མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆོས་དགེ་རྣམས་ལ་ལྟ་གྲུབ་དགེ་རྒན་ཞེས་གཏན་འབེབས་གནང་།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་ནས་བཟུང་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ལྟ་གྲུབ་དགེ་རྒན་ཞེས་ཞུ་རྒྱུ་གཏན་འབེབས་བྱུང་སྟེ་གསལ་བསྒྲགས་གནང་ཡོད་འདུག

IMG_0400དེ་རིང་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ ༨ པའི་སྔ་དྲོར། སྤྱི་འཐུས་ཤིག་གིས་༧གོང་ས་མཆོག་ནས་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ལྟ་གྲུབ་སློབ་དཔོན་ཞེས་གསུངས་ཡོད་ཀྱང་། ཤེས་རིག་ལས་ཁུངས་ནས་ལྟ་གྲུབ་དགེ་རྒན་ཞེས་གཏན་འབེབས་གནང་སྟེ། ལྟ་གྲུབ་སློབ་དཔོན་ཞེས་འདོགས་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་སྐོར་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས། ༧གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་ཤེས་རིག་ནས་བརྟག་དཔྱད་ཞུས་ཡོད་པ་དང་། བཀའ་སློབ་ནང་དུ་ཆོས་དགེ་ཞུ་བ་དེ་ཆོས་ལུགས་ཀྱི་སློབ་དཔོན་འདྲ་པོ་ཞིག་ལ་གོ་ཉེན་ཆེ་བ་འདུག་པས། སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ལྟ་གྲུབ་སློབ་དཔོན་ཞེས་བཏགས་ན་ཡག་པོ་འདུག་མིན་མཁས་པ་རྣམས་དང་ལྷན་དུ་གོ་བསྡུར་བྱས་ཏེ་གཏན་འབེབས་བྱོས་ཞེས། ༧གོང་ས་མཆོག་ནས་ལྟ་གྲུབ་སློབ་དཔོན་གསུངས་པ་དེ་དགོངས་ཚུལ་གྱི་ཚུལ་དུ་་བཀའ་གནང་ཡོད་སྟབས། ཤེས་རིག་ལས་ཁུངས་ནས་ཡོངས་གྲགས་སུ་ནང་ཆོས་དང་རིགས་ལམ་སོགས་ཕྱི་ནང་གཉིས་ཀྱི་ཐོག་འབྲེལ་བ་ཡོད་མཁན་མི་སྣ་ ༧ ལ་བཀའ་བསྡུར་ཞུས་སྐབས། ཁག་ཅིག་ནས་སློབ་དཔོན་དང་དགེ་རྒན་གཉིས་ལ་ཁྱད་པར་མི་འདུག་གསུངས་ཡོད་ཀྱང་། སློབ་དཔོན་ཞུ་བ་དེ་གཙུག་ལག་སློབ་ཁང་གི་དགེ་རྒན་(Professor)ཞེས་པའི་མཚན་གནས་དེ་ཡིན་ལ། མཚན་གནས་དེ་གཏིང་ཕྱུག་པོ་ཞིག་ཡིན་པ་དཔེར་ན། སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཞེས་པ་ལྟ་བུ་ཡིན་སྟབས། སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་(Philosophy Teacher)བཏགས་ན་གསུང་མཁན་མི་ལྔ་བྱུང་བར་བརྟེན། ལྔ་ཡི་དགོངས་ཚུལ་གཞིར་བཞག་སྟེ་ལྟ་གྲུབ་དགེ་རྒན་ཞེས་བཀའ་ཤག་ལ་སྙན་གསེང་ཞུས་པ་དང་། དགའ་ལྡན་ཕོ་བྲང་གི་སྙན་ལ་འབྱོར་བ་ཞུས་ཏེ་གཏན་འབེབས་བྱུང་ཡོད་ལ། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢ ཉིན་གསལ་བསྒྲགས་གནང་ཡོད་པ་ལྟར་ད་ནས་བཟུང་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ལྟ་གྲུབ་དགེ་རྒན་ཞེས་གཅིག་གྱུར་ཆགས་ཡོད་སྐོར་གསུངས་སོང་།

ཡང་སྤྱི་འཐུས་ཤིག་ནས་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་རྣམས་གདན་ས་གྲྭ་ཚང་གང་ནས་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་དང་། མཁོ་སྒྲུབ་གནང་བའི་ལྟ་གྲུབ་དགེ་རྒན་རྣམས་དངོས་གནས་ཚད་དང་ལྡན་པ། ཚུལ་དང་མཐུན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དང་། ཡང་ན་ཟུར་དུ་ལྷག་བསྡད་པ་དེ་འདྲ་བསྒྲུགས་ཡོང་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་དང་། དེ་བཞིན། སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་རྣམས་ལ་སྒྲིག་འཛུགས་ཀྱི་འགན་མང་པོ་སྤྲད་པའི་གནད་དོན་མང་པོ་ཡོང་གི་ཡོད་སྟབས། གནད་དོན་དེ་ཚོའི་ཐོག་ཐུགས་སྣང་བྱུང་ཡོད་མེད་དང་། ཐུགས་སྣང་བྱུང་ཡོད་ན་བསླབ་བྱ་དང་བཀོད་འདོམས་གནང་ཡོད་མེད་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་མཆོག་གིས། སྔོན་མ་ཡིན་ན་ལྟ་གྲུབ་དགེ་རྒན་གྱི་གནས་བབ་ཐོག་དགེ་རྒན་རག་རྒྱུའང་ཁག་པོ་ཡོད་ཀྱང་། བར་ལམ་ནས་༧གོང་ས་མཆོག་ནས་བཀའ་སློབ་གནང་སྟེ་གདན་ས་ཁག་ནས་ཐུགས་འཁུར་བཞེས་པའི་ཉེར་ལེན་ལ་བརྟེན་ནས་ད་ལྟ་ཡོད་པའི་ལྟ་གྲུབ་དགེ་རྒན་རྣམས་ཡག་ཐག་ཆོད་ཡོད། གཡས་གཡོན་ནས་བསྒྲུགས་བཞག་པ་དེ་འདྲ་ཡོད་པ་མ་རེད། སྤྱིར་བཏང་བོད་སློབ་འཛིན་སྐྱོང་ཚོགས་པའི་ནང་འགྲོ་སྟངས་ཤིག་གི་ཆ་ནས་ལྟ་གྲུབ་དགེ་རྒན་གྱི་ས་མིག་གསལ་བསྒྲགས་གནང་སྟེ། ཆ་རྐྱེན་གྱི་ལམ་ནས་ངག་རྒྱུགས་བླངས་རྗེས་བོད་སློབ་འཛིན་སྐྱོང་ཚོགས་པར་བཏང་སྟེ་སློབ་གྲྭ་ཁག་ཏུ་བཀོད་སྒྲིག་གནང་གི་ཡོད་ལ། ད་ལྟའི་ལྟ་གྲུབ་དགེ་རྒན་རྣམས་ཆ་རྐྱེན་ལྡན་པ་ཤ་སྟག་ཆགས་བསྡད་ཡོད། ཅེས་དང་། སྔོན་མར་ལྟ་གྲུབ་དགེ་རྒན་རྣམས་ལ་ཁྱེད་རང་ཚོས་སྒྲིག་འཛུགས་གནོན་རྒྱུ་གཅིག་པུ་རེད་ཟེར་བའི་གནས་ཚུལ་དེ་འདྲ་ཏན་ཏན་ཏོག་ཙམ་ཆགས་ཡོད་པ་དང་། ལྷག་པར་དུ་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་ནང་གནས་ཚུལ་དེ་འདྲ་ཆགས་བསྡད་ཡོད་པ་དེ་ངོས་ལེན་ཞུ་རྒྱུ་ཡིན། དེ་ཚོའི་གྲས་དེ་རྩ་བ་ནས་འགྲིག་གི་མེད་པས། བཀའ་བློན་དྲུང་ཆེ་ཚོ་དེར་ཕེབས་སྐབས་ལྟ་གྲུབ་དགེ་རྒན་རྣམས་ལ་དམིགས་བསལ་གྱིས་ཆེ་མཐོང་ཞུ་ཡི་ཡོད་ལ། ད་ལྟའི་ཆར་བོད་པ་རང་གི་འཛིན་སྐྱོང་འོག་ཡོད་པའི་བོད་ཁྱིམ་ཁག་གཉིས་དང་སཾ་བྷོཊའི་སློབ་གྲྭ་ཁག་ནང་དེ་རིགས་ཀྱི་དཀའ་ངལ་གང་ཡང་མེད་ལ། དེ་བཞིན་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་ནང་གི་དཀའ་ངལ་དེ་རིགས་ཀྱང་ད་ལྟ་དཔེ་ཡག་ཏུ་ཕྱིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༦ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

མཆན། 3

  1. ཙོང་ཁ་སྐལ་བཟང་། says:
    ལོ་ 7 སྔོན།

    གོང་གི་འབྲེལ་ཡོད་མི་བདུན་དེ་ཚོས་༧ རྒྱལ་བ་རིན་པོ་ཆེ་ལས་ཁོང་ཚོ་མཁས་མདོག་བྱས་པར་དངོས་གནས་བློ་ཕམ་བྱུང་།

    Reply
  2. Dhengkhen says:
    ལོ་ 7 སྔོན།

    . ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡ ཉིན་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་་བཀའ་སློབ་ལས་ཟུར་འདོན་ཞུས་པ།

    སྔ་དྲོའི་ཕྱག་ཚོད་ ༩ དང་སྐར་མ་ ༡༢ ཐོག་སློབ་གྲྭའི་ཆོས་དགེ་རྣམས་ལ་ཆོས་དགེ་ཞེས་བརྗོད་པས་མི་འདང་བར་དེ་དག་ལྟ་གྲུབ་ཀྱི་སློབ་དཔོན་ཞེས་འདོགས་དགོས་པའི་གལ་གནད་དང་ཆོས་དགེ་རྣམས་ནས་སློབ་ཕྲུག་རྣམས་ལ་སྔ་དགོང་གི་ཞལ་འདོན་སློབ་པ་ཙམ་གྱིས་མི་འགྲིག་པར་བདེན་གཉིས་དང་། བདེན་བཞི་སོགས་ཀྱི་ལྟ་གྲུབ་ཀྱི་རྣམ་གཞག་དང་། ནང་ཆོས་ཀྱི་སྒྲོམ་གཞི་རྣམས་སློབ་ཁྲིད་བྱེད་དགོས་ལུགས། བར་སྐབས་ཆོས་དགེ་རྣམས་ནས་སློབ་ཁྲིད་འཐུས་ཤོར་དུ་སོང་བས་བར་སྐབས་ཀྱི་མི་རབས་གཅིག་གི་ནང་ཆོས་ཀྱི་ཤེས་ཚད་ཐད་གྱོང་གུད་ཕོག་ཚུལ་བཅས་ཀྱི་སྐོར་བཀའ་སློབ་སྩལ།

    ༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༦ ཉིན་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་སློབ་གྲྭ་ཁག་ ༢༠ ཐམ་པའི་དགེ་རྒན་དང་། རྒན་བདག་བཅས་མི་གྲངས་ ༥༧ དང་། ཤེས་རིག་ལས་བྱེད་ ༣ བཅས་ཁྱོན་མི་གྲངས་ ༦༠ ཐམ་པར་༸རྒྱལ་བའི་གཟིམ་ཆུང་གི་མཇལ་འཕྲད་ཁང་དུ་མཇལ་ཁའི་སྐབས་སྩལ་བའི་གལ་ཆེའི་བཀའ་སློབ་ལས་ཟུར་འདོན་ཞུས་པ།

    ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༥༧ ཕྱིན་པ་རེད། ཐོག་མར་ང་ཚོའི་སློབ་གྲྭ་ཁག་ཏུ་ཆོས་དགེ་རྣམས་ནས་ཞལ་འདོན་གྱི་རིགས་སློབ་པ་དང་། དེ་མིན་སྙན་སུམ་ཕྲན་བུ་སློབ་ཁྲིད་བྱེད་པ་ལས། ནང་ཆོས་རང་གི་འགྲེལ་བཤད་བྱ་རྒྱུའི་ཐད་ཅུང་ཟད་མ་འདང་བ་ལྟ་བུ་མཐོང་གི་འདུག འོན་ཀྱང་དེ་དག་ཚང་མ་འདས་ཟིན་པའི་གནས་ཚུལ་ཡིན་པས་བྱ་རྒྱུ་གང་ཡང་མེད། བར་སྐབས་ཆོས་དགེ་བསྐོ་གཞག་བྱ་རྒྱུའི་ཐོག་སྐད་ཆ་ཞིག་བྱུང་ལ། ཆོས་དགེ་ཞེས་པ་དེར་བསམ་བློ་ཞིག་གཏོང་དགོས། ཆོས་དགེ་ཞེས་བརྗོད་ན་དེ་ནི་ཧིན་དྷུའི་སློབ་གྲྭ་ཁག་ཏུ་ཡོད་ལ། དེ་བཞིན་ཁ་ཆེ་དང་ཡེ་ཤུའི་སློབ་གྲྭ་ཁག་ཏུའང་རང་ཉིད་ཀྱི་ཆོས་ལུགས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་ཡོད་མུས་ཡིན། ང་ཚོའི་ཆོས་དགེ་རྣམས་ལ་ལྟ་གྲུབ་ཀྱི་སློབ་དཔོན་ཞེས་བརྗོད་ན་ཡག་པོ་འདུག་ཅེས་དེ་སྔོན་ནས་བརྗོད་རྒྱུ་བྱུང་། ལྟ་བ་འདྲ་མིན་དང་། གྲུབ་མཐའ་འདྲ་མིན་སློབ་ཁྲིད་བྱེད་མཁན་གྱི་སློབ་དཔོན་ཞེས་བརྗོད་ན་ལེགས། དགེ་རྒན་རེད། དེས་ན་ལྟ་གྲུབ་གྱི་དགེ་རྒན་ནམ། ལྟ་གྲུབ་ཀྱི་སློབ་དཔོན་ཞེས་བརྗོད་ན། སློབ་ཚན་དེ་དག་ལྟ་བ་དང་གྲུབ་མཐའ་སློབ་ཁྲིད་བྱེད་མཁན་ཡིན་ཞིག་ཡིན་པ་མཚོན་པ་དང་། སངས་རྒྱས་ཆོས་ཚོགས་མ་འགྲེལ་བཤད་བརྒྱབ་པ་ལྟ་བུ་ཞིག་མིན་པར་ལྟ་གྲུབ་སློབ་ཁྲིད་བྱེད་མཁན་ཞིག་ཆགས་ཡོད། དེར་བརྟེན་ཆོས་དགེ་དེ་ཡང་དཔེ་ཆ་གང་འཚམ་ཤེས་པ་ཞིག་མ་གཏོགས་རང་གར་ཨ་མཆོད་ལྟ་བུ་ཞིག་གིས་ཆོས་དགེ་བྱེད་མི་ཐུབ་པར་ལྟ་གྲུབ་ལ་སྦྱངས་པ་ཡོད་པ་ཞིག་དགོས་པ་ཡིན། དེར་བརྟེན་ཆོས་དགེའི་མིང་དེ་ཡང་ལྟ་གྲུབ་ཀྱི་སློབ་དཔོན་ཞེས་མིང་བསྒྱུར་བྱས་ན་སྙམ། ཁྱེད་རང་ཚོས་བལྟས་ན་དེ་གཉིས་ལ་ཁྱད་པར་ཞིག་འདུག་གམ། ལྟ་གྲུབ་ཀྱི་སློབ་དཔོན་ཞེས་བརྗོད་ན་རྒྱ་ཆེ་ལ་གཏིང་ཟབ་པ་ཡོད། རྟགས་གསལ་སློབ་རྒྱུའི་རིགས་རྣམས་ཀྱང་འདིའི་ནང་སླེབས་ངེས་ཡིན། ཞེས་བཀའ་ཕེབས།

    ༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་སྩལ་བའི་བཀའ་སློབ་ལས་ཟུ་འདོན་ཞུས་པ།

    ང་ཚོའི་སློབ་གྲྭ་ཁག་གི་དགེ་རྒན་ལ་ང་ཚོས་སྔོན་མ་ནས་ཆོས་དགེ་ཆོས་དགེ་ཟེར་གྱི་ཡོད་པ་རེད། ཁ་སང་ང་ཚོར་ལྟ་གྲུབ་སློབ་དཔོན་ཞེས་མིང་བཏགས་ན་ཡག་པོ་ཡོད་པའི་སྐད་ཆ་བྱུང་། གང་ལྟར་སློབ་གྲྭའི་ནང་གི་ཆོས་དགེ་ཟེར་ན་མིན་འདུག་འགྲེལ་བཤད་རྒྱག་མཁན་ཚོས་སངས་རྒྱས་ཀྱི་ཆོས་འགྲེལ་བཤད་འདྲ་བརྒྱབ། གཞན་དོན་གྱི་འགྲེལ་བཤད་འདྲ་བརྒྱབ་པ་དེ་མིན་པར་སངས་རྒྱས་པའི་ཆོས་ཀྱི་གཞི་རྩའི་ལྟ་གྲུབ་ག་འདྲ་ཡིན་པ་དེ་ཚོ་འགྲེལ་བཤད་རྒྱག་དགོས་པ་རེད། ཅེས་བཀའ་སློབ་ལམ་སྟོན་མཛད།

    ༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ཉིན་སྔ་དྲོའི་ཕྱག་ཚོད་ ༩ པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གླེ་ལྕོག་ལམ་གསར་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་བོད་རིགས་མང་ཚོགས་ལ་སྩལ་བའི་བཀའ་སློབ་ལས་ཟུར་འདོན་ཞུས་པ།

    བོད་དུ་ནང་པ་སངས་རྒྱས་པའི་ཆོས་ཐོག་མར་དར་ཚུལ་དང་། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་བོད་མི་རིགས་ཀྱི་གཅེས་ནོར་ཡིན་པ་སོགས་བཀའ་སློབ་སྩལ་ཡོད་པ་མ་ཟད། སློབ་གྲྭ་ཁག་གི་ནང་དུ་ནང་ཆོས་སློབ་ཁྲིད་གནང་མཁན་ཚོར་ཆོས་དགེ་ཞེས་མ་ཡིན་པར་ལྟ་གྲུབ་སློབ་དཔོན་ཞེས་འབོད་ན་དགེ་མཚན་ཆེ་བའི་སྐོར་བཀའ་སློབ་སྩལ།

    ༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༩ ཉིན་༸གོང་ས་མཆོག་གིས་ཁྲིག་དགོན་དབྱར་ཆོས་མོ་དབུ་འབྱེད་དང་དྭགས་པའི་ཆོགས་ལུགས་མཐུན་སྒྲིལ་གྱི་ནོར་བུའི་འོད་ཟེར་དེ་འཛམ་གླིང་སྤྱིར་ཁྱབ་ཐུབ་པ་གནང་གལ་ཆེ་སྐོར་བཀའ་སྩལ་བ་ལས་ཟུར་འདོན་ཞུས་པ།

    དེ་སྔ་བོད་པ་བཙན་བྱོལ་བའི་སློབ་གྲྭ་ཁག་གི་དུ་ནང་ཆོས་དགེ་རྒན་ལ་ཆོས་དགེ་ཞེས་ཞུ་བཞིན་འདུག་པས། བར་སྐབས་ཤིག་ལ་ངོས་ཀྱིས་མིང་དེ་ལ་འགྱུར་བ་ཞིག་བཏང་སྟེ། ལྟ་གྲུབ་སློབ་དཔོན་ཞེས་བརྗོད་ན་གང་འདྲ་འདུག་གམ་ཞེས་ཞུས་པ་ཡིན། སངས་རྒྱས་པའི་ཆོས་སློབ་ཁྲིད་བྱེད་སྐབས་ལྟ་གྲུབ་དང་འབྲེལ་ནས་བཤད་དགོས་པ་རེད། སྤྱོད་པ་འཚེ་བ་མེད་པ་ཆོས་ལུགས་ཚང་མའི་ནང་ཡོད་པ་རེད། ལྟ་བ་རྟེན་འབྱུང་གི་ཐོག་ནས་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་དེ་ངོ་སྤྲོད་དགོས་ལ། ལྟ་བ་རྟེན་འབྱུང་ལས་བདག་མེད་པ་བཤད་ཀྱི་ཡོད། དེ་ལ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་ཞེས་བདག་མེད་པའི་གོ་བ་ཇེ་ཕྲ་ནས་ཇེ་ཕྲར་འགྲོ་བཞིན་ཡོད། དེར་བརྟེན་སློབ་གྲྭ་ཁག་ཏུ་ནང་ཆོས་སློབ་ཁྲིད་བྱེད་མཁན་དེ་ལྟ་གྲུབ་སློབ་མཁན་ཆགས་ཡོད་སྟབས། ངོས་ནས་དེ་ལྟར་ཤེས་རིག་ལས་ཁུངས་ལ་བསམ་འཆར་ཞུས་རྗེས་ཁོ་རང་ཚོས་དེ་ཡག་པོ་འདུག་གསུངས་ཏེ། ད་ལྟ་ང་ཚོས་ལྟ་གྲུབ་སློབ་དཔོན་ཞེས་བརྗོད་ཀྱི་ཡོད། ཁྱེད་རང་ལ་དྭགས་པ་ཚོས་ཀྱང་སློབ་གྲྭ་ཁག་ནང་ཞལ་འདོན་བསླབས་ནས་བསྡད་པ་དེ་ལྟར་མིན་པར་ནང་ཆོས་ངོ་སྤྲོད་གནང་བའི་ཐོག་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དེ་དག་རིགས་པའི་ལམ་ནས་འཆད་ཉན་བྱེད་དགོས། ཞེས་བཀའ་སློབ་སྩལ།།

    ༢༠༡༦ ཟླ་ ༨ ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་ཤེལ་ལམ་སྒྲོན་སློབ་གྲྭར་བཀའ་སློབ་སྩལ་བའི་བཀའ་སློབ་ལས་ཟུར་འདོན་ཞུས་པ།
    ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་ཕལ་ཆེར་ལྟ་གྲུབ་སྨྲ་བ་གཙོ་བོ་རེད་འདུག ཆོས་དད་ཁོ་ན་མིན་པར་ལྟ་གྲུབ་ཧ་ཅང་གལ་ཆེན་པོ་རྩི་གི་ཡོད། དེར་བརྟེན་ངོས་ཀྱིས་ཁྱེད་རང་ཚོ་སློབ་གྲྭའི་ཆོས་དགེ་དེ་དག་རྒྱ་གར་རྒྱ་ཐང་དུ་ཡོད་པའི་བོད་མི་བཙན་བྱོལ་བའི་སློབ་གྲྭའི་ཆོས་དགེ་དེ་དག་ལ་སྔ་མོ་ཆོས་དགེ་ཟེར་གྱི་ཡོད། བར་སྐབས་ནས་མིང་བསྒྱུར་ནས་ལྟ་གྲུབ་སློབ་དཔོན་ཞེས་མིང་བཏགས་ཡོད། འདིར་ཁྱེད་རང་ཚོར་སློབ་གྲྭའི་དྲན་རྟེན་ཆེད་ངོས་ཀྱི་པར་གྱི་ཐོག་ས་ཡིག་བརྒྱབ་རོགས་ཞེས་བརྗོད་བྱུང་། ངོས་ཀྱིས་ནམ་རྒྱུན་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་ཟེར་གྱི་ཡོད། དེ་རིང་ཤཱཀྱའི་དགེ་སློང་ལྟ་གྲུབ་སྨྲ་བ་ཞེས་བརྒྱབ་པ་ཡིན། ཤཱཀྱའི་དགེ་སློང་ལྟ་གྲུབ་སྨྲ་བ་ཟེར་དུས་ངོས་རང་དགེ་བཤེས་ཡིན་ཟེར་གྱི་ཡོད། ལྟ་གྲུབ་སློབ་དཔོན་ཞེས་པའི་མིང་ཡོད་མཁན་ཞིག་དགེ་རྒན་ཡིན་དུས་ཁྱེད་རང་ཚོ་ལྟ་གྲུབ་སློབ་མཁན་གྱི་སློབ་ཕྲུག་ཟེར་དགོས་རེད། དཔེར་ན། ངོས་རང་ཆ་བཞག་ན། ཨིན་ཇི་ཐེབས་ཆག་ཅིག་ཤེས་པ་མ་གཏོགས་དེང་དུས་ཀྱི་ཤེས་ཡོན་ཤེས་ཀྱི་མེད། ངོས་རང་དེང་དུས་སློབ་གྲྭའི་འཛིན་གྲྭར་ཐེངས་གཅིག་ཀྱང་འགྲོ་མྱོང་མེད། དེ་བཞིན་ཚན་རིག་ལ་ཆ་བཞག་ན། ཆེད་དུ་གཉེར་ནས་སློབ་སྦྱོང་བྱས་མེད། འོན་ཀྱང་འདས་པའི་ལོ་སུམ་ཅུ་ལྷག་ཙམ་རིང་ནས་ཤེས་ཡོན་ཅན་གྱི་མཁས་པ་མང་པོ་ཐུག་མྱོང་ཡོད། མཁས་པ་དང་ཚན་རིག་པ་མང་པོས་ངོས་རང་འབོད་བཞིན་ཡོད། ང་ཚོ་མཉམ་དུ་སྐད་ཆ་ཤོད་སྐབས་ངོས་ལ་དེང་དུས་ཀྱི་ཤེས་ཡོན་དང་ཚན་རིག་སློབ་སྦྱོང་མེད་ཀྱང་མཉམ་དུ་སྡོད་སྐབས་འདྲ་འདྲ་ཆགས་ཐུབ་ཀྱི་ཡོད། དེ་ནི་གཙོ་བོ་ནཱ་ལེནྡྲའི་ལྟ་གྲུབ་དེ་དག་ལ་སློབ་སྦྱོང་ཕྲན་བུ་བྱས་པར་བརྟེན་སུ་དང་སྐད་ཆ་བཤད་པ་དང་གོ་བསྡུར་གང་འདྲ་ཞིག་བྱས་ཀྱང་འདྲ་འདྲ་ཡོང་ཐུབ་རྒྱུ་ཞིག་དང་སྐབས་རེ་ལྷག་པ་ཆགས་ཀྱི་འདུག ཅེས་ལམ་སྟོན་གྱི་བཀའ་སློབ་སྩལ།

    Reply
  3. Dhengkhen says:
    ལོ་ 7 སྔོན།

    གོང་ས་མཆོག་ནས་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ལྟ་གྲུབ་སློབ་དཔོན་ཞེས་འདོགས་དགོས་པའི་བཀའ་སློབ་རིམ་པའི་ཕེབས་ན་ཡང་ཤེས་རིག་ལས་ཁུངས་ལས་ལྟ་གྲུབ་དགེ་རྒན་ཞེས་དགོས་ཚུལ་མཁས་དབང་བདུན་ལ་བཀའ་དྲིན་ཞུས་ནས་གཏན་ཁེལ་ཡིན་ཚུལ་བཤད་ན་ཡང་དོན་དུ་ཆོས་དགེ་ཚོར་ཆེས་མཐོང་སྤྲོད་འདོད་མེད་པ་ཞིག་ལས་མ་འདས། སློབ་དཔོན་ཡིན་ན་ཝ་ནའི་མཐོ་སློབ་ནང་བཞིན་མཁས་དབང་ལྟར་ཡིན་མི་དགོས་སོ། ཤེས་རིག་བཀའ་བློན་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist