མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ པ་དེ་ར་ལྦང་ལར་ཉིན་གསུམ་རིང་ཚོགས་ཡོད་འདུག

DSC00002

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༧ ནས་ ༩ བར་གྱི་ཉིན་གསུམ་རིང་། བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ པ་དེ་ར་ལྦང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་ཚོགས་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སློབ་སྟོན་པ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་ལགས་དང་། འབྲས་ལྗོངས་ར་ལྦང་ལ་མཉམ་འབྲེལ་དེབ་བསྐྱེལ་ལས་ཁུངས་ཀྱི་ལས་བྱེད་པདྨ་རྡོ་རྗེ་ལགས་དང་། སི་ཀེ་རའི་ C K Rai ལགས། སྒང་ཏོག་དང་ར་སྦང་ལ་ས་གནས་མགོ་འཛིན། དེ་བཞིན། ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་བཅས་ཕེབས་ཡོད།

སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་ཡིད་དགའ་ལགས་ཀྱིས་སྐུ་མགྲོན་རྣམས་ཕེབས་བསུ་དང་སྦྲགས་ད་ལྟའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གནས་སྟངས་ངོ་སྤྲོད་གནང་རྗེས། སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་ལགས་ཀྱིས་སྤྱི་མཐུན་མཉམ་འབྲེལ་གྱི་འཕེལ་རིམ་དང་མ་འོངས་ལས་འཆར། དེ་བཞིན། བོད་མིའི་གཞིས་ཆགས་ཁག་གི་མཉམ་འབྲེལ་ནང་མི་མང་མཉམ་ཞུགས་དང་གཞོན་སྐྱེས་ཚོས་ཆ་ཤས་བླངས་ཏེ། སོ་སོའི་གཞིས་ཆགས་ཡར་རྒྱས་གཏོང་ཐབས་ཐོག་ཧུར་ཐག་གནང་ཡོད་སྐོར་དང་། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་སློབ་སྟོན་པ་གནང་རོགས་ཞེས་རེ་འདུན་ཞུས་པ་ལྟར་མོས་མཐུན་གནང་ཡོད་སྐོར་སོགས་བརྗོད་སོང་།

དེའི་རྗེས་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སློབ་སྟོན་པའི་ལས་གནས་འདིར་མོས་མཐུན་ཞུ་རྒྱུར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནི་མི་མང་དང་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས། མང་ཚོགས་ཀྱི་བདེ་དོན་ཆེད་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཆགས་ཡོད། ཅེས་དང་། བོད་མིའི་གཞིས་ཆགས་ཁག་ཐོག་མར་གསར་འཛུགས་སྐབས་དཀའ་ངལ་འཕྲད་དུས་མཉམ་འབྲེལ་གྱིས་བོད་མིའི་གཞིས་ཆགས་ཁག་གི་ནང་ཡར་རྒྱས་ཀྱི་བྱེད་སྒོ་སྤེལ་ཡོད་སྐོར་སོགས་བརྗོད་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་བོད་པའི་སྤྱི་ཚོགས་ནང་དགོས་མཁོ་བསྐྲུན་པར་བསྔགས་བརྗོད་དང་། སྤྱི་མཐུན་མཉམ་འབྲེལ་གྱི་འཛིན་སྐྱོང་གནད་སྨིན་ཡོང་སླད་མཉམ་འབྲེལ་གྱི་སྒྲིག་གཞི་དང་། གནས་ཡུལ་རྒྱལ་ཁབ་དང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལྟར་བརྩི་སྲུང་བྱ་གལ་ཆེ་བ། འབྲེལ་ཡོད་མི་སྣ་རྣམས་ལ་ཚོགས་པའི་དམིགས་ཡུལ་དང་འགན་འཁྲི་སོགས་ཀྱི་སྐོར་ཟབ་སྦྱོང་དང་སྦྱོང་བརྡར་སོགས་ཕུལ་ཏེ་ཚོགས་པ་དེ་ལམ་ལྷོངས་ལྡན་པ་ཞིག་བཟོ་གལ་ཆེ་སྐོར་གསུངས་སོང་།

ད་དུང་བཀའ་བློན་མཆོག་གིས་ཚོང་ལས་ནང་མི་མང་གི་མཉམ་བཞུགས་དགོས་སྐོར་དང་བཀའ་ཤག་སྐབས་ ༡༥ ལས་འཆར་ལྔ་དང་ལྔ་བཅུ། དེ་བཞིན་ ༼བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིས་བྱུས་ ༢༠༡༤༽ ལག་སྟར་གནང་ཕྱོགས་དང་། སྲིད་བྱུས་དེའི་འོག་མཉམ་འབྲེལ་བྱས་ཏེ་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་སོ་སོའི་ཁེ་ཕན་རིགས་ཐོབ་ཐབས་བྱ་དགོས་སྐོར་གསུངས།

སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་ཆེན་ཉིན་དང་པོར་ས་གནས་མཉམ་འབྲེལ་ཁག་གི་འདས་པའི་ལོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲ། འབྱུང་འགྱུར་ལས་དོན་བྱེད་འཆར་དང་སྔོན་རྩིས་སྐོར་སྙན་སེང་དང་། ཕན་ཚུན་ལེགས་སྤེལ་ཉེས་འགོག་གི་དྲི་པ་དྲིས་ལན་དང་། ཉིན་གཉིས་པར་སྔ་ལོའི་འཛིན་སྐྱོང་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་ཀྱི་ལག་བསྟར་མཇུག་སྐྱོང་སྐོར་ལ་བསྐྱར་ཞིབ། ཉིན་གཉིས་པ་དང་གསུམ་པར་ཚོགས་ཆུང་ཁག་གསུམ་དུ་ཆ་བགོས་བྱས་ཏེ། མ་འོངས་པར་ལས་གཞི་རྒྱ་སྐྱེད་དང་འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་དང་གྲོས་ཆོད་བཞག་ཡོད།

ཐེངས་འདིའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལས་ཁང་གིས་ཨོ་རི་ས་ཕུན་ཚོགས་གླིང་མཉམ་འབྲེལ་དང་རྡོར་གླིང་བསུ་ན་མདའ་མཉམ་འབྲེལ་གཉིས་བཙུགས་ཏེ་སྤྱི་ཚོགས་ལ་མཐུན་འགྱུར་དང་ཞབས་འདེགས་རྒྱ་ཆེ་ཞུས་གནང་པར་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་འཚམས་འདྲི་དང་ལེགས་སོའི་གྱི་བྱ་དགའ་སྩལ་ཡོད།

DSC00035

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༥ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese