མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ཡང་བསྐྱར་ཁྱེད་རང་ཚོར་ཆོས་འབྲེལ་གྱི་གོ་སྐབས་བྱུང་བ་ཞེ་དྲགས་དགའ་བོ་བྱུང་།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བཟུང་མ་འོངས་པའི་ཉིན་བཞིའི་རིང་༧གོང་ས་མཆོག་གིས་དྷ་རམ་ས་ལར་དབུ་མ་བཞི་བརྒྱ་བའི་གསུང་ཆོས་དབུ་འཛུགས་གནང་ཡོད་པའི་ཐོག་ཁོང་གིས་རྒྱ་གར་བ་མང་པོ་ཞིག་ཆོས་ཞུ་བར་བཅར་ཡོད་པ་དེ་ཡག་པོ་ཡིན་པ་དང་། རང་གི་ཕ་མེས་ཀྱི་རིག་གཞུང་གཅེས་ནོར་ལ་བདག་པོ་བསྐྱོན་གྱི་ཡོད་པ་རེད་ཅེས་གསུངས་འདུག

tibetties0དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དེ་སྔོན་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་མཆོག་གིས་ཉིན་བཞི་རིང་གི་དབུ་མ་བཞི་བརྒྱ་བའི་གསུང་ཆོས་དབུ་འཛུགས་གནང་སོང་། དེར་ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོའི་ཆོས་ཞུ་བ་གཙོ་བྱས་ཏེ། ལྷོ་ཕྱོགས་གདན་ས་ཁག་དང་། བོད་ནས་ཕེབས་མཁན། དེ་བཞིན། འཛམ་གླིང་ཤར་ནུབ་ཡུལ་གྲུ་གཞན་བཅས་ནས་ཆོས་ཆུ་བ་ ༣༠༠ ལྷག་འཛོམས་འདུག

གསུང་ཆོས་དབུ་འཛུགས་སྟེང་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་གི་ཆོས་དང་འབྲེལ་བའི་དུས་བཅད་གཙོ་བོ་དེ་ཁྱེད་རང་ཚོ་ཐའེ་ཝན་ནས་ཡོང་བའི་བསྟན་འཛིན་བྱམས་ཆེན་ཆོས་ཚོགས་ཀྱི་རབ་བྱུང་ཕོ་མོ་དང་ཉེ་ཆར་གསར་དུ་བསྒྲུབས་པའི་རབ་བྱུང་ཕོ་མོ་རྣམ་པ་ཚོ་རེད། དེ་བཞིན་འབྲེལ་ཡོད་ཆོས་ཞུ་བ་ཚོ་དང་། བསྟན་འཛིན་བྱམས་ཆེན་ཆོས་ཚོགས་ཁོངས་ཀྱི་ཆོས་གྲོགས་ཚོ། ཐའེ་ཝན་ནང་ཡོད་པའི་ས་སྐྱ་བཀའ་བརྒྱུད་རིས་མེད་ཀྱི་ཆོས་ཚོགས་ཁག་ནས་ཕེབས་མཁན་རྣམ་པ་ཚོ། རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་མཁན་ཡོད་པ་རེད།

སྤྱི་ཡོངས་ཀྱི་ཐོག་ནས་རྒྱ་མི་རིགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་མཉམ་ལེན་བྱེད་མཁན་དང་སངས་རྒྱས་པའི་རྗེས་འབྲང་བ་ཆགས་བསྡད་ཡོད། འཛམ་བུ་གླིང་འདིའི་སྒང་རྒྱ་རིགས་ཡོད་ས་ཨ་རིའི་ལུང་པའི་ནང་ལ་ལོ་སིན་རྗལ་དང་ནེའུ་ཡོག་སོགས་སུ་ནང་པའི་ལྷ་ཁང་མང་པོ་ཡོད་པ་རེད། ཨོ་སི་ཊོར་ལེ་ཡའི་ནང་དུའང་ཝེ་ཋི་ནམ་གྱི་ནང་པའི་ལྷ་ཁང་ཆེ་ཐག་ཆོད་ཅིག་ཡོད་པ་རེད། མ་ལེ་ཤེ་ཡར་རྒྱ་རིགས་མང་པོ་ཡོད་པའི་ཁྲོད་དུ་ནང་པ་མང་པོ་རེད། ཨིན་དྷི་ནེ་ཤེ་ཡ་ཡིན་ནའང་དེ་བཞིན་རེད། ལོ་རྒྱུས་ཀྱི་ཐོག་ནས་དེ་ཚོ་ཚང་མ་ཕ་མེས་རིང་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་འབྲང་པ་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་ལོ་རྒྱུས་ཐོག་ནས་རྒྱ་རིགས་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་རེད་ཟེར་གྱིན་ཡོད། འབར་མ་དང་ཐེ་ལན། སེང་གྷ་ལ། ཁེམ་བྷོ་ཌེ་ཡ། ལའོ་སི་སོགས་པཱ་ལེ་ཆོས་བརྒྱུད་ཐོག་མ་འཛིན་མཁན་ཡིན་སྟབས། དེ་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་ཤོས་ཆགས་ཡོད་པ་རེད།

ཕྲན་བུ་རེ་མ་གཏོགས་ང་ཚོ་ཚང་མ་གཅིག་པ་རེད། པཱ་ལེ་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་གཉིས་ཆ་གཅིག་པ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་སྔ་ཤོས་དེ་ཕལ་ཆེར་རྒྱ་ནག་ཡིན་ས་རེད། དེ་ཡང་ཀླུ་སྒྲུབ་ཀྱི་རྗེས་འབྲང་བ་ཆགས་ནས་རྒྱ་གར་ནས་ཕར་རྒྱ་ནག་ལ་དར་བ་དེ་འདྲ་རེད། རྒྱ་ནག་ལ་དུས་རབས་བདུན་པའི་གོང་ནས་ནང་ཆོས་དར་བ་དང་བོད་ལ་དུས་རབས་བདུན་པ་ཙམ་ནས་མགོ་ཚུགས་པ་རེད། ང་ཚོ་བོད་དང་སོག་པོ་དགེ་ཕྲུག་གཞོན་པའི་བཟོ་འདྲ་བོ་ཞིག་རེད། ཡིན་ནའང་ང་ཚོའི་ཤེས་ཚད་བསྡུར་དགོས་བྱུང་ན། དགེ་ཕྲུག་གཞོན་པ་ཚོ་སྐྱོ་བོ་རང་ཡོད་པ་མ་རེད། གང་ཡིན་ཟེར་ན། བོད་ལ་མཁན་ཆེན་ཞི་བ་མཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ཏེ། ཁོང་གིས་ན་ལཱེན་ཊའི་ཆོས་བརྒྱུད་ངོ་སྤྲོད་གནང་བ་དང་། ཁོང་རང་ཉིད་ལྟ་གྲུབ་སྨྲ་བ་དང་མཚན་མ་ལ་ཞེ་དྲགས་མཁས་པ་ཡིན་སྟབས། ཁོང་གི་དགེ་ཕྲུག་ཚོས་ཀྱང་དེ་བཞིན་དུ་ལྟ་གྲུབ་གཏན་ལ་ཕབ་སྐབས་མཚན་མའི་ལམ་དང་རིག་པའི་ལམ་ནས་གཏན་ལ་ཕབ་རྒྱུ་དེ་གཙོ་བོ་བྱས་ཡོད་པ་རེད། དེར་བརྟེན། བོད་གངས་ཅན་ལྗོངས་རང་ནས་མཚན་མའི་གཞུང་མཛད་མཁན། དཔེར་ན། ས་པཎ་ཀུན་དགའ་རྒྱལ་མཚན་རང་གིས་རིགས་གཏེར་མཛད་ཡོད་པ་རེད། དེ་ལ་སོགས་པའི་མཚན་མའི་གཞུང་མཛད་མཁན་བོད་རང་ལ་འགའ་རབ་ཅིག་བྱུང་འདུག ཉེ་ཆར་ང་ཚོས་ཞིབ་འཇུག་སྡོམ་རྩིས་བྱས་པ་ཡིན་ན། རྒྱ་གར་ནས་ཚུར་བསྒྱུར་བའི་བཀའ་འགྱུར་བསྟན་འགྱུར་པོད་སུམ་ ༣༠༠ དང་། བོད་གངས་ཅན་ལྗོངས་ནས་བོད་ཀྱི་མཁས་པ་ཚོས་བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་དེའི་དགོངས་འགྲེལ་བརྩམས་པ་ཕལ་ཆེར་པོད་ཁྲི་ ༢ ལྷག་ཡོད་འདྲ་བོ་འདུག ལྟ་གྲུབ་ཀྱི་སྐོར་དང་མཚན་མའི་སྐོར་བཤད་ཡོང་དུས། བོད་ཡིག་བོད་སྐད་དེ་སྔ་མོའི་ལེགས་སྦྱར་གྱི་གཞུང་བོད་ཡིག་ནང་སྒྱུར་བཞིན་སྒྱུར་བཞིན་བོད་སྐད་ཡར་རྒྱས་ཕྱིན་པ་རེད། དེར་བརྟེན། ལེགས་སྦྱར་གྱི་ཚིག་དང་བོད་སྐད་ཀྱི་ཚིག་གཉིས་པོ་དེ་ཏག་ཏག་འགྲོ་སྡོད་པ་ཞིག་འདུག

དེ་རིང་འདིར་ལོ་རྒྱུས་ཀྱི་ཐོག་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་དང་དེའི་ནང་ཚན་ནས་དཔལ་ན་ལཱེན་ཎ་ཊའི་ཆོས་བརྒྱུད་འཛིན་མཁན་གཅིག་གྱུར་བྱུང་ཡོད་པའི་ཆ་ནས། འདས་པའི་ལོ་མང་རིང་འདི་ལྟར་ཁྱེད་རང་ཚོར་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བ་རེད་ལ། དེ་རིང་ཡང་བསྐྱར་ཁྱེད་རང་ཚོར་ཆོས་འབྲེལ་གྱི་གོ་སྐབས་བྱུང་བ་དེར་ངོས་རང་ཞེ་དྲགས་དགའ་བོ་བྱུང་། ཁྱེད་རང་ཚོ་གོ་སྒྲིག་ཞུ་མཁན་དང་། ཁྱེད་རང་ཚོ་སྒེར་སོ་སོའི་འགྲོ་སོང་དང་དཀའ་ངལ་ཁྱད་དུ་བསད་པའི་ཐོག་ནས་འདིར་ཡོང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག དེ་སྔ་སངས་རྒྱས་པའི་ཆོས་མ་དར་སའི་ཡུལ་གྲུ་གཞན་ནུབ་ཕྱོགས་རྒྱལ་ཁབ་དེ་འདྲ་ནས་ནམ་རྒྱུན་ཡོང་སྡོད་ཀྱི་ཡོད་པ་དང་། དེ་རིང་ཡང་འདིར་འགའ་རབ་ཅིག་ཡོད་སྡོད་པའི་བཟོ་འདྲ་བོ་འདུག རྩ་བའི་ལོ་རྒྱུས་ཀྱི་ཐོག་ནས་བལྟས་པ་ཡིན་ན། ནང་པའི་ཆོས་ཟེར་ན་ཕལ་ཆེར་ཨེ་ཤ་ཡའི་ཆོས་ཀྱི་བཟོ་འདྲ་བོ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ནའང་དཀྱིལ་ཤར་ཡུལ་གྲུ་ནས་བྱུང་བའི་ཡེ་ཤུ་ཆོས་ལ་ཆ་བཞག་ན། ཨེ་ཤ་ཡའི་ལུང་པའི་ནང་མང་པོ་ཡོད་པ་རེད། དེར་བརྟེན། ཧ་ལམ་རྒྱལ་སྤྱིའི་ཆོས་འདྲ་བོ་ཞིག་ཆགས་ཡོད་པ་རེད། ནང་པའི་ཆོས་དེ་སྔ་ཤར་ཕྱོགས་ནས་ཡོང་བ་རེད། དེང་སྐབས་འཛམ་བུ་གླིང་འདིའི་སྒང་ལ་ཕན་ཚུན་བར་ཐུག་འཕྲད་དང་འབྲེལ་བ་ཞེ་དྲགས་ཟབ་པོ་ཡོད་པ་དང་། ཕན་ཚུན་ནང་འགྲོ་འདུག་བདེ་པོ་དང་གནས་ཚུལ་མང་པོ་གོ་ཐུབ་ཀྱི་ཡོད་སྟབས། སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོང་གི་འདུག

ཕལ་ཆེར་རྒྱ་གར་རང་ནས་འགའ་རབ་ཡོད་ས་རེད། ཁྱེད་རང་ཚོ་ཡིན་ན། བཅོམ་ལྡན་འདས་རང་གི་འཁྲུངས་ཡུལ་དང་དཔལ་ན་ལཱེན་ཊའི་པཎ་གྲུབ་བཅུ་བདུན་དེ་ཚོ་ཚང་མ་རྒྱ་གར་རང་རེད། དེར་བརྟེན། རྒྱ་གར་ལ་ཆ་བཞག་ན། ན་ལཱེན་ཊའི་མཁས་པའི་དབང་པོ་ཚོའི་མཛད་པའི་རྣམ་དཔྱོད་ཀྱི་ལེགས་བཤད་དེ་རྒྱ་གར་རང་གི་རིག་གཞུང་ཞིག་ཆགས་ཡོད། རྒྱ་གར་ཁྱེད་རང་ཚོས་སོ་སོའི་ཕ་མེས་ཀྱི་རིག་གནས་གཏིང་ཟབ་ཡོད་པ་དེར་བདག་པོ་རྒྱག་གི་ཡོད་པ་རེད། དེ་ལ་དོ་སྣང་བྱུང་བ་ཞེ་དྲགས་ཡག་པོ་འདུག དེ་སོ་སོའི་ཕ་མེས་ཀྱི་གཅེས་ནོར་རེད། དེང་སྐབས་རྒྱ་གར་ནང་སངས་རྒྱས་པའི་ཆོས་ཡིན་ན་འདྲ། སངས་རྒྱས་པའི་ལྟ་གྲུབ་ཡིན་ན་འདྲ། དེ་བཞིན། སངས་རྒྱས་པའི་མཚན་མ་རིག་པའི་སྐོར་དེ་འདྲའི་རིགས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་ཡི་འདུག དེ་ཞེ་དྲགས་ཡག་པོ་རེད། རང་གི་ཕ་མེས་ཀྱི་གཅེས་ནོར་ལ་དོ་སྣང་བྱས་ནས་བདག་པོ་རྒྱག་གི་ཡོད་པ་རེད། དཔེ་ཡག་པོ་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༩ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese