མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ་དང་རྒྱ་ནག་མཉམ་འབྲེལ་དམག་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུ་དང་རྒྱ་ནག་གཉིས་མཉམ་འབྲེལ་ཐོག་དམག་སྦྱོང་ཞིག་རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་དུ་མགོ་བཙུགས་ཡོད་པ་དང་། དམག་སྦྱོང་དེའི་དམིགས་འབེན་གཙོ་བོ་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་དམག་དཔུང་སྟོབས་ཤུགས་ལ་ཡ་ལན་སློག་ཐབས་ཤིག་ཡིན་འདུག

54286015རྒྱ་ནག་ལྷོ་རྒྱུད་ནངས་མོའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ནས་ཀུང་ཏུང་ཞིང་ཆེན་ཀྲན་ཅང་ (Zhanjiang) གྲུ་ཁར། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ཉིན་ ༨ རིང་གི་དམག་སྦྱོང་མགོ་བཙུགས་ཡོད་པ་དང་། དམག་སྦྱོང་དེ་ནི་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་དང་འབྲེལ་བའི་ཕྱིའི་རྒྱལ་ཁབ་ཁག་གི་དམག་དཔུང་སྟོབས་ཤུགས་ལ་དམིགས་པ་ཞིག་ཡིན་ཞིང་། ཐེངས་འདིའི་དམག་སྦྱོང་ཁྲོད་ཨུ་རུ་སུ་དང་རྒྱ་ནག་གི་མཁའ་མཚོ་གཉིས་ཀྱི་དྲག་ཆས་དམག་དཔུང་ཁག་མཉམ་ཞུགས་བྱས་ཡོད་འདུག

རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཟེར་བའི་མགྲིན་ཚབ་པ་ལང་ཡང་ (Liang Yang) ཟེར་བ་ཞིག་གིས། ཨུ་རུ་སུ་དང་རྒྱ་ནག་གཉིས་མཉམ་འབྲེལ་དམག་སྦྱོང་ཁྲོད། མཁའ་མཚོ་གཉིས་ཀྱི་དམག་དཔུང་གིས། མཚོ་ཐོག་དམག་གྲུ་དང་ཆུ་འཛུལ་དམག་གྲུ། མཁའ་དམག་གནམ་གྲུ་སོགས་ཀྱི་དམག་སྦྱོང་བྱེད་ཀྱིན་ཡོད་ཚུལ་བཤད་འདུག

རྒྱ་ནག་གཞུང་ཕྱོགས་ནས་ཐེངས་འདིའི་དམག་སྦྱོང་དེ་ནི་ཕྱིའི་རྒྱལ་ཁབ་ཁག་ལ་དམིགས་པ་ཞིག་མིན་ལུགས་བཤད་ཡོད་ནའང་། རྒྱ་ནག་གི་དམག་དོན་རྟོགས་ཞིབ་པ་ཟུར་བ་ཡུ་ཀང་ (Yue Gang) ཟེར་བ་ཞིག་གིས། ཨུ་རུ་སུ་དང་རྒྱ་ནག་གཉིས་མཉམ་འབྲེལ་དམག་སྦྱོང་དེ་ནི་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་དམག་དཔུང་སྟོབས་ཤུགས་ལ་ཡ་ལན་སྤྲོད་ཐབས་ཤིག་ཡིན་ལུགས་བཤད་འདུག

གནས་ཚུལ་ལྟར་ན། ཕྱི་འབྲེལ་དང་དམག་དོན་ཐད་ནས་ནམ་རྒྱུན་ཨུ་རུ་སུ་དང་རྒྱ་ནག་གཉིས་མཉམ་འབྱེལ་གྱིས་ནུབ་གླིང་རྒྱལ་ཁབ་ཁག་གི་དྲག་པོའི་དམག་དཔུང་ལ་ཡ་ལན་སློག་བཞིན་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༨ ནང་ཨུ་རུ་སུ་དང་རྒྱ་ནག་གཉིས་མཉམ་འབྲེལ་ཐོག་ཨུ་རུ་སུའི་ལྷོ་རྒྱུད་གྲུ་ཁ་ (Vladivostok) རུ་དམག་སྦྱོང་བྱས་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ཀྱི་དམག་ཆས་གྲུ་གཟིངས་ ༢༢ དང་མཁའ་དམག་གནམ་གྲུ་ ༢༠། ཆུ་འཛུལ་དམག་གྲུ་ ༥༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ན་ནིང་ཡུ་རོབ་ཀྱི་མཚོ་ནག་པོ་ (Black Sea) དང་མཚོ་དཀྱིལ་རྒྱ་མཚོའི་ (Mediterranean) ཁུལ་དུ་དམག་རྩེད་སྦྱོང་བརྡར་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༨ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese