་རྒྱལ་ས་ཨིན་ཌི་ཡ་ན་པོ་ལིསི་རུ། ཨ་རིའི་གྲོང་སྡེའི་སྤྱི་ཁྱབ་པའི་ལྷན་ཚོགས་སྟེང་། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་སྐུ་ཧི་ལ་རི་ཁི་ལིན་ཊོན་གྱིས་གཏམ་བཤད་ཀྱི་ཞོར་འཕྲོས་སུ་༸གོང་ས་མཆོག་གི་མཚན་སྨོས་ཙམ་བྱེད་པ་ལས། ད་བར་སྲིད་འཛིན་འོས་མི་གཉིས་ཀས་བོད་དོན་དང་འབྲེལ་བའི་བསྒྲགས་གཏམ་གང་ཡང་སྤེལ་མེད། འོས་བསྡུ་ཆེན་མོའི་གོང་གི་ཟླ་ཤས་ནང་དུ་། སྲིད་འཛིན་འོས་མི་གཉིས་ཀས་བོད་དོན་དང་འབྲེལ་བའི་གལ་གནད་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་གྱི་ཡོད་མེད་ད་དུང་བརྗོད་ཧ་ཅང་དཀའ་བ་ཞིག་རེད།

བོད་མི་ཨ་རིའི་མི་སེར་བ་དང་། བོད་དོན་རྒྱབ་སྐྱོར་བའི་གྲོགས་པོ་གྲོགས་མོ་རྣམས་ཀྱིས་ད་རེའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་དེར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།

རྩོམ་པ་པོའི་ངོ་སྤྲོད།

tibettimesབུ་ཆུང་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༩༥ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བརྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ལས་བཞུགས་གནང་བ་དང་། ད་ལྟའི་ཆར་འགན་འཛིན་གཞོན་པའི་ལས་འཁུར་བཞེས་བཞིན་ཡོད། ཁོང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ལས་བཞུགས་མ་གནང་གོང་དུ། རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་བང་ཆེན་ཞེས་པའི་གསར་འགྱུར་ལས་ཁང་དུ་གསར་འགོད་པ་དང་། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཀྱི་ཕྱག་ལས་ཀྱང་གནང་ཡོད།

ཁོང་ནི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཡིན་ལ། ༢༠༠༢ ནས་ ༢༠༡༠ ལོའི་བར་ཁོང་རང་བོད་རྒྱ་ཞི་མོལ་སྐུ་ཚབ་དང་ལྷན་དུ་རྒྱ་ནག་ཏུ་ཕེབས་ཡོད། ཁོང་གིས་རྒྱ་གར་དང་བལ་པོ། བོད། སུད་སི། ཨ་རི་བཅས་ཀྱི་གསར་དེབ་ཁག་ཏུ་བོད་དང་འབྲེལ་བའི་གནད་དོན་ཐོག་རྩོམ་ཡིག་མང་པོ་སྤེལ་ཡོད། དེ་བཞིན། ཁོང་རང་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་གི་ངོ་ཚབ་ཐོག་ནས་ཨ་རིའི་གྲོས་ཚོགས་དང་། དེ་བཞིན་གཙུག་ལག་སློབ་ཁང་དང་ཞིབ་འཇུག་ལས་ཁང་བཅས་སུ་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་བཞིན་ཡོད།

མ་རྩོམ་འབྲེལ་ཐག https://weblog.savetibet.org/2016/08/the-next-american-president-and-tibet/

འབྲེལ་ཡོད་གསར་འགྱུར།

རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese