མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུང་ཞིན་ཀོ་ལ་ཞིབ་བཤེར་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་གཤེར་ལྷན་ཁང་གིས་ཐེན་ཅིན་གྲོང་ཁྱེར་སྤྱི་ཁྱབ་པ་ཧུང་ཞིན་ཀོ་ཡིས་ཏང་གི་སྒྲིག་ཁྲིམས་ལ་གཏོར་བརླག་དང་ལྐོག་རྔན་སྤྲོད་ལེན་བྱས་པའི་ནག་ཉེས་ལ་ཞིབ་བཤེར་བྱེད་བཞིན་ཡོད་ཟེར།

9e0a5804-7764-11e6-800a-ae97f003174d_1280x720ཁ་སང་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ (CCDI) གིས། ཐེན་ཅིན་གྲོང་ཁྱེར་གྱི་ཞོགས་པའི་ཚགས་པར་སྟེང་། རྒྱ་ནག་ཤོར་ཕྱོགས་ཐེན་ཅིན་གྲོང་ཁྱེར་སྤྱི་ཁྱབ་པ་ཧུང་ཞིན་ཀོ་ (Huang Xingguo) ཡིས་ཏང་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་བྱ་འགུལ་དང་སྒྲིག་ཁྲིམས་ལ་གཏོར་བརླག་ཚབ་ཆེན་བཟོས་པ་མ་ཟད། ལྐོག་རྔན་སྤྲོད་ལེན་བྱས་པའི་ནག་ཉེས་ཐོག་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བཤད་འདུག

ཐེན་ཅིན་གྲོང་ཁྱེར་གྱི་ཞོགས་པའི་ཚགས་པར་སྟེང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གཏོར་བརླག་གཏོང་མཁན་ཚོར་ཞིབ་བཤེར་ནན་མོ་བྱེད་དགོས་སྐོར་བཤད་ཡོད་ནའང་། ཧུང་ཞིན་ཀོ་ཡིས་ལྐོག་རྔན་ག་ཚོད་སྤྲོད་ལེན་བྱས་ཡོད་མེད་དང་། ཁོར་ག་དུས་ཁྲིམས་ཐག་གཅོད་རྒྱུ་ཡིན་མིན་སྐོར་གསལ་བཤད་བྱས་མེད་པ་རེད།

ཧོང་ཀོང་རང་དབང་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཧུང་ཞིན་ཀོ་ལ་ཞིབ་བཤེར་བྱེད་དོན་གཙོ་བོ་ན་ནིང་ཕྱི་ཟླ་ ༨ ནང་ཐེན་ཅིན་གྲུ་ཁར་བྱུང་བའི་འབར་གས་དོན་རྐྱེན་དང་འབྲེལ་བ་ཡོད་པ་དང་། སྐབས་དེའི་རྫས་འགྱུར་འབར་གས་བྱུང་བའི་ཁྲོད་དུ་མི་ ༡༦༢ ཀྱི་ཚེ་སྲོག་ཤོར་ཡོད་སྐོར་བཀོད་འདུག

ཧུང་ཞིན་ཀོ་ནི་རྒྱ་ནག་ཀྲེ་ཅང་ཞིང་ཆེན་གྱི་ཞང་ཧྲན་གྲོང་ཚོ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༦༡ ཡིན་པ་དང་། ཕྱི་ལོ་ ༡༩༧༣ ནས་ ༡༩༨༧ ཞང་ཧྲན་གྲོང་ཚོའི་དམར་ཤོག་དྲུང་ཆེ་དང་། ཕྱི་ལོ་ ༢༠༠༣ ལོ་ནས་སྔ་རྗེས་སུ་ཐེན་ཅིན་གྲོང་ཁྱེར་སྤྱི་ཁྱབ་གཞོན་པར་བསྐོ་བཞག་བྱས་ཡོད་འདུག

ཟླ་སྔོན་མར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་དེ་སྔའི་ཐེན་ཅིན་གྲོང་ཁྱེར་སྤྱི་ཁྱབ་པ་ཟུར་བ་ཡན་ཧེ་ལིན་ (Yin Hailin) གྱིས་ལྐོག་རྔན་སྤྲོད་ལེན་བྱས་པའི་ནག་ཉེས་ཐོག་འཛིན་བཟུང་ཞིབ་བཤེར་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༨ པའི་སྟེང་རྒྱལ་ནང་དང་ཏང་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་བྱ་འགུལ་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་པ་ནས་ད་ལྟའི་བར་རྒྱ་ནག་དབུས་སྒྲིག་ཁྲིགས་ཞིབ་བཤེར་ཁང་གིས། དམར་ཤོག་ཚོགས་པ་ནང་ཁུལ་གྱི་གནད་ཡོད་དཔོན་རིགས་ཟུར་བ་དང་ལས་ཐོག་དཔོན་རིགས་ཁྱོན་ ༡༢༠ དང་། དཔོན་རིགས་དེ་ཚོ་དང་འབྲེལ་ཡོད་མི་མང་ ༡༠༠༠༠༠ ལྷག་འཛིན་བཟུང་དང་ཞིབ་བཤེར། བཙོན་འཇུག་བཅས་བྱས་ཡོད་འདུག

ཐེན་ཅིན་ནི་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཡིན་ཞིང་། ཐེན་ཅིན་གྲུ་ཁ་ནི་རྒྱ་ནག་ནུབ་རྒྱུད་ཀྱི་དཔལ་འབྱོར་ཐོན་སྐྱེད་དང་འཁོར་རྒྱུག་གི་ལྟེ་བ་གཙོ་བོ་ཞིག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

ཆུ་ཚོད་ ༥ སྔོན་ལ།
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧
དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

༢༠༢༦/༠༩/༡༧
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese