མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་ལྔ་པ་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་ལྔ་པ་བྱས་པར་རྒྱལ་ཁབ་མང་པོས་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ་ཡུལ་དེའི་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་ལ་བཀག་སྡོམ་ཤུགས་ཆེ་རུ་གཏོང་དགོས་སྐོར་རྗོད་ཀྱི་འདུག

_91080183_north_korea_nuclear_tests_624map_v5དེ་རིང་བྱང་ཀོ་རི་ཡའི་རྒྱལ་སྟོན་དུས་ཆེན་དང་སྟབས་བསྟུན་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་ལྔ་པ་དེ་བྱས་ཡོད་པ་དང་། ཡུལ་དེའི་དབུས་བརྙན་འཕྲིན་ཁང་གིས་ཚོད་ལྟ་བྱེད་སྐབས་ཉེ་འགྲམ་ཁོར་ཡུག་ལ་གནོད་སྐྱོན་གང་ཡང་མ་ཐེབས་པར་ལེགས་འགྲུབ་བྱུང་བར་བརྟེན། བྱང་ཀོ་རི་ཡ་གཞུང་གིས་བྱང་ཕྱོགས་རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་ལྟེ་གནས་ཀྱི་རྡུལ་ཕྲན་ཚན་རིག་པ་དང་ལག་རྩལ་མི་སྣར་བསྔགས་བརྗོད་རྟེན་འབྲེལ་ཞུས་ཡོད་སྐོར་བསྒྲགས་ཡོད་པ་དང་། ཨ་རི་དང་ཉི་ཧོང་། ཨུ་རུ་སུ་སོགས་འཛམ་གླིང་རྒྱལ་ཁབ་མང་པོས་བྱང་ཀོ་རི་ཡའི་བྱ་སྤྱོད་དེར་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་འདུག

བྱང་ཀོ་རི་ཡ་དབུས་བརྙན་འཕྲིན་ཁང་གིས། ཨ་རི་སོགས་ཀྱིས་བྱང་ཀོ་རིའི་རྡུལ་ཕྲན་མཚོན་ཆའི་འཐབ་འཛིང་གི་ནུས་སྟོབས་ལ་དགྲ་འཛིན་གྱི་འདུ་ཤེས་བཟུང་སྟེ་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། གནག་སེམས་ཆེན་པོས་བྱང་ཀོ་རི་ཡའི་རང་སྲུང་ནུས་སྟོབས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་སྟབས། ཐེངས་འདིའི་འགད་གཏོར་གྱི་ཚོད་ལྟ་དེ་ཁོ་ཚོའི་འཇིགས་སྐུལ་དང་བཀག་འགོག་གི་བྱ་སྤྱོད་ལ་དོན་དངོས་རང་བཞིན་གྱི་ཐོག་ནས་རྒོལ་ལན་སློག་པའི་ཆ་ཤས་ཤིག་ཡིན་པ་དང་། ཐེངས་འདིའི་ཚོད་ལྟ་ཡིས་བྱང་ཀོ་རི་ཡ་གཞུང་དང་མི་མང་ལ་འདི་ལྟ་བུའི་ནུས་སྟོབས་ཆེན་པོ་ཡོད་པ་བསྟན་པ་མ་ཟད། བྱང་ཀོ་རི་ཡའི་ཕྱོགས་ནས་འགོག་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་ཁག་གིས་རྒོལ་ལན་སློག་པར་གྲ་སྒྲིག་ཡག་པོ་བྱས་ཡོད་སྐོར་དང་། མ་འོངས་བར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་རང་སྲུང་ནུས་སྟོབས་ཨ་རི་ལས་བརྒལ་ཐུབ་པར་མུ་མཐུད་ཤུགས་གནོན་རྒྱག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷི་ཡིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་ ༥ པ་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེན་གནང་གི་ཡོད་སྐོར་བརྗོད་ཡོད་པ་དང་། ཉི་ཧོང་གི་ནང་སྲིད་བློན་ཆེན་ (Yoshihide Suga )ལགས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ལ་སྔར་ལས་བཀག་སྡོམ་ནན་པོ་བྱེད་པར་མནོ་བསམ་གཏོང་དགོས་སྐོར་བརྗོད་འདུག

དེ་རིང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་གྱིས། བྱང་ཀོ་རི་ཡ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ངོ་རྒོལ་ལ་ཅི་ཡང་མི་འཛེམས་བར་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་ ༥ པ་བྱས་པ་དེར་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་ཡོད་པ་གསལ་བསྒྲགས་བྱས་ཡོད་ལ། བྱང་ཀོ་རི་ཡའི་ནང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་བ་དང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དར་ཁྱབ་ལ་བཀག་འགོག་བྱེད་པ་མངོན་འགྱུར་བྱུང་རྒྱུ་ནི་རྒྱ་ནག་ཕྱོགས་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་ཡིན་སྟབས། བྱང་ཀོ་རི་ཡ་གཞུང་གིས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་བའི་ཁས་ལེན་ལག་བསྟར་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་བརྩི་སྲུང་བྱས་ཏེ། སྡུག་ཕྱོགས་ཀྱི་བྱ་སྤྱོད་ག་རེ་ཡིན་ནའང་མཚམས་འཇོག་ཡོང་ཐབས་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུག

ཡང་གསར་འགོད་པས་མགྲིན་ཚབ་པར་རྒྱ་ནག་ཕྱོགས་ནས་མ་འོངས་པར་བྱང་ཀོ་རི་ཡའི་བྱ་སྤྱོད་དེ་འགོག་ཐབས་ག་འདྲ་བྱ་རྒྱུ་ཡིན་པ་དང་། བྱང་ཀོ་རི་ཡ་གཞུང་གིས་ཐེངས་འདིའི་ཚོད་ལྟ་མ་བྱས་གོང་དུ་རྒྱ་གཞུང་ལ་སྔོན་བརྡ་འབྱོར་ཡོད་མེད་འདྲི་སྐབས། རྒྱ་ནག་ཕྱོགས་ནས་མུ་མཐུད་འབྲེལ་མོལ་གྱི་ཐབས་ལམ་ལ་བརྟེན་ནས་བྱང་ཀོ་རི་ཡ་དང་འབྲེལ་བའི་གནད་དོན་ཐག་གཅོད་རྒྱུ་ཡིན་སྐོར་དང་། ཚོད་ལྟའི་སྔོན་བརྡ་འབྱོར་ཡོད་མེད་ཐད་མོ་རང་ལ་གནས་ཚུལ་གང་ཡང་མཁོ་སྤྲོད་བྱ་རྒྱུ་མེད་སྐོར་བརྗོད་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རི་ཡིས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཡིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན་པའི་ཅ་ནས་ཧ་ཅང་སེམས་འཚབ་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུ། ཨ་རི་ཡང་གནད་དོན་འདིར་སེམས་འཚབ་ཡོད་སྟབས། སྲིད་འཛིན་ཨོ་བྷ་མས་འདིའི་ཐད་གསུང་བཤད་གནང་ངེས་རེད་ལ། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་དང་ལྷན་དུ་དེའི་ཐད་གོ་བསྡུར་གནང་རྒྱུ་ཡིན་སྐོར་བརྗོད་འདུག

བྱང་ཀོ་རི་ཡ་གཞུང་གིས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་དང་པོ་དེ་ཕྱི་ལོ་ ༢༠༠༦ ལོར་ཁེམ་ཅུང་ཨིལ་གྱི་དབང་འཛིན་འོག་མགོ་བཙུགས་ཏེ། ཕྱི་ལོ་ ༢༠༠༩ དང་ཕྱི་ལོ་ ༢༠༡༣ ལོ་བཅས་ལ་ཚོད་ལྟ་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༦ ཉིན་སྲིད་འཛིན་ཁེམ་ཅུང་ཨན་གྱི་དབང་འཛིན་འོག་ཚོད་ལྟ་བྱས་ཡོད་པ་དང་། ད་ལན་གྱི་ཚོད་ལྟ་དེ་འདི་ལོའི་ཐེངས་གཉིས་པ་དེ་ཆགས་ཡོད་འདུག བྱང་ཀོ་རི་ཡ་གཞུང་གིས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཡིས་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་ལ་འཇིགས་སྣང་རིམ་པར་སློང་གི་ཡོད་པ་མ་ཟད། ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་འཛམ་གླིང་རྒྱལ་ཁབ་མང་པོས་སྐྱོན་བརྗོད་དང་སྦྲགས། བྱང་ཀོ་རི་ཡར་དཔལ་འབྱོར་སོགས་ཀྱི་ཐོག་ནས་ཉེས་ཆད་གཅོད་པའི་བྱེད་ཐབས་ལག་བསྟར་བྱེད་ཀྱི་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་གིས་རང་སྲུང་གི་སྟོབས་ཤུགས་ཤིག་ཡིན་སྐོར་བརྗོད་ནས་མུ་མཐུད་དུ་ཚོད་ལྟ་བྱས་ཏེ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་རང་སྲུང་སྟོབས་ཤུགས་ལ་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་ཁ་གཏད་གཅོག་ཐབས་མེད་པ་ཞིག་བཟོ་རྒྱུ་ཡིན་སྐོར་རྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༥ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese