མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་དཔེ་སྟོན་སློབ་གྲྭའི་མགོ་བོ་གསོན་གཏུབ་བྱས་སོང་།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྡོ་མེ་འབུད།

དེ་རིང་སྟེ་སྤྱི་ལོ་ཉིས་སྟོང་བཅུ་དྲུག་གི་སྤྱི་ཟླ་དགུ་བའི་ཚེས་ཉེར་དྲུག་གི་ཉིན་རྒྱབ་ཏུ། རྣ་ལ་གཟེར་བའི་གསར་འགྱུར་ལྡོམ་པོ་ཞིག་གིས་ངའི་གློ་མཆིན་གཉིས་ཀྱི་གཏིང་འོག་བརྗེས་ཤིང་། གནམ་ས་མགོ་གཏིང་བསློགས་པའི་སེམས་ཚོར་ཞིག་གིས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཀྱི་བརྙན་ཐུང་འདི་ལ་མི་ལྟ་རང་ལྟ་ཆགས་སོང་།

བརྙན་ཐུང་འདི་ནི་ཁ་རྩང་དེ་རིང་གངས་ཅན་སྐྱིད་གཤོང་ན་འཚོགས་བཞིན་པའི་གྲོས་ཚོགས་ནང་གི་སྐད་ཆ་སྟེ་ཤེས་རིག་བཀའ་བློན་མཆོག་གིས་དཔེ་སྟོན་སློབ་གྲྭའི་ས་ཁྱོན་དང་སློབ་ཕྲུག་གི་གྲངས་འབོལ་དཀའ་ངལ་གྱིས་འཛིན་རིམ་དགུ་བ་དང་བཅུ་བ་གཉིས་སློབ་གྲྭ་གཞན་དུ་ཟླ་སྒྲིལ་དུ་གཏོང་དགོས་པའི་སྐད་ཆ་འདི་རེད། སྐད་ཆ་འདིའི་ངོ་གདོང་གིས་བལྟས་ན་སྤྱིར་བཏང་གི་སྐད་ཆ་ཞིག་ལས་མ་འདས་མོད། ཕྱིར་འདང་རེ་བརྒྱབ་ཚེ་བོད་སྐད་ཡིག་གི་སྒྲོན་མེ་ཆུང་ཆུང་ཞིག་རླུང་ནག་འཚུབ་མས་ནག་གསིབ་བཏང་བ་དང་གཅིག་པ་རེད།

གང་ཡིན་ཟེར་ན། མི་བུ་སུ་འདྲ་ཞིག་ཡིན་རུང་སྐད་ཡིག་ཅིག་ལ་ཞེན་ཁོག་དང་བརྩི་མཐོང་ཤེས་དུས་ནི་དྲུག་གཉིས་བསྣུན་པའི་ལང་ཚོར་བསླེབས་དུས་ཡིན་པས། འཛིན་གྲྭ་དགུ་བ་དང་བཅུ་བའི་ལོ་ཚོད་དང་གནས་སྟངས་ནི་དུས་ཚོད་དེ་ག་རང་ལས་མ་འདས་པའི་ན་དེ་ལྟར་ཟེར་བ་ཡིན།

ཡང་གཅིག་བཤད་ནའང་། སྐྱེས་ཆེན་དམ་པ་ཟམ་གདོང་རིན་པོ་ཆེ་གཙོ་བྱས་པའི་འབྲེལ་ཡོད་གང་མང་ཞིག་གིས་དབུ་སྐྲ་ཟགས་རག་བར་དང་ངོ་གདོང་གཉེར་མས་བཀང་རག་བར་དུ་སྐུ་ལས་བསྐྱོན་ནས་ཤེས་ཡོན་སྲིད་ཇུས་གསར་བའི་ལམ་བཟང་རིང་མོ་ལག་བསྟར་བྱས་ནས་རིམ་བཞིན་འཛིན་གྲྭ་ལྔ་བ་ནས་བརྒྱད་པ་དང་བརྒྱད་པ་ནས་བཅུ་བའི་བར་གྱི་གསེར་ནག་གི་འཛིན་གྲྭ་འདིའི་འོད་ཟེར་འཁྱུག་འཁྱུག་དང་གཟི་འོད་ལམ་ལམ་འཕྲོ་སྐབས་གློ་བུར་དུ་གསེར་ནག་གི་མཆོད་རྟེན་འདིའི་དབུ་སྐེ་གཏུབ་ནས་མར་ལ་འཕང་ན་ཇི་འདྲ་ཡིན་ནམ།

སྤྱིར་ཡིན་ན། དམ་པ་གོང་མ་རྣམས་ཀྱི་རྐང་རྗེས་བསྙེགས་ནས་འཛིན་གྲྭ་བཅུ་གཉིས་དང་མཐོ་སློབ་བར་དུ་རྒྱ་བསྐྱེད་དུ་གཏང་བར་བརྩོན་འགྲུས་དང་སེམས་ཤུགས་འཕར་དགོས་མོད། འོན་ཀྱང་། དེ་རིང་གྲོས་འཚོགས་རྭ་བ་འདི་ནས་འུ་ཚོས་ནམ་རྒྱུན་རེ་ལྟོས་བྱས་ས་དང་། སྨོན་ལམ་རྒྱག་སའི་ཤེས་ཡོན་སྲིད་ཇུས་གསར་བ་འདི་ལ་མཇུག་མ་མེད་པའི་ཤེས་ཡོན་སྲིད་ཇུས་ཟེར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་ནག་པོ་བཀོལ་སོང་། བོད་ཀྱི་ཁ་དཔེ་ལ། ལས་མཁན་ལྷ་དང་བཤིག་མཁན་འདྲེ་ཟེར་བའི་དཔེ་ལྟར་དུ། འུ་ཚོའི་སྐུ་ངོ་ཚོ་ལའང་དཀའ་ངལ་གང་མང་ཞིག་གིས་བཙིར་ནས་བསྡད་ཡོད་པ་དངོས་ཡོད་གནས་ཚུལ་རེད་མོད། དཀའ་ངལ་ལ་ཁ་གཡར་ནས་ལས་ཚེགས་ལ་རྒྱབ་བསྟན་ནས་བཞུགས་ཚེ་ངའི་བོད་ཀྱི་སྐད་ཡིག་གི་ལས་དབང་འདི་སྙིང་རེ་རྗེ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

སྐར་མ ༤༣ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 3

  1. རེབ་སྨད་ལྷའུ། says:
    ལོ་ 10 སྔོན།

    བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་ཀྱི་དམིགས་ཡུལ།

    བོད་མི་རིགས་ཀྱི་ནུས་པ་གང་རེད། བོད་མི་རིགས་ཀྱི་ལས་འགན་གང་རེད། དེ་ཡིན་གཅིག་མིན་གཅིག་ང་ཚོས་མཁྱེན་དགོས་པ་ཞིག་རེད། འདས་པའི་ལོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་ཀྱི་ནང་ལ། བོད་མི་རིགས་ཀྱིས་རྒྱ་ནག་མི་རིགས་ཀྱི་མགོ་ཁྲིད་མྱོང་ཡོད་པ་དང་། བོད་མི་རིགས་ཀྱིས་སོག་པོ་མི་རིགས་ཀྱི་མགོ་ཁྲིད་མྱོང་ཡོད། ང་ཚོ་སྔོན་ལ་ཕྱིན་པ་རེད། ང་ཚོས་ཁོང་ཚོ་ལ་ལམ་སྟོན་བྱས་པ་རེད། ང་ཚོ་བླ་མ་བྱས་པ་རེད། ང་ཚོས་ཆོས་གསུངས་པ་རེད། ང་ཚོས་ཁོང་ཚོ་ལ་རོགས་རམ་བྱས་པ་རེད། ང་ཚོས་ཁོ་ཚོའི་གཞུག་ལ་ཕྱིན་ནས་རྗེས་ཟིན་མིན་ལ་ནམ་ཡང་བལྟས་མེད།
    ད་ལྟའི་གནས་སྐབས་འདི་ལ་ཡང་། བཙན་བྱོལ་གྱི་གནས་སྐབས་འདི་ལ་ཡང་། ༧གོང་ས་སྐྱབས་མགོན་ཆེན་པོ་ནི་བོད་མི་རིགས་ཀྱི་མཚོན་རྟགས་ཤིག་རེད། བོད་མི་རིགས་ཀྱི་སྐུ་ཚབ་ཅིག་རེད། བོད་མི་རིགས་ཀྱི་མགྲིན་ཚབ་པ་ཞིག་རེད། ཁོང་གིས་འཛམ་བུ་གླིང་གི་མགོ་ཁྲིད་གནང་གིན་ཡོད་པ་མ་གཏོགས། འཛམ་བུ་གླིང་གི་སྔོན་ལ་སོང་ཚར་མཁན་དེ་ཚོའི་རྗེས་ཟིན་མིན་བལྟས་ནས་གཞུག་ལ་རྒྱུག་གིན་མེད། ཁོང་ཉི་མ་གཅིག་ལ་ཡང་རྡ་རམ་ས་ལར་བཞུགས་ལོང་མེད་པར། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཚང་མར་ཕེབས་དགོས་དོན་ནི། ཁོང་ཚོའི་གཞུག་ལ་ཤོག་ཟེར་ནས་གདན་འདྲེན་ཞུ་བ་མ་རེད། ཁོང་ཚོའི་སྔོན་ལ་ཕེབས་ཀྱིན་ཡོད་པར་བརྟེན། ལམ་སྟོན་གནང་རོགས། བཀའ་སློབ་གནང་རོགས། སྐྱབས་རོགས་གནང་ཟེར་ནས་གདན་འདྲེན་ཞུ་བཞིན་ཡོད་པ་དང་། དེ་ཚང་མ་ལ་ཕེབས་བསྡད་ཡོད་པ་རེད། དེ་འདྲ་ཡིན་པས་ན། ད་ལྟའི་གནས་སྐབས་ལ་ཡང་། བོད་མི་རིགས་ཀྱིས་འཛམ་བུ་གླིང་གི་མགོ་འཁྲིད་ཀྱིན་ཡོད། འཛམ་གླིང་འདིའི་ནང་ལ་ཆོས་དང་རིག་གཞུང་གི་བསྟི་གནས་སྟོང་ཕྲག་གཉིས་བརྒལ་བ་ཞིག་ཡོད་པ་དང་། དེ་ཚོ་ཚང་མའི་ནང་ལ་བོད་པ་དགེ་རྒན་བྱས་ནས་བསྡད་ཡོད་པ་མ་གཏོགས། བོད་པ་དགེ་ཕྲུག་བྱས་ནས་བསྡད་མེད།
    དེ་འདྲ་ཡིན་པས་ན། ང་ཚོའི་ཤེས་ཡོན་གྱི་སྲིད་ཇུས་དེ་འཛམ་གླིང་ཡོངས་རྫོགས་ཀྱི་སྔོན་ལ་འགྲོ་བ་དང་། མགོ་ཁྲིད་བྱེད་པའི་དམིགས་ཡུལ་དེ་བཟུང་ནས་བཟོ་དགོས་རྒྱུ་ཞིག་རེད་མ་གཏོགས།
    ད་ལྟ་ཕྱིན་ཚར་བའི་ཨ་མེ་རི་ཁ་དང་ཡུ་རོབ་ཀྱི་རྗེས་ཟིན་གྱིན་འདུག་མིན་ལྟོས་ནས་བཟོས་པ་ཡིན་ན། ད་རྗེས་ཟིན་རྒྱུ་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། རྗེས་ཟིན་ཐུབ་པ་་མ་རེད་ཅེས་ངས་ཐག་བཅད་ནས་བཤད་པ་ཡིན། ལོ་བཞི་བཅུ་ཞེ་ལྔའི་རིང་ལ། རྒྱ་གར་གྱི་ཤེས་ཡོན་སྲིད་ཇུས་འོག་ལ་ང་ཚོས་འབད་བརྩོན་བྱས་པ་རེད། རྗེས་ཟིན་པ་ག་ཚོད་འདུག་སྟོན་དང་། དེ་ང་ཚོར་ལྐོག་གྱུར་གྱི་གནས་སྟངས་ཅི་ཡང་མ་རེད། ང་རང་ཚོའི་མི་ཚེ་ལ་བྱུང་བའི་ཉམས་མྱོང་འདིའི་ནང་ལ། ད་ལྟ་འཛམ་གླིང་གི་མགོ་ཁྲིད་མཁན་བྱེད་མི་དེ་ཚོ་དེང་རབས་ཀྱི་ཤེས་ཡོན་སྲིད་ཇུས་འོག་ལ་ཐོན་མཁན་གྱི་མི་དེ་ཚོ་རེད་འདུག་གམ། ཡང་ན་ངེད་ཚོ་འདྲ་པོ། ཨེ་པི་སི་ཏི་མི་ཤེས་མཁན། གདན་ས་ཆེན་པོ་ནས་ནང་དོན་རིག་པ་ལ་སློབ་སྦྱོང་ཕྲ་ལ་ཕྲན་བུ་ཡོད་མཁན་དེ་ཚོ་རེད་འདུག་གམ། དེ་སུ་ཡིན་ཧ་ཅང་གསལ་པོ་རེད། དེ་འདྲ་ཡིན་པས་ན། ང་ཚོ་མི་རིགས་ཀྱི་ནུས་པ་དང་། ང་ཚོ་མི་རིགས་ཀྱི་ལས་འགན། ང་ཚོ་མི་རིགས་ཀྱིས་རིགས་དང་མཐུན་པའི་ལས་གང་འདྲ་ཞིག་བརྩམ་དགོས་པ་བཅས་ཀྱི་གནས་ཚུལ་དེ་བློ་ཕུགས་ལ་བཞག་ནས། ད་ལྟའི་ཤེས་ཡོན་སྲིད་ཇུས་ཀྱི་ཟིན་བྲིས་དེ་བཟོས་པ་ཡིན།
    ༼༢༠༠༥ལོར་བཀའ་བློན་ཁྲི་བ་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་སྐོར་ལ་དྲིས་ལན་ཕུལ་བའི་བརྙན་ཕབ་ཀྱི་ཚན་པ་ལས། རེབ་སྨད་ལྷའུ་ཡིས་ཡི་གེར་བཀོད་པའོ།།༽

    Reply
  2. དབྱངས་སྒྲོན། says:
    ལོ་ 10 སྔོན།

    རྡོ་མེ་འབུད་ལ་རྒྱབ་སྐྱོད་ཡོད། འོན་ཀྱང་ད་ག་རེ་བྱེད་དགོས་རེད། ད་ཕྲུ་གུ་སློབ་གྲྭ་གཞན་ལ་གཏང་ན་དགའ།

    Reply
  3. བླ་མ། says:
    ལོ་ 10 སྔོན།

    ད་ལྟའི་བཀའ་ཤག་གིས་བོད་ཀྱི་རིག་གནས་ཀྱི་སྲོག་རྩ་སྐད་ཡིག་ལ་ཐོག་ལ་དོ་སྣང་དང་མཐོང་ཆུང་བྱེད་པ་ནི། འཛིན་རིམ་བཅུ་གཉིས་ཀྱི་སྲིད་སྐྱོང་གཟེངས་བརྟགས་སྤྲོད་ཚུལ་དེ་ནས་རྟོག་ཐུབ། མ་ཟད་ཟམ་གདོང་རིན་པོ་ཆེའི་ཆ་གཞི་དཔེ་སྟོན་སློབ་གྲར་རྒྱ་བསྐྱེད་དང་། ཡར་རྒྱས་གཏོང་རྒྱུ་ཕར་ཞོག། ད་ལྟ་བར་དུ་ཉལ་ཁང་དང་འཛིན་ཁང་དགེ་རྒན་གྱི་ལས་ཤག་སོགས་གང་ལ་ཡང་བཀའ་གཤག་སྡོན་མ་དང། ད་ལྟ་གཉིས་ཀྱི་ཡར་རྒྱས་གང་ཡང་གཏང་མེད། མ་ཟད་ཕྲུག་གུའི་ཞལ་ལག་དེ་སྔ་ཟམ་གདོང་རིན་པོ་ཆེའི་སྐབས་ཕྲུག་གུའི་འཕྲོད་རྟེན་དང་ཚར་ལོངས་སོགས་ལ་དགོངས་པ་ཆེར་བཞེས་ཀྱིས། རྫས་ལུས་མེད་པའི་སྲོལ་རྒྱུན་གྱི་འབྲུ་རིགས་དང་སྔོ་ཚལ་སོགས་གནང་གི་ཡོད་ཀྱང་། དེ་ལྟར་ཕར་ཞོག་ད་ལྟ་ཕྲུག་གུའི་གྲོད་པ་མ་འབྲང་བའི་དཀའ་ངལ་ཡོད།། ཐ་ཡར་རྒྱས་གཏོང་བའི་དུས་ལ་བབ་ཡོད། སྐད་ཆ་སྐམ་པོ་ཀྱང་ཀྱང་མ་གཤོད། ལག་ལེན་གྱིས། ལག་ལེན་གྱིས། ཡར་རྒྱས་གཏོང་། ཡར་རྒྱས་གཏོང་།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese