མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནུབ་བྱང་མི་རིཊ་སློབ་ཆེན་གྱི་བོད་རིཊ་སློབ་མའི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་ཆེད་སྦྱོང་སློབ་གྲྭ་གནས་སྤོར་བཏང་སྟེ་ཕྱི་ནང་གི་སློབ་སྦྱོང་མཐུན་རྐྱེན་ཞན་པའི་ཐོག ད་ལོར་སློབ་ཡོན་ཚད་ལས་བརྒལ་བ་བླངས་བ་དང་བོད་རིགས་དགེ་རྒན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་བོད་རིགས་སློབ་མ་ཚོར་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཉེ་སྔོན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚོས་འབྲེལ་ཡོད་དགེ་རྒན་ཚོར་དཀའ་ངལ་ཡར་ཞུ་བྱས་ཡོད་པ་དང་སྦྲགས། འབྲེལ་ཡོད་དགེ་རྒན་རྣམས་ནས་སོ་སོའི་རྐུབ་སྟེགས་ལ་སྲུང་སྐྱོབ་བྱས་ཏེ་འགན་ལེན་མ་གནང་ཚེ། སློབ་མར་དབང་ཆ་ཆུང་ཡང་མུ་མཐུད་མི་འདོད་པའི་རྣམ་འགྱུར་སྟོན་རྒྱུ་ཡིན་སྐོར་ཞུས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་མ་ཞིག་ནས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་བྱང་མི་རིགས་སློབ་ཆེན་མོ་བཙུགས་ནས་ད་ལྟའི་བར་དུ་བོད་ཁུལ་གྱི་ལས་སྣེ་སྣ་མང་ལ་ཞུགས་པའི་ལས་བྱེད་པ་ཕོན་ཆེན་སྐྱེད་སྲིང་བྱས་ཡོད་པ་མ་ཟད། བོད་ཀྱི་རྩོམ་རིག་གི་སྒང་ལ་ངོམ་ཆོག་ཆོག་གི་གྲུབ་འབྲས་ཐོན་ཡོད་ཀྱང་། ད་ལྟ་སློབ་གྲྭའི་ཕྱི་ནང་གསང་གསུམ་ལ་འགྱུར་བ་ཆེན་པོ་བཏང་སྟེ། རྒྱུན་མཐུད་སློབ་གསོ་དང་ལས་རིགས་སྦྱོང་བརྡར་སློབ་གྲྭ་གནས་སྤོར་བཏང་སྟེ་ཕྱི་ནང་གི་སློབ་སྦྱོང་མཐུན་རྐྱེན་ཇེ་ཞན་དུ་སོང་ཡོད་པ་མ་ཟད། དགེ་རྒན་རྣམས་སློབ་གླིང་གསུམ་གྱི་ནང་ཕར་འགྲོ་ཚུར་འོང་བྱས་ཏེ་སློབ་འཁྲིད་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ད་ལོར་གསར་དུ་བསྡུས་པའི་ཆེད་སྦྱོང་སློབ་མ་ཚོར་སློབ་བསྡུའི་བརྡ་ཐོའི་ནང་གསལ་བའི་སློབ་ཡོན་ལས་ཚད་ལས་བརྒལ་བ་བླངས་ཏེ། ཞིང་འབྲོག་ནས་ཡོང་བའི་སློབ་ཕྲུག་ཚོར་དཀའ་ངལ་འཕྲད་ཡོད་འདུག

ད་ལོར་བོད་སྐད་ཡིག་རིག་གནས་སློབ་གླིང་གི་འགན་འཛིན་བརྗེས་ཏེ་བོད་རིགས་མིན་པ་ཞིག་བསྐོ་བཞག་བྱས་ཡོད་པ་མ་ཟད། འཛིན་བདག་ཚང་མ་རྒྱ་རིགས་ཡིན་ལ། ད་ལོའི་སློབ་འཇུག་ཐོ་འགོད་ཀྱི་སྐབས་སུ་སྔར་གྱི་བོད་རིགས་དགེ་རྒན་རྣམས་མཐོང་རྒྱུ་མེད་པར་རྒྱ་སྐད་བཤད་དེ་ཐོ་འགོད་བྱས་ཡོད་པ་དང་། བོད་ཀྱི་ཞིང་འབྲོག་ཁུལ་ནས་ཡོང་བའི་ཁྱིམ་བདག་དང་སློབ་ཕྲུག་ཚོས་སྐད་བརྡ་མ་འཕྲོད་པའི་དཀའ་ངལ་བྱུང་ཡོད་པ་མ་ཟད།ཐོ་འགོད་སྐབས་མཐའ་འཁོར་དུ་ཉེན་རྟོག་མི་སྣས་ལྟ་སྲུང་བྱས་ཏེ་སྒྲིག་ལམ་བཀའ་བཀོད་འཇོག་པ་སོགས་སློབ་གླིང་དེར་སྔར་བྱུང་མ་མྱོང་བའི་གནས་ཚུལ་བྱུང་ཡོད་སྐོར་དང་། སློབ་འགོ་ཚུགས་ནས་ཉིན་འགའ་འགོར་ཡང་དངོས་འཕར་འཛིན་གྲྭ་སོགས་ལ་སློབ་འཁྲིད་ཐུན་གཅིག་ཀྱང་འཚོགས་མེད་སྟབས།   སློབ་མར་འགན་མ་ཁུར་བའི་རྣམ་འགྱུར་གསལ་བོ་ཐོན་ཡོད་ལ། དེ་འདྲ་བྱས་ན་སློབ་མའི་སློབ་སྦྱོང་གི་ཁ་ཕྱོགས་དང་མ་འོངས་པའི་ཕུགས་འདུན་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་དང་། དེ་བཞིན། བོད་རིགས་དགེ་རྒན་ཇེ་ཉུང་དུ་བཏང་བ་དེས་བོད་ཞིང་འབྲོག་ཁུལ་ནས་ཡོང་བའི་སློབ་མ་ཚོའི་འདུན་པར་གནོད་པ་ཐེབས་སྐོར་བརྗོད་འདུག

Untitled-1ཡང་གནས་ཚུལ་དེའི་ནང་ཕྱི་ལོ་ ༢༠༡༤ དང་ ༢༠༡༦ ལོའི་སློབ་ཡོན་གྱི་འབྱོར་འཛིན་འདྲ་པར་དང་བཅས། ད་ལོར་བོད་སྐད་ཡིག་རིག་གནས་སློབ་གླིང་གི་ཆེད་སྦྱོང(大专)འཛིན་གྲྭ་དང་རྒྱུན་མཐུད་སློབ་གསོའི་ཆེད་སྦྱོང་སློབ་མ། ཆེད་སྦྱོང་དེ་གཉིས་ཀྱི་དངོས་འཕར་སློབ་མ(专升班)སོགས་ཀྱི་སློབ་ཡོན་ཚད་ལས་བརྒལ་བ་ཇེ་མཐོར་སོང་ཡོད་པ་དང་། དེ་སྔ་ལས་རིགས་སྦྱོང་བརྡར་སློབ་གྲྭའི་ཆེད་སྦྱོང་སློབ་མ་རེར་སློབ་ཡོན་ ༤༢༣༠ དང་ཕྱི་སྡོད་སློབ་མ་རེར་ ༣༢༣༠ ཡིན་ཡང་། ད་ལོར་ཆེད་སྦྱོང་སློབ་མ་རེའི་སློབ་ཡོན་ ༧༧༢༠ ལ་འཕར་ཡོད་པ་མ་ཟད། སློབ་མ་ཚོས་ངེས་པར་དུ་ཁ་པར་བྱང་བུ་གསར་པ་ཞིག་ཉོས་ཏེ་བེད་སྤྱོད་གཏོང་དགོས་པ་དང་། གལ་སྲིད་ཁ་པར་མེད་ཚེ་བྱང་བུ་དེ་བེད་སྤྱོད་གཏོང་བར་ཁ་པར་ཡང་ཉོ་དགོས་ཁེལ་གྱི་ཡོད་པས་བྱང་བུ་དང་ཁ་པར་གཉིས་ལ་རྒྱ་སྒོར་ ༥༠༠ ཡིན་སྟབས། ཆེད་སྦྱོང་སློབ་མ་རེས་ཁྱོན་རྒྱ་སྒོར་ ༨༢༢༠ རེ་སྤྲོད་དགོས་ཁེལ་ཡོད་པ་དང་། དེ་བཞིན་དངོས་འཕར་སློབ་མ་དང་ཆེད་སྦྱོང་ལོ་རིམ་གཉིས་པའི་སློབ་ཡོན་ཡང་ཇེ་མཐོར་ཕྱིན་ཡོད་ལ། སློབ་གྲྭའི་ཁོར་ཡུག་གསར་པ་གུ་དོག་པ་དང་དཔེ་མཛོད་ཁང་། ལུས་རྩལ་ར་བ་སོགས་གཅིག་ཀྱང་མེད་སྟབས། སློབ་གྲྭའི་ཕྱི་ནང་གི་མཐུན་རྐྱེན་ལ་བལྟས་ན་སློབ་ཡོན་ཆེན་པོ་དེ་འདྲ་སྤྲོད་དགོས་པའི་རྒྱུ་མཚན་གཏན་ནས་མེད་སྐོར་བརྗོད་འདུག

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་ཕྱི་ལོ་༡༩༤༩ལོའི་ ཟླ་༧པར་ལས་དོན་གྱི་དགོས་མཁོ་དང་ཡང་སྒོས་ནུབ་བྱང་བོད་རིགས་ས་ཁུལ་དུ་ཆབ་སྲིད་ལས་བྱེད་གསོ་སྐྱོང་བྱ་བར་དམིགས་ཏེ། བཅིངས་འགྲོལ་དམག་རྐང་དམག་དམག་སྡེ་དང་པོ་དང་ཀན་སུའུ་ཞིང་ཆེན་དམག་དོན་དོ་དམ་ཚོགས་པ་ཟུང་འབྲེལ་གྱིས་ལན་ཀྲུའུ་རུ་བོད་རིགས་གནད་དོན་ཞིབ་འཇུག་འཛིན་གྲྭ་གཉེར་བ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ས་བོན་ལྟ་བུ་བྱུང་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༡ པའི་ནང་བོད་རིགས་སློབ་མ་བསྡུ་མགོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༡༩༥༠ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཞེས་པའི་མིང་དངོས་སུ་བཏགས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཆེན་མོ་ཐོག་མ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese