མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོཊ་ཚོཊ་དུས་གཉིས་པ་ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༩ བར་འཚོཊ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༩ བར་འཚོགས་རྒྱུ་ཡིན་འདུག

_DSC0002ཟླ་འདིའི་ཕྱི་ཚེས་ ༢༠ ནས་ཉིན་གྲངས་ ༩ རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་རྒྱུ་ཡིན་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་སྟོབས་རྒྱལ་ལགས་སུ། ཐེངས་འདིའི་ཚོགས་དུས་ཐོག་ལས་རིམ་གཙོ་བོ་ག་རེ་ཡོད་སྐོར་བཅར་འདྲི་ཞུས་པར། གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུའི་རིང་གི་ལས་རིམ་གཙོ་བོ་དེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཟླ་བ་ཁ་ཤས་ཀྱི་སྔོན་ནས་སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་གནང་བ་དེའི་ཐོག་དྲི་བ་དྲིས་ལན་དང་བགྲོ་གླེང་གནང་རྒྱུ། དེ་བཞིན། གྲོས་ཚོགས་རང་གི་ནང་བློན་ཆེན་ལས་ཁུངས་བདུན་ནས་ལས་བསྡོམས་སྙིང་བསྡུས་རེ་སྙན་སྒྲོན་ཞུས་པ་དེར་དྲི་བ་དྲིས་ལན་དང་བགྲོ་གླེང་གནང་རྒྱུ་དང་། སྲིད་སྐྱོང་མཆོག་དང་ཕྱག་རོགས་བཀའ་བློན་རྣམ་པར་སྐར་རྟགས་ཅན་གྱི་དྲི་བ་ཁག་ཅིག་ཡོང་རྒྱུ་ཡིན་ལ། དེའི་ཐོག་འཆར་ཅན་ལྟར་དེ་རིང་རང་སྤྱི་ཟུར་བསྟན་འཛིན་མགོན་པོ་ལགས་སྐུ་གྲོངས་ཡོད་པས་ཐེངས་འདིའི་ཚོགས་དུས་ཐོག་མྱ་ངན་གུས་འདུད་ཀྱི་གྲོས་གཞི་གྲོས་འཆར་ཞིག་དང་། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་ཡི་ཡོད་པ་དང་གཞིས་ལུས་བོད་མིའི་དཀའ་ངལ་ཆེ་རུ་ཆེ་རུང་འགྲོ་བཞིན་ཡོད་སྟབས། དེའི་ཐོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་རྒྱུ་དང་། སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་འཆར་དང་གཞུང་འབྲེལ་གྱི་གྲོས་གཞི་གྲོས་འཆར་ཡོང་གི་རེད་ལ། སྒྲིག་གཞི་བསྐྱར་བཅོས་དེ་འདྲ་ཡང་ཁ་ཤས་བསླེབ་ཡོང་གི་ཡོད་སྐོར་བརྗོད་བྱུང་།

འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ལས་རིམ་འདྲ་ཡོད་མེད་དྲིས་པར་ཁོང་གིས། དེའི་ཐོག་གྲོས་ཚོགས་སྔོན་མའི་ནང་གྲོས་ཆོད་བཞག་པ་གཞིར་བཟུང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་བཀའ་བསྡུར་དེ་འདྲ་ཐེངས་འདིའི་ལས་རིམ་ནང་བསླེབ་ཀྱི་མེད་པ་དང་། ཟུར་དུ་ཆེད་འཛུགས་གནང་བའི་ཚོགས་ཆུང་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སམ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་སྒྲིག་འཛུགས་དང་མི་མང་མི་རེ་ངོ་རེ་ནས་དགོངས་འཆར་ག་རེ་ཡོད་པ་ཚང་མ་རུག་རུག་བྱས་ཏེ། ཚོགས་ཆུང་ནང་བཀའ་སྡུར་ཞིབ་ཕྲ་གནང་རྗེས། མཐའ་མའི་གྲུབ་དོན་དེ་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་སྙན་སྒྲོན་ཞུས་ཏེ་བཀའ་སྡུར་གཏན་འབེབས་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཡང་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་དེ་འདྲ་བསྣམ་ཡོང་གི་ཡོད་མེད་བཀའ་འདྲི་ཞུས་པར། ད་ལན་དམིགས་བསལ་གྱིས་སྙན་ཐོ་དེ་འདྲ་བསྣམ་ཕེབས་ཀྱི་མ་རེད་བསམ་གྱི་འདུག ཡིན་ནའང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པའི་སྙན་ཐོ་དེ་སྔོན་ཕུལ་ཟིན་པ་དང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་སྙན་ཐོ་དེའི་ནང་ཡོད་པའི་སྐྱོན་ཆ་རྣམས་གཙང་སེལ་དང་ཞིབ་འཇུག་གནང་བའི་མཐའ་མའི་ལས་བསྡོམས་འདྲ་བོ་ཞིག་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཚར་ཡོད་པ་རེད། འོན་ཀྱང་། ཐེངས་འདིའི་གྲོས་ཚོགས་ཐོག་བཀའ་ཤག་གི་ལས་བསྡོམས་སྙན་སྒྲོན་ཞུ་བའི་འཆར་གཞི་ད་ལྟའི་ཆར་མེད་པ་དང་། སྤྱི་འཐུས་རྒྱུན་ལས་དང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ནས་བཀའ་ཤག་གི་ལས་བསྡོམས་ལ་ཞིབ་འཇུག་གནང་དགོས་ལ། ཐེངས་འདིའི་གྲོས་ཚོགས་ཐོག་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པ་འཛུགས་པའི་དགོངས་གཞི་ཡོད་སྐོར་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཚོགས་དུས་འདིའི་ཐོག་ཕྱི་དྲིལ་བཀའ་བློན་འོས་འདེམས་གནང་བའི་ལས་རིམ་ཡོད་མེད་བཀའ་འདྲི་ཞུས་པར། ད་ལྟ་གྲོས་ཚོགས་ཀྱི་ལས་རིམ་རྣམས་རགས་ཟིན་འགྲོ་བཞིན་ཡོད་པས་མ་འོངས་པར་རྒྱས་པ་ཡོང་རྒྱུ་ཡིན་ལ། འཛིན་སྐྱོང་ནས་ཚོགས་དྲུང་ལས་ཁུངས་ལ་བཀའ་བློན་འོས་འདེམས་གནང་རྒྱུའི་ལས་རིམ་ཡོད་མེད་སྐོར་ད་ལྟའི་ཆར་གང་ཡང་གསུང་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 2

  1. རི་བོ། says:
    ལོ་ 10 སྔོན།

    ད་བསྟན་སྲུང་དམར་ནག་གཉིས་དཔང་ལ་བཙུགས་ནས་མང་ཚོགས་ལ་འཐོམ་ཞྭ་གཡོག་མཁན་ཚོས་ཡང་བསྐྱར་གྲོས་ཚོགས་ནང་ཟློས་གར་ག་རེ་འཁྲབ་རྩིས་ཡོད་མེད་མགྱོགས་པོར་མཐོང་ཡོང་གི་རེད།

    Reply
  2. ྗAbharu Jigwang says:
    ལོ་ 10 སྔོན།

    ༅༅།་གྲོས་ཚོགས་མགྱོགས་པོ་འཚོགས་གནང་རྒྱ་རེད་ཤག་ ཐུགས་རྗེ་གཟིགས་་་ད་ཡག་པོ་ཐུགས་ལ་བཞག་རོགས
    སྔོན་མ་ནང་བཞིན་སྲིད་སྤྱི་ཁྲིམས་ཞིབ་ནས་ཞབས་འདྲེན་མ་བཞག་རོགས་གནང།
    ཕྲན་བུ་ཐུགས་སྣང་གནང་དགོས་། མང་ཚོགས་ལ་ངོ་ཡང་ཚ་།
    ཁྲིམས་སྒྲིག་ལས་མ་བརྒལ་བ་ངེས་པར་ཟབ་དགོས།
    སྲིད་སྐྱོང་ནས་སླར་ཡང་ཟླ་སྒྲོན་ལགས་སྤྱི་འཐུས་ནས་མནའ་མ་གོ་ལོག་པ་དེ་བསུ་འཆར་ཡོད་ངེས་རེད།
    ད་དངོས་གནས་སྤྱི་འཐུས་ནས་ཐུགས་སེམས་ཡག་པོ་བཞེས་དགོས། སྒྲིག་གཞི་ལས་མ་བརྒལ་བ་ངེས་པར་གནང་
    དགོས་པ་ཡིན། དང་པོ་སྲིད་སྤྱི་གཉིས་ནས་བསྟན་པ་དང་པོ་དེ་བཤིགས། བསྟན་པ་གཉིས་པ་དེ་སྲིད་སྤྱི་ཁྲིམས་ཞིབ་
    བཤིགས་། ད་བསྟན་པ་གསུམ་པ་དེ་མ་བཤིགས་རོགས་གནང། ༧གོང་ས་མཆོག་གི་སྙན་ལ་གསན་ན་གང་འདྲ་
    ཡོང་ས་རེད།
    བོད་ཀྱི་དུས་བབ་ནས་སྔོན་བཞིན་སྒྲིག་གཞིའི་ནང་གསལ་བཞིན་ལག་བསྟར་བྱེད་ཀྱི་ཡོད་མེད་ངེས་པར་གཟིགས་་རོགས་
    སྒུག་ནས་བསྡད་ཀྱི་ཡིན། བཀྲིས་བདེ་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese