མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་དཀར་ཚང་སྐལ་རྡོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དུ་བསྐོས་འདུག

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་བ་དབུ་དཀར་ཚང་སྐལ་རྡོར་ལགས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དུ་བསྐོ་བཞག་གནང་ཡོད་འདུག

Untitled-2བོད་མིའི་སྒྲིག་འཛུགས་ཀྱིས་བརྗོད་པ་ལྟར་ན། སྐལ་རྡོར་ལགས་ཀྱིས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་མིའི་ནུས་ཤུགས་གོང་མཐོར་གཏོང་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་དང་འབྲེལ་བའི་ལས་གཞི་འདྲ་མིན་ཐོག་ཕྱག་ལས་གནང་རྒྱ་ཡིན་འདུག ད་དུང་། “ཁོང་ནི་དེ་སྔ་ཕྱི་ལོ་ ༢༠༡༣ ཟླ་ ༩ ནས་ཕྱི་ལོ་ ༢༠༡༦ ཟླ་ ༨ བར་ཨ་རིའི་སྐུ་ཚབ་དོན་གཅོད་གནང་མྱོང་ཡོད་འདུག་ཅིང་།   དེ་སྔོན་སྲིད་སྐྱོང་མཆོག་གི་དམིགས་བསལ་སློབ་སྟོན་པ་གནང་མྱོང་ཡོད་པ་མ་ཟད། བྱང་ཕྱོགས་ཀེལ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གནང་འདུག ཁོང་དེ་སྔ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་གྲགས་ཅན་མཐོ་སློབ་སེན་སི་ཊེ་ཕན་ St. Stephen’s College དང་ལྡི་ལི་མཐོ་སློབ་ནས་ University of Delhi ཉེ་བའི་གཙུག་ལག་རབ་འབྱམས་ཐོན་རྗེས། ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་Boston ནང་རྟེན་གཞི་བྱས་པའི་ཊབ་ཊི་གཙུག་ལག་སློབ་གྲྭ་ Tufts University ནས་རྒྱལ་སྤྱིའི་ཚོང་ལས་དང་ཆབ་སྲིད་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་ཐོན།” ཞེས་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༣ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 10

  1. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    བློ་བཟང་དང་དབུ་དཀར་གཉིས་ཀྱིས་རྒྱ་གར་གྱི་རིགས་སྐྱོ་བའི་ཐོབ་ཐང་(ST,SC,OBC)བླངས་ནས་ལྡི་ལི་གཙུག་ལག་སློབ་གྲྭའི་ཧིན་ངྷི་མཐོ་སློབ་དང་སི་ཌབ་ཧྥིན་མཐོ་སློབ་གཉིས་ནང་ཚུད་པ་རེད་མ་གཏོགས་སོ་སོའི་སློབ་སྦྱོང་གི་ཆུ་ཚད་ཡག་དྲག་ནས་ཚུད་པ་ཞིག་མ་རེད།
    ཁོང་གཉིས་ཀྱིས་རྒྱ་གར་གྱི་རིགས་སྐྱོ་བའི་ཐོབ་ཐང་བླངས་མེད་པར་སོ་སོས་འཇོན་མདོག་མདོག་བྱེད་པ་ཧམ་པ་རང་རེད།

    Reply
  2. དགོངས་དག says:
    ལོ་ 10 སྔོན།

    སྲིད་སྐྱོང་མཆོག་གི་ཆབ་སྲིད་ཇི་འཁྲབ་མི་ཤེས་ཀྱང་། གང་ཟག་སྒེར་ངོས་ནས་༣གོང་ས་མཆོག་གི་བཀའ་སྲུང་ཅི་བསྒྲུབ་ཞུས་ན་འགྲིག

    Reply
  3. སྐལ་བཟང་དོན་གྲུབ། says:
    ལོ་ 10 སྔོན།

    སེན་སི་ཊེ་ཕན་མཐོ་སློབ་དེ་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་འོག་ལ་ཡོད་པ་ལས། དེ་གཉིས་ལོག་ཀ་མ་རེད།།

    Reply
  4. ཤག་སྒང་པ་སངས་ཚེ་རིང་། says:
    ལོ་ 10 སྔོན།

    ཤར་གླིང་དང་དབུ་དཀར་ཚང་གཙོ་བའི་མི་སྣ་དྲུག་པོ་འདི་དག་སྲིད་སྐྱོང་གི་གྲོགས་པོ་བརྒྱ་དང་བརྒྱད་ནང་མི་འཐུས།

    འདི་དག་ནི་སྐབས་སྔ་མར་བསྐོས་བཞག་བྱས་པ། གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་འདུ་གཉིས་པར་གཞུང་འབྲེལ་ཁྲིམས་ཡིག་བསྐྱར་བཅོས་ལ་མང་མོས་ཐོབ་པའི་སྒྲིག་དོན་བཞིན་བསྐོས་པ་ཞིག་ཡིན་གྱི་རེད།

    སྲིད་སྐྱོང་གསར་པ་རེ་རེ་ཕེབས་ནས་ཐད་བསྐོ་འདི་ལྟར་གནང་གིན་ཡོང་ན། དྲུང་ཆེ་གནས་རིམ་གྱི་གཞུང་ཞབས་རྒན་གྲས་ལ་དོ་ཕོག་དང་འདེམས་བསྐོ་ལྷན་ཁང་གི་ཁྲིམས་སུ་གཏོགས་མིན་སོགས་གང་ལྟར་སྤྱི་འཐུས་གསར་རྙིང་གཉིས་ཀྱིས་ཉིན་མ་ཕྱེད་དང་གཉིས་ཙམ་གྱི་རིང་བགྲོ་བསྡུར་ལྷུག་པོ་གནང་སྟེ། མཐར་ ༢༠༡༦ ཟླ་བ་ ༩ ཚེས་ ༢༧ ཉིན་གྲོས་ཚོགས་ནང་སྤྱི་མོས་མ་ཐོབ་ཀྱང་མང་མོས་བརྒྱ་ཆའི་གསུམ་ཆ་གཉིས་ཡན་གྱིས་གཏན་ལ་ཕབ།

    ༢༠༡༦ ༡༠ ༣ ཉིན་སྲིད་སྐྱོང་གིས་ཁྲིམས་ཡིག་ལ་མཚན་རྟགས་བཀོད་དེ་ཕྱི་ཉིན་བསྐོས་པ་ཞིག་ཡིན་པས་ཁྲིམས་མཐུན་ཡིན་རྒྱུ་རེད། ཟླ་སྒྲོན་ལགས་ཀྱང་ཁྲིམས་ཡིག་མཚན་རྟགས་ཀྱི་ཉིན་འགའ་སྔོན་དུ་ཡིན་པས་དེ་ཁོངས་བསྡུས་པ་རེད་སྙམ།

    ཁྲིམས་ཡིག་གསར་པ་འདིའི་ནང་སྲིད་སྐྱོང་གིས་སྐབས་འཕྲལ་ལས་དོན་ཐད་ཆེད་ལས་པ་མི་སྣ་བཅོ་བརྒྱད་དང་བརྒྱ་ཆ་གསུམ་ལས་མི་མང་བ་བསྐོས་འཐུས་ཆོག་པའི་ཁོངས་སུ་ཡིན་པས་གསར་པ་བསྐོས་པ་གཅིག་ཀྱང་མེད། ད་དུང་ས་མིག་སྟོང་པ་བཅིུས་ལྷག་ཡོད།

    ཨ་རིའི་རོགས་དངུལ་ཕོན་ཆེན་སླེབས་ལ་ངེས་པ་དང་སྒྲིག་འཛུགས་ནས་དེ་དང་འབྲེལ་བའི་དངུལ་ཁང་མ་བཙུགས་ཐབས་མེད་ཡིན་པ་སོགས་ཀྱིས་ཁྲིམས་ཡིག་དེར་མང་མོས་ཐོབ་པའི་ཆ་རྐྱེན་དམིགས་བསལ་ཞིག་སྤྲད་སོང་བསམས།

    Reply
    • loshi says:
      ལོ་ 10 སྔོན།

      བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་ཤོངས་ཀྱི་ལས་བྱེད་པ་གནས་རིམ་དམའ་ཤོས་འམ་བཅུ་པ་གཞོན་དྲུང་ལྟ་བུར་ཆ་བཞག་ནའང་མ་མཐར་མཐོ་རིམ་སློབ་གྲ་ཐོན་པའི་ལག་ཁྱེར་དགོས་པའི་ཐོག་ཡིག་རྒྱུགས་མང་པོ་གཅིག་གཏོང་དགོས་པ་སོགས་གང་ལྟར་སྐུབ་སྟེགས་ཁ་ཤས་ལ་མི་བརྒྱ་ཙམ་ཀྱི་འགྲན་རྩོད་བྱེད་དགོས་ཀྱི་ཡོད།
      ལས་བྱེད་པ་གཅིག་ཐོག་མར་གནས་རིམས་བཅུ་པའི་གཞུང་ཞབས་ནང་གཞུགས་ཡོད་ན་ལོ་བདུན་བདུན་ཐོག་ལྷག་བསམ་རྣམ་དག་གི་ལས་ཀ་བྱས་ན་གནས་རིམ་རེ་འཕར་གྱི་ཡོད། དེ་ལྟར་དྲུང་ཡིག་ཆེན་མོ་སྟེ་གནས་རིམ་དང་པོ་བར་སླེབས་པར་གཞོན་དྲུང་ནས་རྒན་དྲུང་། ལས་དོ། སྡེ་ཚན་འགན་འཛིན། དྲུང་གཞོན་ལས་རོགས། དྲུང་གཞོན། ཟུང་དྲུང་། དྲུང་འཕར། གནས་རིམ་དེ་དག་ལ་ལོ་བདུན་བདུན་ཞབས་ཕྱི་ཞུས་པའི་རྗེས་གཞི་ནས་དྲུང་ཡིག་ཆེན་པོའི་གནས་རིམ་ཐོག་སླེབས་སྲིད་པ་རེད། ཡིན་འང་སྲིད་སྐྱོང་གིས་རང་གི་སྣང་བར་འགྲོ་བའི་མི་གཅིག་ཐད་བཀར་ལས་དྲུང་ཆེའི་ལས་གནས་ཐོག་བཀོད་པ་དེ་སྲིད་དབང་སྒེར་བདག་གི་བྱེད་སྟངས་རང་རེད། རྒྱ་ནག་གི་སྲིད་དབང་སྐྱོང་སྟངས་དང་གཅིག་པ་རེད།
      ཁོ་རང་གི་ཁ་གཡར་ས་དེ་ཁོ་རང་ལ་དགོས་པའི་དམིགས་བསལ་སློབ་སྦྱོང་ཐོན་པའི་མི་དགོས་གི་འདུག་བརྗོད་ཀྱི་ཡོད་རེད། ཡིནའང་དལྟ་བར་ཁོ་རང་གི་དམིགས་བསལ་ཐད་བཀོད་བྱས་པའི་མི་དེ་ཚོར་དམིགས་བསལ་འཇོན་ཐང་ཡོད་པའི་སྐོར་གྲོས་ཚོགས་སྐབས་འདྲི་བ་སླེབས་ནའང་གསལ་བཤད་བྱས་མ་སོང་།
      མ་ཟད་ད་ཆ་བོད་མིའི་སྤྱི་ཚོགས་ནང་བོད་མིའི་སྒྲིགས་འཛུགས་ཀྱི་ལས་གནས་གང་གི་ཐོག་ལའང་འཚམས་པའི་གཞོན་སྐྱེས་སློབ་ཐོན་བ་ག་ཚོད་དགོས་དགོས་ཡོད་པ་ང་ཚོས་མཐོང་གི་འདུག་ལ་སྲིད་སྐྱོང་ཁོ་རང་གི་ང་ཚོ་ལས་གསལ་བ་མཐོང་གི་ཡོད་རེད།
      མདོར་བསྡུས་ནས་བཤད་ན་ང་རང་ཡང་སྲིད་སྐྱོང་གིས་འུར་ཆེ་བའི་གཏམ་བཤད་དེ་ཚོའི་མགོ་སྐོར་ཐེབས་ནས་འོས་འཕངས་བ་དེར་ད་ཆ་འགྱོད་པ་སྐྱེ་ཡི་འདུག། མ་གཞི་དེ་སྔ་རྡ་རམ་ས་སའི་གནས་ཚུལ་དེ་ཙམ་རྒྱུས་མངའ་མེད་པས་ལན་སོང་།

      Reply
  5. བསོད་ནམས་རྡོ་རྗེ། says:
    ལོ་ 10 སྔོན།

    ད་ཡང་ཡག་རྟགས་ཞེ་དྲགས་མི་འདུག རང་མགོ་རང་ཐོན་བྱས་ན་ཡག་ས་རེད།

    Reply
  6. བདེན་པ། says:
    ལོ་ 10 སྔོན།

    མགོ་མཇུག་མེད་པའི་སྲིད་སྐྱོང་དང་ཁོང་གི་བཀོད་འདོམས་འོག་ཡོད་པའི་ལས་མི་དེ་དག་གིས་མི་ལོ་བཅུ་ཕྲག་ཐེག་པ་རིམ་འཛེགས་ཀྱིས་དཀའ་ལས་བརྒྱབ་ནས་ཡོང་བའི་སྲི་ཞུ་བ་རྣམས་སྣང་མེད་དུ་གཏང་བ་མ་ཟད་དྲུང་ཆེ་རྙིང་གྲས་རྣམས་ཀྱང་གནས་སྤོས་ཙམ་ལས་དྲུང་ཆེའི་གནས་རིམ་རང་སོར་བཞག བྱ་སྤུ་རླུང་འཁྱེར་གྱི་དེང་དུས་ཤེས་བྱ་ཕྲན་བུ་ཡོད་པ་དང་ངོ་གདོང་ལྕགས་ལྤགས་གྱོན་པ་དག་ད་ཆ་དྲུང་ཆེ་དང་གནས་རིམ་མཐོ་བའི་དཔོན་གནས་སུ་བསྐོས་པ་ནི་ཤིན་ཏུ་ནས་འོས་འཚམ་ཞིག་ཏུ་མ་མཐོང་།། ཕོ་རྒོད་ཀྱིས་བཤད་པ་ལྟར་གངས་སྐྱིད་དུ་མི་རྫོགས་པ་རེད་དམ་ཡང་ན་ངོ་དགའ་གཉེན་སྤུན་བསྡུ་ས་ཞིག་ཆགས་པ་ཡིན་ཆ་མཆིས་སོ།

    Reply
  7. བཙུན་པ་ལི་ཀྲི་ཧྲན། says:
    ལོ་ 10 སྔོན།

    དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ནི་དྲུང་ཆེའི་ས་མིག་ཐོག་ཡོད་ཅིང་། ད་སྔའི་འགན་འཛིན་ཡང་བོད་གཞུང་གི་དྲུང་ཆེ་རྙིང་གྲས་ཤིག་རེད། ད་ཆ་སྲི་ཞུ་བ་དྲུང་འཕར་མང་པོ་དྲུང་ཆེར་གནས་སྤར་མི་བྱེད་པར་ཕྱི་ལོགས་ནས་མི་འཁྲིད་ནས་ཐད་ཀར་དྲུང་ཆེའི་ལས་གནས་ལ་བསྐོ་འཛུགས་བྱས་པ་དེས་སྲི་ཞུ་བའི་གནས་སྤར་ལ་ཁྱད་པར་བཟོ་བ་མ་ཟད། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱ་ཕྱོགས་ལའང་དོ་ཕོག་བཟོ་གི་ཡོད།
    ཟླ་སྒྲོན་ཤར་གླིང་ཡང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་ཡག་རེད་ཟེར་བ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ནང་གོ་ཐོས་ཡོང་གི་འདུག དེ་འདྲ་ཡིན་ན་ཐེམ་པ་རིམ་འཛེགས་ཀྱིས་དཀའ་ལས་རྒྱག་མཁན་ཚོ་སེམས་ཤུགས་ཆག་གི་མ་རེད་དམ།
    ད་ཆ་བོད་མིའི་སྒྲིག་འཛུགས་དེ་སྲིད་སྐྱོང་གི་གྲོགས་པོ་བརྒྱ་དང་བརྒྱད་འཛོམས་སའི་ལེང་ཧྲན་མཚོ་གླིང་འདྲ་པོར་གྱུར་འདུག ལེང་ཧྲན་གྱི་མཐའ་མའི་མཇུག་འབྲས་དེ་འདྲ་ཞིག་བྱུང་ན། ད་སོ་སོའི་ས་ན་འགྲོ་རྩིས་བྱས་ན་ཡག་ས་རེད།

    Reply
  8. ཕོ་རྒོད says:
    ལོ་ 10 སྔོན།

    ཧ་ཧ་དཱ། གངས་སྐྱིད་ལ་མི་རྫོགས་པ་རེད་དམ་ཡང་ན་ཚང་མ་སྐུབ་འདྲེལ་རེད་དམ།

    Reply
  9. རིག་པའི་བུ། says:
    ལོ་ 10 སྔོན།

    འདི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ལ་མགོ་སྐོར་བཏང་བ་གཉིས་པ་དེ་རེད། ཁ་སྔོན་གྱི་གྲོས་ཚོགས་ནང་ང་རང་གི་ངོ་ཤེས་གྲོགས་པོ་བསྐོ་བཞག་བྱ་རྒྱུ་མིན། ངའི་གྲོགས་པོ་བརྒྱ་དང་བརྒྱད་གངས་སྐྱིད་ལ་ཡོང་རོགས་ལབ་ན་ཡོང་གི་མི་འདུག ཅེས་བརྗོད་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese