མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་རྒྱུན་ལས་ཚོས་དཔལ་འབྱོར་ལས་བསྡོམས་ནང་དོགས་འདྲི་མ་བརྙེད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་གྲོས་ཚོགས་ནང་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་གླེང་གཞི་ཆེ་ཤོས་གསུམ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་དང་། ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞི། དེ་བཞིན། བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་དཀའ་ངལ་སྐོར་སོགས་རེད།

IMG_0372ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར། སྐབས་བཅུ་དྲུག་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་འདས་པའི་ལོ་གཅིག་རིང་གི་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སེང་ཞུས་རྗེས། སྤྱི་འཐུས་ཚོས་སོ་སོའི་དགོངས་ཚུལ་དང་དོགས་འདྲི་ཞུས་ཡོད། སྤྱིར་འགྲོ་སྟངས་ལྟར་ན། ལྷན་ཁང་ཁག་གི་ལས་བསྡོམས་ཟླ་ཤས་གོང་ནས་སྤྱི་འཐུས་རྒྱུན་ལས་སུ་ཕུལ་རྗེས། སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་ཆུང་ཁག་བསྒོས་བྱས་ཏེ་ལྷན་ཁང་ཁག་གི་ལས་བསྡོམས་ལ་བསྐྱར་ཞིབ་བྱས་ཏེ། སྙན་ཐོ་ཐེངས་འདིའི་གྲོས་ཚོགས་སུ་འབུལ་དགོས་ཀྱང་། ཐེངས་འདིར་དཔལ་འབྱོར་ལས་བསྡོམས་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་དོགས་འདྲི་དང་ཞིབ་འཇུག་སོགས་ཀྱི་སྙན་ཐོ་གང་ཡང་མེད་སྐོར་བརྗོད་སོང་།

དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ནང་བཀོད་པ་ལྟར་ན། ༢༠༡༥ ཟླ་ ༦ ཚེས་ ༢༦ ཉིན། ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ལས་གཞིའི་ཁྲོད། ཚོང་པ་གསར་པ་ ༧ ནང་ཁུལ་ཚོང་ལས་འཆར་གཞི་འགྲན་བསྡུར་བྱས་ཏེ། སྐབས་དང་པོའི་ཚོང་པ་རེར་ཧིན་སྒོར་འབུམ་ ༡ རེ་རྔན་པ་དང་། ཧིན་སྒོར་འབུམ་ ༡ རེ་སྐྱེད་མེད་བུན་གཡར་བྱས་ཡོད་པ་དང་། ༢༠༡༥ ཟླ་ ༨ པའི་ཚེས་ ༣༠ ཉིན། སྐབས་གཉིས་པའི་ཚོང་པ་ ༤ ལ་མ་དངུལ་རོགས་སྐྱོར་གཟེངས་རྟགས་འབུལ་རྒྱུར་བདམས་འཐོན་བྱུང་ཡོད་འདུག དེ་བཞིན། ༢༠༡༥ ཟླ་ ༨ ཚེས་ ༣༠ ཉིན་དྷ་རམ་ས་ལར་སྐབས་དང་པོའི་ཡར་འཐོན་ཚོང་ལས་ཚོགས་འདུ་ཚོགས་པའི་སྟེང་ཚོང་པ་ ༨༠ ཙམ་མཉམ་ཞུགས་གནང་ཡོད་འདུག

ལས་གཞི་འདིའི་ཐད་སྤྱི་འཐུས་ཚོས། སྔོན་ཆད་དཔལ་འབྱོར་ལས་ཁུངས་ཀྱིས་ཆ་རྐྱེན་གང་ཡང་མེད་པར་ཚོང་པ་གསར་པ་ཚོར་ཧིན་སྒོར་འབུམ་གཅིག་རེ་སྤྲོད་རྒྱུ་བྱས་ཡོད་ཀྱང་། རྗེས་ལ་དངོས་སུ་ཐོབ་མཁན་ཚོར་ཆ་རྐྱེན་འདྲ་མིན་བཏོན་ཏེ་དངུལ་དེ་དུམ་བུ་མང་པོ་བྱས་ཏེ་སྤྲོད་བཞིན་ཡོད་པ་དེར་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཡོད་སྐོར་དང་། ཉེ་ལམ་ཕྱི་ཟླ་ ༨ པའི་ཟླ་མཇུག་ལ་ཡར་འཐོན་ཚོང་ལས་ཚོགས་འདུ་ཐེངས་གཉིས་པའི་སྐབས། དཔལ་འབྱོར་ལས་ཁུངས་ཀྱིས་ས་གནས་ཁག་ལ་བརྡ་ཐོ་བཏང་བར། ས་གནས་གཞིས་མགོ་ཁག་གིས་ཚོང་པ་འགྲོ་མཁན་མ་རེག་སྟབས། མང་ཚོགས་ལ་ཁྲལ་ལྟ་བུ་བཞག་སྟབས། ཚོང་ལས་ཙག་ཙིག་གཉེར་མཁན་དང་སྒྱུ་མ་ཚོང་མཁན་སོགས་ཀྱང་ཕྱིན་ཡོད་པ་མ་ཟད། ས་གནས་རེ་ཟུང་ནང་མང་ཚོགས་ལ་རྒྱན་བརྒྱབ་སྟེ་ཚོང་ལས་ལ་འབྲེལ་བ་མེད་པའི་གྲྭ་བའང་ཕྱིན་ཡོད་ཚུལ་སོགས་བརྗོད་སོང་།

བོད་མིའི་ཚོང་ལས་རམ་འདེགས་ལས་གཞི་དེ་ནི། ༢༠༡༥ ཟླ་ ༥ ཚེས་ ༢༥ ཉིན། གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འོག ༼ སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་ ༢༠༡༥   ༽ཟེར་བ་ཞིག་དང་། ༼ ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས། ༽ཟེར་བ་གཉིས་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་ཧིན་སྒོར་འབུམ་ ༢༡ སྤྲོད་རྒྱུ་དང་། ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་ཧིན་སྒོར་འབུམ་ ༡༥ སྤྲོད་རྒྱུ་ཡིན་སྐོར་བསྒྲགས་ཡོད།

སྐབས་དེེའི་གསལ་བསྒྲགས་ལྟར་ན། སྲིད་སྐྱོང་ཁྱད་མཁས་ཚོང་པའི་གཟེངས་རྟགས་དེ་ད་ཡོད་བཙན་བྱོལ་སྤྱི་ཚོགས་ནང་གི་དོ་དག་ཚོང་པ་རང་གིས་བཙན་བྱོལ་སྤྱི་ཚོགས་ལ་ཕན་ནུས་ཁྱབ་ཆེ་ཆུང་ག་ཚོད་གནང་ཡོད་མེད་དང་། ཚོང་པ་རང་ཉིད་ཀྱི་ཚོང་ལས་དེའི་ཐོག་ནས་འབྱུང་འགྱུར་ཚོང་པ་གསར་པ་ག་ཚོད་ལ་སེམས་ཤུགས་སྐྱེ་གཞིའི་དམིགས་དཔེར་འགྱུར་མིན་སོགས་ལ་གཞིགས་ཏེ་ཚོང་པ་ ༡ ལ་ཆེ་བསྟོད་ཧིན་སྒོར་ ༢༡༠༠༠༠༠ གནང་གཏན་འཁེལ་བ་དང་། ༼ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས༽ཞེས་པ་ནི་ཚོང་ལས་ལ་གསར་དུ་ཞུགས་མཁན་གཞོན་སྐྱེས་ཚོང་ལས་འཆར་གཞི་དང་འདུན་པ་ཚད་ལྡན་ཡོད་ཀྱང་། དཔལ་འབྱོར་གྱི་བརྒྱབ་བརྟེན་མེད་མཁན་ཚོར་དམིགས་ཏེ། ཚོང་པ་གསར་པ་ ༧ ཙམ་ལ་མ་དངུལ་རོགས་སྐྱོར་ཧིན་སྒོར་ ༡༥༠༠༠༠༠ ཙམ་བགོ་འགྲེམ་གནང་གཏན་འཁེལ་ཡོད་པ་རེད།

བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞི་དེ་ནི། ༢༠༡༢ ཟླ་ ༤ པའི་ནང་མགོ་འཛུགས་གནང་ཡོད་པ་དང་། ཐོག་མ་བཀའ་ཤག་འོག་ཏུ་སྡེ་ཚན་ཟུར་འཛུགས་བྱས་ཡོད་ཀྱང་། ད་ཆར་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འོག་ཟླ་བསྒྲིལ་བཏང་ཡོད་པ་དང་། ལས་གཞི་འདིའི་འོག་ ༢༠༡༢ ལོར་དང་བླངས་ཁྱད་ལས་པ་ ༩ དང་། ༢༠༡༤ ལོར་ཁྱད་ལས་པ་ ༡༣ ། ༢༠༡༥ ལོར་ཁྱད་ལས་པ་ ༢༡ ། ༢༠༡༦ ལོར་ཁྱད་ལས་པ་ ༡༥ བཅས་བྱུང་ཡོད་འདུག སྤྱི་འཐུས་ཚོས་ལས་གཞི་འདི་ད་ལྟ་ལམ་ལྷུང་ཡོང་གི་ཡོད་མེད་དང་། དང་བླངས་ཞབས་ཞུ་བ་དོ་བདག་སྒེར་སོ་སོ་དང་། དེ་བཞིན། བོད་མིའི་སྒྲིག་འཛུགས་སོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཀྱི་ཡོད་མེད་དོགས་འདྲི་ཞུས་པའི་ལན་དུ་དཔལ་འབྱོར་བཀའ་བློན་མཆོག་གིས། ལས་གཞིའི་འདིའི་ཐོག་བཀའ་ཤག་གིས་གསལ་བསྒྲགས་བཏང་བ་བཞིན་ཕྱི་རྒྱལ་བོད་པ་ཁྱད་མེད་སྙན་ཞུ་འབུལ་རིགས་ཀྱི་ཆ་རྐྱེན་ལ་གཞིགས་ཏེ། གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭའི་དགེ་རྒན་སོགས་གང་དུ་འོས་པ་དེ་བཞིན་ལས་གནས་གོ་སྒྲིག་ཞུ་བཞིན་ཡོད་སྐོར་གསུངས་སོང་། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་དེ་སྔའི་འཆར་འགོད་ལྷན་ཁང་ཡང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཐེབས་རྩའི་འོག་ཏུ་ཟླ་བསྒྲིལ་བཏང་སྟེ་འཆར་འགོད་ལྷན་ཚོགས་སུ་མིང་བསྒྱུར་བྱས་ཡོད་འདུག

དང་བླངས་དཔྱ་དངུལ་ལག་དེབ་༼ རང་བཙན་ལག་དེབ། ༽ཐད། ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ ལོའི་བར་རྒྱ་བལ་འབྲུག་གསུམ་གྱི་རང་བདེན་ཚོགས་ཆུང་ཁག་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་བཅས་ནས་དཔྱ་དངུལ་ལག་དེབ་དང་ངེས་ཅན་བསྡུ་དངུལ་སོགས་ལས་ཧིན་སྒོར་ས་ཡ་ ༡༩༠་༦༢ ཙམ་བསྡུ་རུབ་བྱས་ཡོད་འདུག ད་ལོར་དང་བླངས་དཔྱ་དངུལ་ལག་དེབ་གསར་པ་ ༣༠༤༣ ཙམ་བཟོས་ཏེ། ཁྱོན་ད་ལྟ་བླངས་དཔྱ་དངུལ་ལག་དེབ་ ༡༤༩༠༧༣ ཙམ་བཟོས་ཡོད་འདུག ད་ལོར་དང་བླངས་དཔྱ་དངུལ་ལག་དེབ་ ༡༦༦༠ ཙམ་ནོར་བཅས་བྱས་ཏེ། ཁྱོན་ད་བར་ལག་དེབ་ ༡༡༦༣༣ ཙམ་ནོར་བཅོས་བྱས་ཡོད་འདུག ད་ལོར་ལག་དེབ་བོར་བརླག་ཕྱིན་པ་ ༢༣༩ ཙམ་བསྐྱར་བཟོ་བྱས་ཏེ། ཁྱོན་ད་བར་བོར་བརླག་ཕྱིན་པ་ ༡༢༠༢ ཙམ་བསྐྱར་བཟོ་བྱས་ཡོད་འདུག གཞན། ཕྱི་རྒྱལ་ཁག་ཏུ་སྡོད་མཁན་ཚོའི་གཏན་སྡོད་ཡིག་ཆའི་ནང་གི་མིང་ལྟར་དཔྱ་དངུལ་ལག་དེབ་ ༡༣༦༣ ཙམ་མིང་བསྒྱུར་བྱས་ཡོད་འདུག ད་ལོར་དང་བླངས་དཔྱ་དངུལ་ལག་དེབ་ནང་སོ་སོའི་མིང་དང་སྐྱེས་ལོ་སྐྱེས་ཚེས། སྐྱེས་ཡུལ་སོགས་ལོ་རྒྱུས་སྙིང་བསྡུས་ཙམ་ལས་མེད་པའི་ལག་དེབ་གསར་པ་ ༣༩ ཙམ་བཟོས་ཏེ་ཁྱོན་ད་བར་ལག་དེབ་གསར་པ་ ༦༢ བཟོས་ཡོད་འདུག

ཕྱི་རྒྱལ་ཁག་ཏུ་དཔྱ་དངུལ་ལག་དེབ་ཀྱི་དཀའ་ངལ་སྣ་ཚོགས་ཐད། འདས་ལོར་དཔལ་འབྱོར་བཀའ་བློན་དང་འབྲེལ་ཡོད་ལས་བྱེད་སྐོར་སྐྱོད་གནང་སྟེ། སུད་སུ་ནས་མི་ ༡༣༠༠ དང་ཨ་རི་དང་ཁེ་ན་ཌ་ནས་མི་ ༡༥༠༠ ཙམ་ལ་དཔྱ་དངུལ་ལག་དེབ་བཟོས་ཡོད་པ་དང་། མི་ ༥༣༢ ཙམ་གྱིས་དངུལ་ཆད་ཆག་ཡང་ཞུས་ཏེ་ཁྱོན་ཧིན་སྒོར་ས་ཡ་ ༣་༠༥ ཙམ་བསྡུ་ཐུབ་ཡོད་འདུག

ལས་བསྡོམས་ནང་འཁོད་པ་ལྟར་ན། འདས་ལོར་བཙན་བྱོལ་བོད་མིའི་སུད་ཚོང་ཁག་ནས་ཚོང་ཕུད་ཞལ་འདེབས་ཧིན་སྒོར་ ༢༨༦༨༩༠ ཕུལ་ཡོད་འདུག སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་དོགས་འདྲི་ཞུས་པ་ལྟར་ན། བཙན་བྱོལ་བོད་མིའི་སུད་ཚོང་སྐྱིད་སྡུག་ཚོགས་པའི་ནང་ས་གནས་ཁག་ ༡༦༥ དང་། ཁྱིམ་ཚང་ ༣༤༠༥ ཙམ་ཡོད་འདུག་ལ། མ་འོངས་པར་དཔལ་འབྱོར་ལས་ཁུངས་ཀྱིས་ཤུགས་བརྒྱབ་པ་ཡིན་ན་སུད་ཚོང་ཞལ་འདེབས་འདི་ལས་མང་བ་འཐོབ་པའི་རེ་བ་ཡོད་སྐོར་གསུངས་སོང་།

གཞན། འདས་ལོར་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་དེ། ཨ་རིའི་གཞུང་གིས་རོགས་དངུལ་ཧིན་སྒོར་ས་ཡ་ ༡༢༣་༩༨ དང་། ནོར་ཝེ་གཞུང་གིས་ཧིན་སྒོར་ས་ཡ་ ༢༢་༧༩ ། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ནས་ཧིན་སྒོར་ས་ཡ་ ༢་༢༥  བཅས་གནང་ཡོད་འདུག གཞན། ཨ་རིའི་ཨེན་ཨི་ཌི་རོགས་ཚོགས་ནས་སྒོར་ས་ཡ་ ༡་༥༣ དང་། ཕེཊ་རིཀ་ནའོ་མན་རོགས་ཚོགས་ནས་སྒོར་ས་ཡ་ ༦་༥༣ ། ཨའེ་ཡེམ་རོགས་ཚོགས་ནས་སྒོར་ས་ཡ་ ༤་༢༥ ། ལེས་ཨེ་མིས་གྲུས་རོགས་ཚོགས་ནས་སྒོར་ས་ཡ་ ༡་༣༨ ། ཁེ་ན་ཌའི་ཏཱ་ལའི་བླ་མ་ཚོགས་པ་ནས་སྒོར་ ༧༢༠༠༠༠ ། ཨ་རི་བོད་ཀྱི་ཐེབས་རྩ་ནས་ཧིན་སྒོར་ས་ཡ་ ༡་༣༥ ། ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་གློག་ཀླད་དྲ་རྒྱ་སྲུང་སྐྱོབ་ཆེད་སྒོར་ས་ཡ་ ༢་༦༠ ། ཨིས་ཊེལ་རོགས་ཚོགས་ནས་སྒོར་ས་ཡ་ ༡་༢༡ བཅས་རེག་ཡོད་འདུག

ཐེངས་འདིར་བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་གིས་ཕྱི་རྒྱལ་བོད་པར་གཉེན་སྒྲིག་བྱས་ཡོད་རིགས་དང་། དེ་དག་གི་བུ་ཕྲུག་སོགས་བོད་ཀྱི་ཡུལ་མིའི་ཁོངས་སུ་ཞུགས་ཆོག་པ་དང་། བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཐོབ་ཐང་སྤྲོད་དགོས་སྐོར་བརྗོད་སོང་ལ།  ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་ཀྱིས། དེང་སྐབས་རྒྱ་བལ་འབྲུག་གསུམ་ནང་བོད་པ་ཉུང་དུ་འགྲོ་བཞིན་ཡོད་པ་དང་ཕྱི་རྒྱལ་ཁག་ལ་མང་དུ་འགྲོ་བཞིན་ཡོད་སྟབས། ༢༠༢༡ ལོའི་འོས་བསྡུའི་སྐབས་ཆོལ་ཁའི་སྤྱི་འཐུས་ཉུང་དུ་བཏང་སྟེ་ཆོལ་ཁ་རེར་སྤྱི་འཐུས་ ༩ རེ་དང་། ཡུ་རོབ་ལ་མང་དུ་བཏང་སྟེ་སྤྱི་འཐུས་ ༣ དང་། ཨ་རི་ལ་ ༣ བཅས་བཟོ་དགོས་སྐོར་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 7

  1. སྐར་ཁྲི་བཙན། says:
    ལོ་ 10 སྔོན།

    ཚོགས་ར་འདིའི་ནང་ལ་བོད་སྐད་གཙང་མ་ཤོད་མཁན་རེ་ཟུང་ཡོད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།

    Reply
  2. རང་བཙན་བུ། says:
    ལོ་ 10 སྔོན།

    ཁྱད་ལས་པའི་ལས་གཞི་ཞེས་པ་དེ་ལས་བྱེད་བུ་མོ་རྣམ་པ་ཡོད་མཁན་སློབ་སྦྱོང་མེད་པ་དེ་འདྲ་གངས་ཅན་སྐྱིད་གཤོངས་ལ་ཉར་བྱེད་ཀྱི་ས་དམིགས་ཞིག་རེད། དེ་སྔ་བཀའ་ཤག་ནང་ཉར་ཡོད་རེད། དེ་ནས་སྲིད་སྐྱོང་མཆོག་ལ་མཚན་ཤས་མང་པོ་བྱུང་བས་རྗེས་སུ་དཔལ་འབྱོར་ལས་ཁུངས་ལ་གནས་སྤོས་བྱས་ཡོད། ད་ལྟའི་དཔལ་འབྱོར་བཀའ་བློན་གྱི་སྤུན་ཉེ་རེད་འདུག ཉེ་ཆར་ཁྱད་ལས་ལས་གཞིའི་མིང་ཐོག་ནས་ཨ་རིར་སྤྲོ་འཁྱམས་ལ་བཏང་ཡོད་པ་རེད། ཁ་སང་གྲོས་ཚོགས་ནང་བཀའ་བློན་བྱེ་བྲག་པའི་མི་ཡིན་ཟེར་མཁན་ཡོད་ཚུལ་སྐོར་དེ་གླིང་གཞི་འདི་ནས་རེད། ད་འདི་ཙམ་ཡིན། ཚོད་མེད་ན་རྗེས་སུ་རྩོམ་ཡིག་རྒྱས་པ་ཞིག་ཕུལ་གྱི་ཡིན།

    Reply
  3. ཚེར་མོ། says:
    ལོ་ 10 སྔོན།

    ཡོངས་འདུས་རང་བཞིན་གྱི་གསར་འགྱུར་འདི་ཡག་པོ་ཞེ་དྲགས་འདུག

    Reply
  4. རྣམ་གླིང་པ། says:
    ལོ་ 10 སྔོན།

    ང་ལ་དོགས་པ་ཆེན་པོ་ཞིག་སླེབས་སོང་། ལས་སྡོམ་ནང་ ” ཁྱོན་ད་ལྟ་བླངས་དཔྱ་དངུལ་ལག་དེབ་ ༡༤༩༠༧༣ ཙམ་བཟོས་ཡོད་འདུག ” ཞེས་འཁོད་འདུག རང་བཙན་ལག་དེབ་བཟོ་རྒྱུ་མགོ་བཙུགས་ཏེ་ད་བར་ལོ་ ༣༠ ་ལྷག་འགྲོ་བཞིན་ཡོད་པ་རེད། དེའི་ནང་གི་མི་མང་པོ་ཞིག་གྲོངས་ཚར་ཡོད་པ་རེད།

    Reply
  5. rinchentsering says:
    ལོ་ 10 སྔོན།

    རང་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་འདས་པའི་ལོ་གཅིག་རིང་གི་ལས་བསྡོམས་ལ་ཕྱོགས་སྡོམ་རང་བཞིན་གྱི་རྩོམ་ཡིག་ཧ་ཅང་ཡག་པོ་ཞིག་བྲིས་འདུག ད་དུང་སྤྱི་འཐུས་རྣམས་པ་ཚོས་དགོངས་ཚུལ་མི་མཐུན་པ་ག་རེ་གསུངས་ཡོད་མེད་རྒྱས་པ་བྲིས་ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་ཅིག་ཆགས་ཡོད་པ་རེད།

    Reply
  6. རྣམ་རྒྱལ། says:
    ལོ་ 10 སྔོན།

    ཡོ་རོབ་དང་ཨ་རི་ལ་སྤྱི་འཐུས་གསུམ་རེ་དགོས་ཟེར་བ་དེ་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པས་མགོ་མ་འཚོས་པ་རེད། བོད་མི་མང་སྤྱི་འཐུས་ཀྱི་གྲུབ་སྟངས་དེ་ས་ཁུལ་རང་བཞིན་གྱི་སྤྱི་འཐཱུས་མ་རེད། ཆོལ་ཁ་དང་ཆོས་བརྒྱུད་རང་བཞིན་གྱི་སྤྱི་འཐུས་རེད།

    Reply
  7. ལོ་མ། says:
    ལོ་ 10 སྔོན།

    སྤྱི་འཐུས་རྒྱུན་ལས་ཀྱིས་དོགས་འདྲི་མ་རྙེད་དོན་ག་རེ་རེད། གྲོས་ཚོགས་ནང་དྲི་བ་མང་ཐག་ཆོད་ཅིག་སླེབས་སོང་། ད་དུང་སྤྱི་འཐུས་མང་པོ་ཞིག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ཕྱག་གནས་གནང་སྟངས་ཐོག་འགོད་པ་མེད་པའི་གནས་ཚུལ་ཡང་གསུངས་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese