མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀོ་ལི་གྷལ་གྱི་སྟོན་ཐོག་ལ་ཐན་སྐྱོན་ཆེན་པོ་བྱུང་།

བོད་ཀྱི་དུས་བབ།
༢༠༡༦/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཆར་ཆུ་དུས་སུ་མ་བབ་པའི་རྐྱེན་གྱིས་སྟོན་ཐོག་བརྒྱ་ཆ་དགུ་བཅུ་ཙམ་ཕན་མེད་དུ་འགྱུར་བཞིན་ཡོད་པ་རེད།

unnamedརྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེ། མེ་སོར་རྫོང་ཁོངས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་མི་སེར་སྤྱི་དང་ལྷག་པར་ཕྱི་རྒྱལ་དུ་ནང་མི་མེད་པ་དང་། ཚོང་ལས་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་རྣམས་ཀྱིས་གཙོ་བོ་སོ་ནམ་ཞིང་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ས་གནས་སུ་ལོ་ལྟར་ཕྱི་ཟླ་ ༧ པའི་ཟླ་སྟོད་ནས་སོ་ནམ་འདེབས་ལས་བྱེད་འགོ་རྩོམ་གྱི་ཡོད་པ་དང་། ཕྱི་ཟླ་ ༨ པ་ནས་ཆར་དུས་འགོ་འཛུགས་ཀྱི་ཡོད་པར་བརྟེན། ཐན་སྐྱོན་འབྱུང་བའི་དཀའ་ངལ་ཧ་ཅང་ཉུང་ཉུང་ཡིན་པ་རེད། འོན་ཀྱང་ད་ལོར་ཆར་ཆུ་དུས་སུ་མ་བབས་པར་བརྟེན། ས་གནས་གཞིས་ལས་ཁང་དང་། མཉམ་འབྲེལ། གྲོང་སྡེ་སྤྱི་མི་སོགས་ཀྱིས་འགན་ཁུར་འོག་ཆར་འབེབ་རིམ་འགྲོ་གང་མང་བསྒྲུབས་ཡོད་ཀྱང་། སྟོན་ཐོག་ལ་ཕན་པའི་ཆར་ཆུ་འབབ་ཐུབ་ཀྱི་མེད་པར་བརྟེན་སྟོན་ཐོག་ཧ་ཅང་མང་པོ་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་དང་། ས་གནས་ཀྱི་སྟོན་ཐོག་མང་ཆེ་བ་ཨ་ཤོམ་རེད་འདུག

གནས་ཚུལ་འདིའི་སྐོར་ལ་དོན་ལྡན་གླིང་གཞིས་གྲོང་Sཔའི་སོ་ནམ་པ་ཚེ་རིང་མཚམས་སྐྱིད་ལགས་ཀྱིས་བརྗོད་དོན། ང་རང་གིས་སོ་ནམ་ཞིང་ལས་བྱས་ཏེ་ལོ་ ༤༥ ཙམ་འགྲོ་ཡི་ཡོད་པ་དང་། ལོ་ལྟར་ཞིང་ཁ་ཨེ་ཀར་བཅོ་བརྒྱད་ཙམ་འདེབས་ཀྱི་ཡོད་ཀྱང་། འདི་ལོར་ཆར་ཆུ་དུས་སུ་མ་བབས་པའི་རྐྱེན་གྱིས་ང་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། སྤྱི་ཡོངས་ནས་བཤད་ན་ས་གནས་ཀྱི་ཞིང་ས་ཡག་སྡུག་གི་ཁྱད་པར་ཡོད་པ་རེད། ཞིང་ས་ཡག་པོ་ཡོད་ས་ནས་ཕར་ཆེར་སྟོན་ཐོག་བརྒྱ་ཆ་ལྔ་བཅུ་ཙམ་ལས་ཕན་ཐོགས་མེད་པ་ཆགས་ཚར་བ་རེད། ཞིང་ས་སྡུག་ས་དག་ནས་ཕར་ཆེར་བརྒྱ་ཆ་ལྔའམ་བཅུ་ཙམ་ལས་ཕན་ཐོགས་ཡོད་པ་མཐོང་གི་མི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་མོས་ས་གནས་སུ་སྟོན་ཉེས་བྱུང་ན་མཇུག་འབྲས་མི་མང་དང་མཉམ་འབྲེལ་ལ་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་དོན། སྟོན་ཐོག་བརྒྱ་ཆ་ལྔ་བཅུ་མ་ལོན་ན། ཞིང་པའི་འགྲོ་སོང་དང་སྟོན་འབྲས་ཀྱི་ཡོང་འབབ་ཁ་འདུམ་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་རེད། སྟོན་འབྲས་བརྒྱ་ཆ་ལྔ་བཅུ་ཙམ་ལས་མ་ལོན་པའི་ཞིང་སའི་ཐོན་འབྲས་ཀྱི་ཡོང་འབབ་ཀྱིས་ཐོག་མའི་འགྲོ་སོང་ཡང་གསོ་ཐུབ་ཀྱི་མ་རེད། ད་ལོའི་སྟོན་ཐོག་དེ་བརྒྱ་ཆ་དགུ་བཅུ་ཙམ་རག་ས་མ་རེད་། ནམ་རྒྱུན་མཉམ་འབྲེལ་ནས་གཞིས་ཆགས་མི་མང་ལ་ཧིན་སྒོར་འབུམ་དྲུག་ཅུ་བདུན་ཅུ་བུ་ལོན་གཏོང་གི་ཡོད་པ་རེད། དེར་བརྟེན་སྟོན་འབྲས་བརྒྱ་ཆ་ལྔ་བཅུ་ཙམ་ལས་མ་བྱུང་བ་ཡིན་ན། ཞིང་པ་མི་མང་གིས་མཉམ་འབྲེལ་ལ་བུ་ལོན་སོད་ཀྱི་མ་རེད། དེ་ནས་མཉམ་འབྲེལ་ལ་ཡང་དཀའ་ངལ་འཕྲད་ཀྱི་རེད་ལ་མི་མང་ལ་ཡང་དཀའ་ངལ་ཡོད་པ་རེད། ང་རང་ཉིད་ལ་ས་ཞིང་ཡག་སྡུག་གཉིས་ཡོད་པ་ལས་ཆ་སྙོམ་བྱས་ན་སྟོན་འབྲས་བརྒྱ་ཆ་བཞི་བཅུ་ཙམ་ལེན་རྒྱུ་ཡོད་པར་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་སོང་། དེ་བཞིན་སོ་ནམ་པ་ཨ་ཅག་པ་སངས་ལགས་ཀྱིས་མོ་རང་ལ་ས་ཞིང་ཨེ་ཀར་གསུམ་དང་བོགས་མ་ཨེ་ཀར་ལྔ་ཙམ་ཡོད་ཡིན་ནའང་ད་ལོ་ཞིང་ཁའི་འགྲོ་སོང་རག་རྒྱུ་མ་དགོས་རྩྭ་ཡང་རག་ཁག་པོ་ཡོད་པ་བརྗོད་བྱུང་།

ཆར་ཆུ་དུས་སུ་མ་བབ་པ་ནི་ཀོ་ལི་གྷལ་ས་ཁུལ་གཅིག་པུ་ཙམ་མ་ཡིན་པར། རྒྱ་གར་ལྷོ་ཕྱོགས་ཁུལ་དང་། ལྷག་པར་ཀར་ཎ་ཊ་ཀའི་མངའ་སྡེའི་ཁུལ་དུ་དཀའ་ངལ་ཆེན་པོ་ཆགས་བཞིན་ཡོད་པ་དང་། འདི་ལོ་ཀོ་ལི་གྷལ་དོན་ལྡན་གླིང་དུ་སྟོན་ཉེས་བྱུང་བ་ནི་ས་གནས་སུ་སྟོན་ཉེས་བྱུང་བ་ཐེངས་གསུམ་པ་དེ་ཡིན་ལ། སྟོན་ཉེས་ཀྱི་དཀའ་ངལ་ཆེན་པོ་འཕྲད་པ་ཡིན་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབྲེལ་ཡོད་མི་མང་ལ་གཟིགས་རྟོག་གནང་རྒྱུའི་རེ་བའང་ཞུ་བཞིན་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཀོ་ལི་གྷལ་ནས།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 10 སྔོན།

    གཞིས་ཆགས་འདིར་དེ་སྔོན་སྲོལ་རྒྱུན་ལ་མིང་རྟགས་ནས་གཞིས་མིའི་འཚོ་
    བ་རྒྱོང་གུན་ཆེན་པ་བཟོས་ཡོད་པ་ད་ལོ་ཆར་ཆུ་དཀོན་པས་སྟོན་ཉེས་ཤོར་བ་དེ་ཚོ་ལ་དབུས་བོད་མིའི་སྒྲིག་འཛུགས་ནས་རོགས་སྐྱོར་གནང་དགོས་པ་དེ་ཕྱི་ནས་རོགས་དངུལ་ཐོབ་པའི་གསལ་བསྒྲགས་སྔོན་སོང་ལ་འགན་འཁུར་ནས་ས་
    གནས་གཞིས་མིའི་དཀའ་ངལ་ཡར་ཞུ་མ་དགོས་པར་མར་གནང་དགོས་པ་དེ་
    སྒྲིག་འཛུགས་ཡོད་པའི་དོན་གོ་ཚང་བར་ངོས་འཛིན་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese