མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གསར་འགྱུར་ལས་སྒྲུབ་ཁང་གིས་ལས་གཞི་གསར་བ་ཞིག་ཕྱི་བསྒྲགས་བྱས་ཏེ་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་མཉམ་ལས་བྱ་རྒྱུ་ཡིན་ལུགས་བཤད་འདུག

Timesརོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་ལས་སྒྲུབ་ཁང་ནས་ “རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་ལས་འཆར” ཞེས་པའི་ཡིག་ཆ་དོན་ཚན་ ༦ དང་ནང་གསེས་དོན་ཚན་ ༡༧ ཅན་ཞིག་ཕྱི་བསྒྲགས་བྱས་ཏེ། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་མཉམ་ལས་བྱ་རྒྱུ་ཡིན་ལུགས་བཤད་ཡོད་འདུག

རྒྱ་ནག་གི་ལས་འཆར་གསར་བ་དེའི་ནང་། རྒྱ་ནག་གཞུང་གིས་ “རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་ལས་འཆར” ཞེས་པའི་ལས་གཞི་དེ་ཕྱི་ལོ་ ༢༠༢༠ བར་དངོས་སུ་ལག་བསྟར་བྱ་རྒྱུན་ཡིན་ཚུལ་དང་། གནས་སྟངས་ལ་གཞིགས་ཏེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་རྒྱ་ནག་ནང་མགྲོན་འབོད་བྱ་རྒྱུ། རྒྱ་ནག་གི་ཆེད་མཁས་པ་ཚོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དམིགས་གསལ་ལས་རིམ་ནང་མཉམ་ཞུགས་བྱ་རྒྱུ། དེ་བཞིན། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་བྱ་རྒྱུ་དང་། རྒྱ་ནག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལས་ཁུངས་དང་ལྷན་དུ་གྲོས་མོལ་དང་མཉམ་ལས་བྱ་རྒྱུ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཁག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་ཁེ་དབང་དང་འདྲ་མཉམ་བཅས་ཀྱི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་ལུགས་སོགས་བཤད་འདུག

གཞན། གནས་ཚུལ་འདིའི་ནང་རྒྱ་ནག་གཞུང་གིས་ནམ་རྒྱུན་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་འཚོ་གནས་ཡར་རྒྱས་གཏོང་གི་ཡོད་ཚུལ་དང་གྲངས་ཉུང་མི་རིགས་ཁག་གི་ཐོབ་ཐང་དང་ཁེ་དབང་འགན་སྲུང་བྱེད་ཀྱིན་ཡོད་ལུགས། རྒྱ་ནག་གཞུང་གིས་ཁྲིམས་ཀྱི་དབང་སྒྱུར་ལ་བརྟེན་ནས་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་དང་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་ལུགས་སོགས་བཤད་ཀྱི་ཡོད་ནའང་། དོན་དངོས་སུ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་མི་རིགས་དབྱེ་གཅོད་དང་། གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་རིག་གནས་ཀྱི་བྱ་སྒོ་ཁག་བཀག་སྡོམ། འགྲོ་བ་མིའི་ཐོབ་ཐང་གི་མཚོན་པའི་གྲངས་ཉུང་མི་རིགས་ཀྱི་མངོན་འདོད་དངོས་ལ་དམ་དྲག་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    ཧ་ཧ་ཧ། འགྲོ་མིའི་ཐོབ་ཐང་ལ་རིན་ཐང་དང་བརྩི་མཐོང་ཆེན་པོ་བྱེད་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོར་མགོ་སྐོར་གཏོང་ཐུབ་ནི་མ་རེད།

    ཡར་རྒྱས་གཏོང་དགོས་ན། དང་པོ། བོད་དང་ཞིན་ཅང་གི་སྲིད་དོན་བཙོན་མ།རྒྱ་ནག་གི་དམངས་གཙོ་དོན་གཉེར་བ། ཧྥ་ལུང་སྒོམ་གྱི་བཙོན་མ་བཅས་གློད་བཀྲོལ་གཏོང་དགོས།
    གཉིས་པ། རྒྱ་ནག་གི་རྩ་ཁྲིམས་ནང་སྲོག་གཅོད་ཉེས་ཁྲིམས་མེད་པ་བཟོ་དགོས། རྒྱ་ནག་གཞུང་གིས་ལོ་རེར་སྲོག་གཅོད་ཉེས་ཁྲིམས་འོག་དམར་གསོད་བཏང་བའི་གྲངས་འབོར་འཛམ་གླིང་སྤྱི་ཡོངས་ཀྱི་དམར་གསོད་གྲངས་འབོར་ལས་ལྡབ་གསུམ་གྱི་མཐོ་བ་ཆགས་ཡོད།

    Reply
  2. ྸྸཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅། རྒྱ་ནག་ནས་མ་འོངས་པར་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཡར་རྒྱས་གཏོང་གི་ཡིན་བརྗོད་པ་རྗུན་མ་རེད།
    ད་བར་སྐྱག་རྗུན་མང་དག་བཤད་པ་འཛམ་གླིང་རྒྱལ་ཁབ་མང་པོས་ཤེས་བཞིན་པ་རེད།
    སྐྱག་རྗུན་རིང་ལུགས་ཀྱི་རྒྱལ་ཁབ་རྒྱ་ནག་མ་གཏོགས་ཡོད་པ་མ་རེད།
    སྐྱག་རྗུན་ལ་སྦྱངས་ཆུབ་ཅིང་སྐྱག་རྗུན་བཤད་པར་ངོ་ནི་མི་ཚ།
    ཡིན་པ་མིན་དང་མིན་པ་ཡིན་སྟག་བཤད་དེ་བསྡད་ཀྱི་ཡོད་པ་རེད།
    ཡིད་ཆེས་སུས་བྱེད། བློ་སུས་བཀལ། སྙིང་གཏམ་སུས་བཤད། ཉིན་གཅིག་དཀའ་ངལ་འཕྲད་སྲིད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese