མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟ་བོད་རྒྱ་ཞི་མོལ་ཡོང་དང་མི་ཡོང་གླེང་རྒྱུ་སྔ་དྲཊ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ནང་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐུབ་པར་ཡིད་ཆེས་དང་གདེང་ཚོད་ཡོད་མེད་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་ནས་སྔར་བཞིན་རེ་བ་གནང་གི་ཡོད་པ་མ་ཟད། རེ་བ་གསར་པའང་གནང་གི་ཡོད་སྐོར་གསུངས་སོང་།

དེ་རིང་སྐབས་བཅུ་དྲུ་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་སྔ་དྲོར། བོད་རྒྱ་ཞི་མོལ་གྱི་ལམ་ནས་དུས་ཡུན་རིང་པོ་མ་འགོར་བར་བོད་དོན་བདེན་མཐའ་གསལ་ཐུབ་པར་ཡིད་ཆེས་དང་གདེང་ཚོད་ཡོད་མེད་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་བ་དེ་གནས་གཟིགས་ཙམ་ལ་གོ་བ་ཡིན་ནམ། ཡང་ན་བོད་དོན་བདེན་མཐའ་གསལ་ནས་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་པར་གོ་དགོས་པ་ཡིན་དང་། ད་ལྟ་གནད་དོན་དེ་འགྲུབ་པར་རེ་བ་ཅུང་ཙམ་རེ་གཟིགས་ཀྱི་ཡོད་མེད་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། སྔ་ཕྱིར་ཞུས་པ་བཞིན་རང་ཕྱོགས་ནས་གྲ་སྒྲིག་ཡོད་ལ་རེ་བའང་བྱེད་ཀྱི་ཡོད་ཀྱང་། དེ་ལྟར་ཡོང་བར་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོའི་ཆོད་སེམས་ལ་རག་ལུས་ཡོད་སྐོར་དང་། བོད་དོན་བདེན་མཐའ་གསལ་ནས་༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་གནང་རྒྱུ་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ཡིན་ལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ཡང་ཡིན་པ་དང་། རྒྱ་ནག་ནང་གནས་གཟིགས་སུ་ཕེབས་འདུན་ཡོད་སྐོར་༧གོང་ས་མཆོག་ནས་སྔ་ཕྱིར་བཀའ་གནང་ཡོད་པ་ལྟར་དེ་དག་ལའང་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

འཕྲོས་དོན་དྲི་བ་དྲིས་ལན་སྐབས། སྤྱི་འཐུས་ཤིག་ནས་སྲིད་སྐྱོང་མཆོག་གི་བཀའ་ལན་ནང་རེ་བ་ཡོད་སྐོར་གསུངས་ཡོད་པ་དང་། རེ་བ་གསར་པ་དེར་བདེན་ལུགས་ཡོད་མེད་དང་། རེ་བ་དེ་རྒྱ་ནག་ལ་རག་ལུས་པའི་རེ་བ་ཞིག་ཡིན་ནམ། ཡང་ན་ང་རང་ཚོར་ཡོད་པའི་རེ་བ་གསར་པ་ཞིག་ཡིན་མིན་དང་། དེ་བཞིན་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐབས་སུ་འབད་བརྩོན་ག་རེ་གནང་དགོས་ཀྱི་ཡོད་པ་དང་། བོད་རྒྱ་འབྲེལ་གྱི་སྐུ་ཚབ་དེ་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱི་མཚན་ཐོག་ནས་རེ་བ་རྒྱག་གི་ཡོད་དམ། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་མཚན་ཐོག་ནས་རྒྱ་ནག་གཞུང་ལ་སྐད་ཆ་བཤད་པའི་གྲ་སྒྲིག་ཨང་གསར་བྱེད་ཀྱི་ཡོད་མེད་སྐོར་དོགས་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས།

བཀའ་ཤག་སྐབས་ ༡༤ དང་ ༡༥ སྐབས་སུ་ཞུས་པ་དེ་ག་རང་ཡིན། རེ་བ་ཡོད་ཅེས་ཞུས་ཡོད་པ་ནང་བཞིན་ད་ལན་ཡང་རེ་བ་ཡོད་ཅེས་ལན་རྒྱག་རྒྱུ་མ་གཏོགས་ཐ་སྙད་གཞན་བེད་སྤྱོད་གཏོང་དགོས་མི་འདུག ངས་རེ་བ་གསར་བ་གཉིས་རང་བཏོན་པ་ཡིན་ལ། གཞི་རྩའི་ང་ཚོ་འདིར་གྲོས་ཚོགས་ར་བར་བཞུགས་མཁན་སུ་ཡིན་ནའང་། རེ་བ་དེའི་ཐོག་ལ་འབད་བརྩོན་བྱས་ནས་རེ་བ་དེ་འགྲུབ་དགོས་ཀྱི་འདུག་བསམ་པའི་ཐོག་ནས། སོ་སོའི་ནུས་སྟོབས་དང་བསམ་ཚུལ་གཞིར་བཟུང་གིས་འབད་བརྩོན་བྱེད་སྡོད་ཀྱི་ཡོད་ལ། ང་ཚོས་རེ་བ་གསར་བའང་བྱེད་ཀྱི་ཡོད་པ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་སྐོར་སྐབས་དེར་ཞུས་པ་ཡིན་ལ། དེ་ཞུ་དགོས་དོན་ཚང་མས་དེ་ལ་མོས་མཐུན་གནང་གི་ཡོད་པ་དང་། དེ་ཁ་སང་རང་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་གསལ་པོ་ཞེ་དྲགས་ཡིན་པ་ལྟར། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཀྱི་འདུག་ཟེར་བ་དེ་བོད་ནང་གི་བོད་མི་ཚོའི་མངོན་འདོད་རེད། དེ་བོད་ནང་གི་བོད་མི་ཚོའི་མངོན་འདོད་ཡིན་པ་ངོས་ཟིན་པའི་ཐོག་ནས། མངོན་འདོད་དེ་འོས་བསྡུའི་སྔོན་ལ་ཞུས་ཡིན་ལ། འོས་བསྡུའི་སྐབས་ལ་ཞུས་ཡིན། ད་ལྟའང་ཞུ་ཡི་ཡོད། དེ་ང་ཚོའི་འགན་རེད། དེ་ཡང་གོམ་པ་ཆུང་ས་ནས་གོམ་པ་ཆེ་སར་སྤོ་བའི་འཆར་གཞི་ཡོད་པ་ལྟར། ད་ཆར་གོམ་པ་ཆུང་ས་ནས་ཏན་ཏན་སྤོས་ཡོད་ལ། གོམ་པ་ག་རེ་ག་རེ་སྤོས་ཡོད་ཟེར་བ་དེ་ཞིབ་ཕྲ་ཞུ་རྒྱུ་མེད་པ་དང་། གལ་ཏེ་ཞིབ་ཕྲ་ཞུས་པ་ཡིན་ན། དེས་ཕན་པ་ལས་གནོད་པ་ཆེར་ཡོང་གི་ཡོད་སྟབས། ཚང་མས་མཁྱེན་གསལ་ལྟར། བོད་རྒྱ་ཞུ་མོལ་གྱི་འགྲོ་སྟངས་དེ་ག་རང་ཡིན་པ་དང་། དེའི་ཐོག་ལ་༧གོང་ས་མཆོག་ནས་ཕྱི་ལོ་ ༢༠༠༦ ལོའི་སུམ་བཅུའི་དུས་དྲན་སྲུང་གཙིའི་སྐབས་དང་། ཕྱི་ལོ་ ༢༠༡༢ ལོར་ཡང་གསུངས་ཡོད་པ་དང་། དེ་༧གོང་ས་མཆོག་ཕྱི་ལོ་ ༡༩༥༤ ནས་ ༡༩༥༥ ལོར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་མ་ཐུབ་པ་དང་། ཁོང་དེ་སྔ་ནས་རྒྱ་ནག་ནང་གནས་གཟིགས་སུ་ཕེབས་རྒྱུ་ཐུགས་སུ་ཡོད་སྐོར་གསུངས་ཡོད་པ་རེད། གནས་ཚུལ་དེ་ཕྱི་གསལ་གནང་གསལ་རེད་མ་གཏོགས། ཉེ་ཆར་ང་ཚོ་བཀའ་ཤག་གིས་བཏོན་པའི་ཐབས་ཇུས་གང་ཡང་མ་རེད། དེ་ཡང་ཆབ་སྲིད་ཀྱི་ཐབས་ཇུས་ཟེར་ན་འདྲ། གང་སྔོན་དང་གང་རྗེས་ལ་བྱ་དགོས་པ། དེ་ལ་ཁེ་ཕན་ག་རེ་ཡོང་གི་འདུག་མི་འདུག དེའི་ཐོག་ཞིབ་ཕྲར་བགྲོ་གླེང་ལྷུག་པོ་གནང་དགོས་ཀྱི་ཡོད་པ་དང་། དེ་ལ་འཆར་གཞི་བཟོས་ནས་འགྲོ་རྒྱུ་མ་གཏོགས། ད་ལྟ་ནས་དེ་ཡོང་གི་རེད་དང་མ་རེད། དེ་སྲིད་དང་མི་སྲིད་ཟེར་རྒྱུ་སྔ་དྲགས་པ་རེད་བསམ་གྱི་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གཏོང་ཐབས་མེད་པ་གསལ་བོ་ཡིན་སྟབས། དེ་སྔ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་བཀའ་མོལ་གནང་བ་ལྟར། མ་འོངས་པར་ཡིན་ནའང་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་བཀའ་མོལ་ཡོང་རྒྱུ་ཡིན་པ་ལྟར། ང་ཚོས་དེའི་ཐོག་འབད་བརྩོན་གནང་གི་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱི་འགན་གཙོ་བོ་གྲོས་གཞིའི་ཐོག་འབད་བརྩོན་བྱེད་རྒྱུ་དང་། རྒྱ་གར་ནང་ལ་ཡིན་ནའང་བོད་དོན་གོ་རྟོགས་སྤེལ་རྒྱུ། གནད་ཡོད་མི་སྣར་མཇལ་འཕྲད་སྐབས་སུ་བོད་དོན་ཞུ་གཏུག་བྱེད་རྒྱུ་བཅས་ཡིན་དང་། སྐུ་ཚབ་རྣམ་པའི་སྐབས་སུའང་དེ་སྔའི་བཀའ་ཤག་གིས་འགན་ཁུར་ཡོད་པ་རེད་ལ། མ་འོངས་པའི་བཀའ་ཤག་ཡིན་ནའང་འགན་འཁུར་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༩ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 3

  1. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    གྲོས་ཚོགས་ནང་དུ་རྐང་རྩེད་སྤོ་ལོ་ཕར་གཡུག་ཚར་གཡུག་བྱས་དང་བྱེད་བཞིན་ཡོད་འདུག

    ཉེ་ལམ་ཨ་རིར་བཞུགས་པའི་ཤེས་ཡོན་ཅན་བཅུ་གྲངས་ཅིག་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མཐུན་འགྱུར་འོག་བོད་ནང་དུ་གཟིགས་སྐོར་བྱས་པ་དང་ཁོང་རྣམ་པའི་གཟིགས་སྐོར་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལམ་སྟོན་གནང་ཡོད་མེད་སྐོར་ད་ཐེངས་གྲོས་ཚོགས་ནང་ཁ་གསལ་ཡོང་བའི་རེ་བ་ཡོད།

    Reply
  2. thupten says:
    ལོ་ 10 སྔོན།

    ཁ་བཤད་ལག་ལེན་མ་མཚུངས་པར་གྲོས་ཚོགས་ར་བའི་ནང་ན་ཡང་བསྐྱར་དགུ་བསྐྱར་གྱི་དྲི་བ་ཅི་ཙམ་དྲིས་ཀྱང་ལན་གསལ་ཁ་མེད་པ་གཅིག་རང་ལས་གཞན་ཅི་ཡང་འདེབས་རྒྱུ་མི་འདུག

    Reply
  3. གསལ་ལེ་རྒྱལ། says:
    ལོ་ 10 སྔོན།

    བོད་རྒྱ་གྲོས་མོལ་སྐོར་ལ་ག་རེ་གསུངས་སོང་། ངས་གཅིག་ཀྱང་གོ་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese