མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མྱོས་རྫས་སྤྱོད་མཁན་ཚོའི་གནས་བབ་བཟང་དུ་ཕྱིན་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་མྱོས་རྫས་སྤྱོད་མཁན་ཁྱོན་ ༣༤ ཡོད་པའི་ནང་ནས་དྷ་སར་མི་ཉི་ཤུ་རྩ་གྲངས་ཤིག་ཡོད་ཀྱང་། ཁོང་ཚོའི་གནས་སྟངས་ཇེ་བཟང་དུ་ཕྱིན་ཡོད་སྐོར་གསུངས་སོང་།

unnamedདེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཉིན་གསུམ་པའི་སྔ་དྲོར། སྤྱི་འཐུས་ཤིག་གིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་ལས་གཞི་ཆེ་ཤོས་ཡིན་མིན་དང་། ནད་རིགས་སྔོན་འགོག་གི་སྐོར་ལ་ལས་རིམ་དང་ལས་འཆར་གང་དང་གང་ཡོད་སྐོར་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར་འཕྲོད་བསྟེན་བཀའ་བློན་མཆོག་གིས། ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་སྨན་བཅོས་ལྟ་སྐྱོང་གི་ལས་གཞིར་ཁྱོན་ཧིན་སྒོར་འབུམ་ ༢༠༦,༨༢༨༥༥ དང་ནད་རིགས་སྔོན་འགོག་གི་ལས་གཞིར་ཧིན་སྒོར་འབུམ་ ༤༣༠,༧༥༤༢༢ བཏང་ཡོད་པ་ལྟར། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་ཆེ་ཤོས་དེ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་མིན་སྐོར་དང་། ནད་རིགས་སྔོན་འགོག་གི་ལས་རིམ་སྐོར་ནས་འཕྲོད་བསྟེན་གྲངས་ཐོ་ཕྱོགས་བསྡུས་དང་ལོ་ལྔ་མན་གྱི་བྱིས་པར་ནད་རིགས་སྔོན་འགོག་གི་སྨན་ཁབ་རིན་མེད། བྱིས་པར་བློ་འཕེལ་དང་གསོ་རིག་བཅུད་སྨན་རིལ་བུ་རིན་མེད་དུ་སྤྲོད་པ། དེ་བཞིན་གསར་སྐྱེས་བྱིས་པར་ཊི་བི་སྔོན་འགོག་གི་ཁབ་རྒྱག་པ་དང་། ཊི་བི་རིམ་པ་གཉིས་པ་དང་གསུམ་པར་སྨན་རིན་གྱི་རོགས་རམ་ཡོད་པ། འགོས་ནད་ཅན་གྱི་ཊི་བི་ནད་པ་ཟུར་འཇོག་རྣམས་ལ་ཟས་བཅུད་ཀྱི་མཐུན་རྐྱེན་སྦྱོར་བ། ཊི་བི་ནད་པ་དང་ནད་པའི་ནང་མི། སྡོད་རོགས་བཅས་ཊི་བི་ནད་རྟགས་ཐོན་པ་རྣམས་ལ་སྨན་བཅོས་མཐུན་འགྱུར་ཡོད་པ། གཞན། བུད་མེད་སྦྲུམ་མར་ནད་གཞི་སྔོན་འགོག་གི་ཁབ་དང་བརྟག་དཔྱད། ཟུངས་ཁྲག་གསོ་བཅུད་ཀྱི་སྨན་རིན་མེད་སྤྲོད་པ། བུད་མེད་ཀྱི་བུ་སྣོད་འབྲས་ནད་ལ་རིན་མེད་བརྟག་དཔྱད་དང་གོ་རྟོགས་སྤེལ་བ། སྔོན་འགོག་ཁབ་ཀྱི་འགྲོ་གྲོན་ལས་བརྒྱ་ཆ་ ༧༥ མཐུན་འགྱུར་ཡོད་པ། དེ་བཞིན། གཉན་ནད་རེག་དུག་བརྟག་དཔྱད་དང་སྨན་གྲོན། ལམ་གྲོན། ཟུར་ཕོགས་བཅས་ཀྱི་མཐུན་འགྱུར་ཡོད་པ་དང་། མཆིན་པའི་གཉན་ཚད་བརྟག་དཔྱད་དང་སྔོན་འགོག་གི་ཁབ་ལ་རོགས་རམ་ཡོད་པ། མཆིན་པའི་གཉན་ཚད་ཡོད་རིགས་ཀྱི་ཕྲུ་གུ་གསར་སྐྱེས་རྣམས་ལ་རིན་གོང་ཆེ་བའི་དམིགས་བསལ་སྔོན་ཁབ་ (Hepatitis B Immunoglobulin) རིན་མེད་དང་། བོད་མིའི་གཞིས་སྒར་དང་སློབ་གྲྭ་ཁག་ཏུ་རིན་མེད་བརྟག་དཔྱད་དང་འབྲེལ། མཆིན་པའི་གཉན་ཚད་ཀྱི་གོ་རྟོགས་སྤེལ་བ་དང་། རྒྱལ་སྤྱིའི་འཕྲོད་བསྟེན་ཉིན་མོ་སྲུང་གཙི་དང་མང་ཚོགས་ལ་བརྙན་འཕྲིན་དང་འདྲ་པར་བརྒྱུད་ནད་རིགས་སྔོན་འགོག་གི་གོ་རྟོགས་སྤེལ་རྒྱུ་དང་། ནད་རིགས་སྔོན་འགོག་གི་ཡིག་ཆ་དང་ན་གཞོན་འཚར་ལོངས་སྐོར་ལ་སྒྲུང་དེབ་པར་འགྲེམས་བྱེད་པ་སོགས་ལས་རིམ་ཁག་ ༢༤ ཡོད་པ་དང་། དེ་བཞིན་འཕྲོད་བསྟེན་གྲངས་ཐོའི་ལས་གཞི་གསར་པ་ (Health Information System Program) དེ་ས་གནས་བཞིའི་ནང་ཚོད་བལྟ་གནང་རྒྱུ་དང་། དགོན་སྡེ་དང་སློབ་གྲྭ་ཁག་ནང་ནད་རིགས་སྔོན་འགོག་གི་ལས་དོན་ཚགས་ཚུད་ཡོང་སླད་ཆོས་ཤེས་འཕྲོད་གསུམ་གྱི་ལས་སྒྲུབ་པའི་ཚོགས་ཆུང་གཏན་འབེབས་གནང་རྒྱུ་དང་། ས་གནས་སོ་སོའི་དུད་ཚང་རེ་རེར་འཕྲོད་ལས་ནས་སྐོར་སྐྱོད་ཀྱིས་བརྟག་དཔྱད་དང་གྲངས་ཐོ་བསྡུ་ལེན། སྔོན་འགོག་སློབ་གསོ་གཏོང་རྒྱུ། གཞིས་ཆགས་དང་དགོན་སྡེ། སློབ་གྲྭ་བཅས་སུ་ཊི་བི་ནད་བཅོས་དུས་ཐོག་ཏུ་ཡོང་སླད་ཐད་ཀར་ལྟ་སྲུང་ (DOTS) མཐུན་རྐྱེན་རྒྱ་ཆེ་རུ་གཏོང་རྒྱུ་སོགས་གསོ་རིག་རྒྱུན་འཛིན་སྨན་པ་དང་ཕྱི་ལུཊ་སྨན་པ་གཉིས་ཐོག་ནས་ནད་རིགས་སྔོན་འགོག་གི་ལས་འཆར་སྤེལ་རྒྱུ་ཡིན་ལ། ནད་རིགས་སྔོན་འགོག་གི་ལས་འཆར་ཁོ་ནར་འཕྲོད་བསྟེན་གྱི་ལས་འཆར་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆ་ ༤༠ ཙམ་བཏང་ཡོད་ལ། མ་འོངས་པར་འདི་ལས་མང་བ་གཏོང་འཆར་ཡོད་པ་སོགས་ལས་འཆར་ཁག་ ༡༣ ཡོད་སྐོར་གསུངས་སོང་།

འཕྲོས་དོན་དྲི་བའི་སྐབས་སུ་སྤྱི་འཐུས་ཤིག་གིས་འཚམས་གཟིགས་སུ་ཕེབས་དུས་བོད་མི་གང་འཚམ་མང་པོ་གནས་སྡོད་བྱས་ཡོད་པའི་ས་ཁུལ་ཁག་ཅིག་ཏུ་སྨན་པ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་དེ་སེལ་ཐབས་ཀྱི་ལས་འཆར་ཅི་ཡོད་དང་། རྒྱུ་རྐྱེན་ཅི་ཞིག་གིས་དཀའ་ངལ་དེ་འཕྲད་ཀྱི་ཡོད་པའི་སྐོར་བཀའ་འདྲི་ཞུས་པར་འཕྲོད་བསྟེན་བཀའ་བློན་མཆོག་གིས། སྨན་པ་མེད་པའི་དཀའ་ངལ་དེ་མུ་མཐུད་ནས་གནས་ཡོད་པ་དང་། དཀའ་ངལ་དེ་གཅིག་བྱས་ན་ཡ་རབས་བཟང་སྤྱོད་ཞན་པོ་ཆགས་འགྲོ་གི་ཡོད་པ་ཞིག་དང་། ཕྱོགས་གཞན་ཞིག་ནས་དཀའ་ངལ་དེ་སྨན་པ་ཚོའི་གླ་ཕོགས་དང་ས་གནས་ས་ཐོག་གི་མཐུན་རྐྱེན་སོགས་ཀྱི་གནད་དོན་དེ་འདྲ་ཡང་ཡིན་སྲིད་པ་དང་། དེ་འདྲའི་གནད་དོན་མང་པོ་ཞིག་གི་ཐོག་ནས་ས་གནས་ཁག་ཏུ་སྨན་པ་མེད་པའི་གནས་སྟངས་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་དང་། གནས་སྟངས་དེ་ལ་གཞིགས་ཏེ་ཉེ་ཆར་རང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་གི་ལས་བྱེད་དང་སྨན་པ། སྨན་ཞབས་ཚང་མའི་གླ་ཕོགས་སྤར་ཡོད་པ་དང་། གླ་ཕོགས་སྤར་བ་དེས་ཚང་མ་སྙོམ་པོ་ཡོང་ཐུབ་པ་ཞིག་ཏུ་བསམ་སྡོད་ཀྱི་ཡོད་ནའང་། དཀའ་ངལ་དེ་སེལ་ཐབས་སུ་རྩ་བའི་འཕྲོད་བསྟེན་ལས་ཁུངས་ཙམ་མ་ཟད། སྤྱི་ཚོགས་རང་གི་ཐོག་ནས་དཀའ་ངལ་དེའི་ཐོག་ལ་ཐུགས་ཉམས་བཞེས་ཏེ་ནུས་པ་འདོན་དགོས་པ་དང་། ད་ཆར་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་གཞུང་ལ་ཡིག་འབྲེལ་བྱས་ཏེ་ལོ་གཅིག་གི་ཆོད་གན་གྱི་ཐོག་ནས་སྨན་པ་གཉིས་གསུམ་གཏོང་གནང་ཡོང་བ་ཞུས་ཏེ། དེའི་ཐད་འབད་བརྩོན་གནང་བཞིན་ཡོད་སྐོར་སོགས་གསུངས་སོང་།

གཞན་ཡང་སྤྱི་འཐུས་ཤིག་གིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་མྱོས་རྫས་སྤྱོད་མཁན་ག་ཚོད་ཡོད་པ་དང་། ཁོ་ཚོའི་འཕྲོད་བསྟེན་དང་འཚོ་བའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་དོགས་འདྲི་ཞུས་པར་འཕྲོད་བསྟེན་བཀའ་བློན་མཆོག་གིས། ཉེ་བའི་ཆར་ཕུང་པོ་སྲེག་སའི་ཁང་པའི་སྟེང་དུ་མྱོས་རྫས་སྤྱོད་མཁན་མི་རེ་གཉིས་ཉལ་འདུག་པ་མཐོང་སོང་ལ། ཁོ་རང་གཉིས་ཀྱི་སྡོད་སྟངས་དང་གནས་སྟངས་ངན་པ་ཞེ་དྲགས་དེ་འདྲ་གང་ཡང་རེད་མི་འདུག རྩ་བའི་མྱོས་རྫས་སྤྱོད་མཁན་ཚོའི་འཚོ་བའི་གནས་སྟངས་ལ་ལྟ་དུས། ཁོ་རང་ཚོའི་འཚོ་གནས་ཀྱི་གནས་སྟངས་ཞེ་དྲགས་སྐྱོ་བོ་དང་ཧ་ཅང་ཛ་དྲག་པོ་དེ་འདྲ་མཐོང་མ་བྱུང་ལ། ལྷག་པར་དུ་ཉེ་ཆར་ནས་དྷ་ས་ས་གནས་མགོ་འཛིན་གྱི་ངོས་ནས། མྱོས་རྫས་སྤྱོད་མཁན་ཚོར་ཉལ་ཆས་དང་གདན་ཁེབས། སྙེས་འབོལ་ལ་སོགས་པའི་མཐུན་རྐྱེན་སྦྱར་ཡོད་པ་དང་། ཁོ་རང་ཚོའི་སྡོད་ཁང་གི་ཐབ་ཚང་ནང་ལའང་ཐབ་ཆས་དང་སྣོད་ཆས། ཟས་རིགས་དང་འབྲུ་རིགས་དེ་འདྲ་ཡང་ཅུང་ཡོད་པའི་གནས་སྟངས་ཤིག་མཐོང་སོང་ལ། སྔོན་གྱི་མྱོས་རྫས་སྤྱོད་མཁན་ཚོའི་དཀའ་ངལ་དང་ད་ལྟའི་གནས་བབ་གཉིས་བསྡུར་བ་ཡིན་ན། ད་ལྟ་མྱོས་རྫས་སྤྱོད་མཁན་ཚོའི་གནས་སྟངས་བཟང་དུ་ཕྱིན་ཡོད་པ་དང་། མྱོས་རྫས་ངན་གོམས་ཀྱི་གྲངས་ཐོའི་ནང་མྱོས་རྫས་སྤྱོད་མཁན་ཁྱོན་ ༣༤ ཡོད་པའི་གྲས་ནས་དྷ་ས་རང་དུ་མྱོས་རྫས་སྤྱོད་མཁན་མི་ཉི་ཤུ་རྩ་གྲངས་ཤིག་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese