མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་ཤག་ ༦༠༠ ཙམ་གཏོར་ཏེ་གྲྭ་བཙུན་ ༡༠༠ ལྷག་ཕྱིར་ཕུད་བཏང་།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་ ༦༠༠ མ་ཟིན་ཙམ་གཏོར་ཏེ་བོད་རང་སྐྱོང་ལྗོངས་ནས་ཡིན་པའི་གྲྭ་བཙུན་ ༡༡༠ ཉིན་ཤས་སྔོན་བཙན་གྱིས་ཕྱིར་ལོག་བཏང་ཡོད་འདུག

34  འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༩ ཚེས་ ༢༩ ཉིན་གྱི་ཕྱི་དྲོར། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་གནང་བཞིན་པའི་བོད་རང་སྐྱོང་ལྗོངས་ཁོངས་ནས་ཡིན་པའི་དགེ་འདུན་པ་ ༤༠ དང་བཙུན་མ་ ༧༠ བཙན་གྱིས་ཕྱིར་ལོག་བཏང་ཡོད་པ་མ་ཟད། དེ་བཞིན་ཞིང་ཆེན་དང་ཁུལ་གཞན་ནས་ཡོང་བའི་གྲྭ་བཙུན་མང་པོ་ཞིག་ཀྱང་མི་འགྱང་བར་བླ་རུང་སྒར་ནས་བཙན་གྱིས་ཕྱིར་ལོག་གཏང་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

ས་གནས་རང་ནས་ཡིན་པའི་བོད་མི་ཞིག་གིས། བོད་རང་སྐྱོང་ལྗོངས་ནས་ཡིན་པའི་གྲྭ་བཙུན་ཚོ་བཙན་གྱིས་ཕྱིར་ཕུད་གཏོང་སྐབས། ཤུལ་དུ་ལྷག་པའི་གྲྭ་བཙུན་ཚོས་ཕྱིར་ཕུད་བཏང་བའི་འཛིན་གྲོགས་ཚོའི་བསླབ་པ་སློབ་གཉེར་ལ་བར་ཆད་མི་འབྱུང་བའི་སྨོན་འདུན་དང་། དོན་མེད་ཀྱི་རྡུང་རྡེག་དང་མནར་གཅོད་ཉུང་བའི་གསོལ་འདེབས་བཅས་སྐྱོ་གདུང་གི་མིག་ཆུའི་ཁྲོད་ནས་སྐྱེལ་མ་བྱས་ཡོད་སྐོར་བརྗོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། འདི་ལོ་ཕྱི་ཟླ་ ༧ པའི་ཚེས་ ༢༠ ནས་བཟུང་སྟེ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་མང་པོ་བཙན་གྱིས་གཏོར་མགོ་བཙུགས་ཡོད་པ་ལྟར། ད་ལྟའི་བར་ཁྱོན་གྲྭ་ཤག་ ༦༠༠ མ་ཟིན་ཞིག་གཏོར་ཚར་ཡོད་པ་དང་། མུ་མཐུད་ལས་མི་མང་པོ་ཆེད་གཏོང་གིས་གཏོར་བཤིག་གཏོང་བཞིན་ཡོད་ཀྱང་། གྲྭ་བཙུན་རྣམས་པས་བླ་མའི་ཞལ་གདམས་སེམས་ལ་བཟུང་སྟེ། མིག་ཆུ་བཙན་གྱིས་མིད་དེ་མིག་རྒྱང་རིང་སར་བལྟས་ནས་དབང་ཡོད་བཙན་གནོན་ལ་བཟོད་སྒོམ་གནང་བཞིན་ཡོད་པ་དང་། ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ཕྱིར་རང་ཡུལ་དུ་ལོག་རྗེས་སོ་སོའི་དགོན་པ་ནང་མུ་མཐུད་སློབ་གཉེར་གནང་ཆོག་མིན་ད་ལྟ་ཁ་གསལ་མེད་སྐོར་བརྗོད་བྱུང་།

གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བའི་ལས་གཞི་དེ་སྐབས་ ༦ པའི་བོད་ཁུལ་ལས་སྒྲུབ་གྲོས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་ཟེར་བ་གཉིས་ཀྱི་ཐོག་གཏན་འབེབས་བྱུང་སྟེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཡོད་པ་དང་། སྐབས་དེར་དོན་ཚན་ ༨ ཅན་གྱི་བཀའ་ཁྱབ་ཡི་གེ་ཞིག་བཏང་བའི་ནང་། དགོན་པའི་གྲྭ་པ་དང་བཙུན་མ། དགེ་བསྙེན་བཅས་གྲངས་འབོར་ཉུང་འཕྲིད་བྱ་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོར་གྲྭ་བཙུན་གྲངས་འབོར་ ༢༢༠༠ ཕྱིར་འབུད་གཏོང་རྒྱུ་ཡིན་འདུག དེའི་ནང་དགེ་བསྙེན་གྲངས་ ༡༠༢༩ དགོན་པ་ལས་ལོགས་སུ་བགར་རྒྱུ། གྲྭ་པ་དང་བཙུན་མ་གྲངས་ ༡༢༠༠ དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་དང་། དེའི་ཁྲོད་དུ་ཞིང་ཆེན་གཞན་ནས་ཡིན་པའི་གྲྭ་བཙུན་གྲངས་ ༦༠༠ ཚུད་ཡོད་པ་དང་། ད་དུང་ཕྱི་ལོ་ ༢༠༡༧ ལོར་དགོན་པའི་གྲྭ་བཙུན་སོགས་ཀྱི་ཁྱོན་བསྡོམས་མི་གྲངས་ ༥༠༠༠ ལ་ཚོད་འཛིན་བྱ་དགོས་ཀྱི་ཡོད་འདུག གལ་སྲིད། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ སྔོན་ལ་མི་གྲངས་ ༥༠༠༠ དུ་ཚོད་འཛིན་མ་ཐུབ་པ་ཡིན་ན། ༢༠༡༧ ལོར་དགོན་པའི་མི་གྲངས་ཀྱི་མིང་ལྟར་ཕྱིར་འབུད་གྲྭ་བཙུན་གྱི་མི་གྲངས་ཇེ་མང་དུ་གཏོང་རྒྱུ་ཡིན་པ་མ་ཟད། འདི་ལོར་ཕྱིར་འབུད་བྱས་པའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ སྔོན་ལ་གོང་རིམ་སྲིད་གཞུང་ལ་རྩིས་སྤྲོད་ཐོག ཕྱི་ཟླ་ ༡༠ ཚེས་ ༣༠ སྔོན་ལ་ཕྱིར་འབུད་བཏང་ཚར་དགོས་པ་དང་། དགོན་པར་གཏན་སྡོད་ཚད་གཞིའི་མི་གྲངས་ ༥༠༠༠ ཡི་མིང་ཐོ་གོང་རིམ་ལ་སྤྲོད་དགོས་པ་དང་། དེའི་ནང་ཞིང་ཆེན་གཞན་གྱི་གྲྭ་བཙུན་གྲངས་ ༡༠༠༠ ལས་བརྒལ་མི་ཆོག་པ་རེད། དེ་ལས་གཞན་པའི་དགོན་པར་གནས་སྡོད་མི་སྣ་རྣམས་ཀྱི་མིང་ཐོ་ཞིབ་བཤེར་གྱིས་ཕྱི་ ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༠ སྔོན་ལ་གོང་རིམ་ལ་སྤྲོད་དགོས་ཀྱི་ཡོད་སྐོར་བཀོད་འདུག

12

14462739_1040682289363164_6078941939973075307_n

14462739_1040682209363172_7956244222696502853_nགསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༧ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese