མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡེ་ར་ལྡུན་ཁུལ་གྱི་གསར་འབྱོར་ཚོར་ས་ཁང་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྡེ་ར་ལྡུན་ཁུལ་དུ་གནས་སྡོད་བོད་ནས་གསར་དུ་འབྱོར་བ་ཚོས་ཚོགས་འདུ་བསྐོངས་ཏེ་ཁོང་ཚོར་ས་ཁང་མེད་པའི་དཀའ་ངལ་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཀྱིས་ས་ཁང་རོགས་མགོན་ཡོང་བའི་རེ་སྐུལ་ཞུས་འདུག

WeChat_1475994680དེ་རིང་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། རྡེ་ར་ལྡུན་བདེ་སྐྱིད་གླིང་ཚོགས་ཁང་དུ་རྡེ་ར་ལྡུན་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་རྒྱུན་ལས་སྐབས་གཉིས་པའི་ཚོགས་འདུ་ཟེར་བ་ཞིག་བསྡུས་ཡོད་པ་དང་། སྐུ་མགྲོན་དུ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་སྐུ་ཚབ། བདེ་སྐྱིད་གླིང་དགེ་ལུགས་དགོན་པའི་དབུ་འཛིན། དེ་བཞིན། དོན་འགྲུབ་གླིང་གི་དྲུང་ཆེ་ཨོ་རྒྱུན་འཇིགས་མེད་སོགས་ས་གནས་རང་བདེན་ཚོགས་ཆུང་དང་། ས་གནས་བུད་མེད་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་ཡོད་འདུག

ཚོགས་འདུའི་ཐོག་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ལགས་ཀྱིས་རྡེ་ར་ལྡུན་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པ་ངོ་སྤྲོད་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་གནས་སྡོད་གསར་འབྱོར་བ་རྣམས་ལ་བཙན་བྱོལ་བོད་མི་སྤྱི་མཚངས་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་གཞི་རྩའི་ཐོབ་ཐང་དང་རང་དབང་ཆ་ཚང་ལྡན་ཡང་། དམིགས་གསལ་འཚོ་རྟེན་གྱི་རྒྱབ་ལྗོངས་མེད་པའི་དཀའ་ངལ་དང་། བོད་ལ་ཕྱིར་ལོག་ཐབས་མེད་པ། སྡོད་གནས་གཏན་འཁེལ་མེད་པ་དང་། འཕྲོད་བསྟེན་དང་ཤེས་ཡོན་བཅས་ཀྱི་ཐད་དཀའ་ངལ་འཕྲད་བཞིན་པ་དག་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་སྡོད་གནས་ས་ཁང་གནང་རྒྱུར་རེ་སྐུལ་ཞུས་འདུག

ཁོང་གིས་བོད་ཕྱི་ནང་གི་འབྲེལ་ལམ་དང་དེའི་གནས་སྟངས་སྐོར་ལ། ལྡེ་ར་ལྡུན་དུ་གཞིས་ཁུངས་མེད་པའི་གསར་འབྱོར་བ་ཚོས་ཟླ་རེའི་ཁང་གླ་སྤྲད་བསྡད་ཡོད་པ་དང་། ལས་གླ་ཆུང་ཚག་རེ་དང་དགུན་ཚོང་ཙག་ཙིག་ཙམ་གྱིས་ཁང་གླ་དང་དོ་མི་མཉམ་པའི་གནས་སྟངས་འོག་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་སོགས་ལ་གཞིགས་ཏེ། གསར་འབྱོར་སྐྱིད་སྡུག་ཚོགས་པས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་ཆེད་བཅར་གྱིས་སྙན་ཞུ་ཕུལ་བ་ནས་བཟུང་ནང་སྲིད་ལས་ཁུངས་ལ་སྔར་རྗེས་སུ་སྙན་ཞུ་ཐེངས་ ༦ དང་། ད་ལོའི་ཕྱི་ཟླ་ ༨ ཚེས་ ༦ བར་སྙན་ཞུ་དང་ཞིབ་འཇུག་སྙན་ཐོ་ཐེངས་ ༡༧ ཕུལ། སྙན་ཞུ་རེ་རེ་བཞིན་ཕུལ་སྐབས་ནང་སྲིད་ལས་ཁུངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། ས་གནས་ལྡེ་ར་ལྡུན་བདེ་དོན་ལས་ཁུངས་བཅས་ནས་ཐུགས་ཁུར་ཆེ་བཞེས་ཀྱི་སྒོ་ནས་གསན་ཏེ་སྐབས་བབ་ཀྱི་བཀའ་ལན་གནང་སོང་། ཞེས་སོགས་བརྗོད་ཡོད་འདུག

ཡང་ཁོང་གིས་བོད་ནས་རྗེས་སུ་འབྱོར་བའི་བཙན་བྱོལ་བ་འདི་དག་རྒྱ་གར་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བདག་པོ་རྒྱག་མ་ཐུབ་པར་སྡོད་གནས་དང་ཟས་གོས་ཀྱི་དཀའ་སྡུག་འོག་ཕྱིར་བོད་ལ་ལོགས་དགོས་བྱུང་ཚེ། དེ་ནི་སྤྱིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ཡང་སྒོས་དོ་བདག་མི་རེ་ངོ་རེ་ནས་རྒྱ་ནག་གཞུང་ལ་ངོ་གནོང་དགོས་པ་ཞིག་དང་། གཞིས་ལུས་རྒྱ་ཆེའི་མི་མང་རེ་ཐག་འཆད་པའི་ཉེན་ཁ་ཡོད། བདུན་ཅུ་བརྒྱད་ཅུའི་ནང་གཞིས་ཁུངས་སུ་ལེན་མ་ཐུབ་པར་ཁ་འཐོར་དུ་སོང་བའི་ཁྱིམ་ཚང་ལ་ལའི་མི་རྒྱུད་གསར་བ་ཚོ་དེང་སྐབས་ངོ་བོ་གཞན་དུ་འགྱུར་ནས་སེམས་རྒྱུད་དུ་བོད་ཀྱི་རིག་གཞུང་ལེགས་བྱང་མེད་ཁར། རང་ཉིད་བོད་རིགས་ཡིན་པའང་བརྗོད་མི་བདེ་བའི་གནས་ཚུལ་ཡོད་པ་མཐོང་དུས། ང་ཚོ་རྗེས་འབྱོར་བ་ཚོའང་ཁ་འཐོར་དུ་གནས་ན་ནི། མི་རབས་རྗེས་མའང་གོང་སྨྲས་བཞིན་འགྱུར་རྒྱུ་ཐག་ཆོད་ཡིན། ཞེས་སོགས་འཁོད་འདུག

རྡེ་ར་ལྡུན་ཁུལ་གྱི་ས་ཁང་མེད་པའི་གནས་སྟངས་སྐོར་ཞིག་འཁོད་ཡོད་པའི་ནང་། ༡༽དགོན་སྡེ་ཁག་དང་ཁྱིམ་ཚང་མ་ཚབ་སོགས་ཕྱག་ལས་གནང་ཡུལ་སོགས་སུ་ཁང་གླ་མེད་པ་དང་། རྩ་བའི་གླ་ཆ་ནས་ཁང་གླ་འཐེན་པའམ། ལས་ཤག་གི་མིང་ཐོག་ལ་ཡོད་ཀྱང་། མ་འོངས་པར་གཞིས་ཆགས་སྲ་བརྟན་མེད་མཁན། ལས་གནས་དེ་ནས་ཐོན་ཚེ་ཁྱིམ་མི་གང་བོ་འགྲོ་ས་འདུག་ས་མེད་མཁན་ཁྱིམ་ཐོ་གྲངས་ ༣༢ དང་མི་གྲངས་ ༡༠༠ འདུག ༢༽ དགོན་སྡེ་ཁག་དང་ཁྱིམ་ཚང་གཞན་དག་ནང་ལས་ཀ་ཆུང་ཚག་རེ་གཉེར་བཞིན་སྡོད་མཁན། མ་འོངས་པར་གཏན་སྡོད་གཞིས་ཆགས་སྲ་བརྟན་མེད་མཁན་ཁྱིམ་ཚང་ ༡༩ དང་མི་གྲངས་ ༤༩ འདུག ༣༽ ད་ལྟ་ཁ་འཐོར་དུ་སྡོད་ཅིང་། ཟླ་རེའི་ཁང་གླ་སྤྲད་བསྡད་ཡོད་པ། ལས་གླ་ཆུང་ཚག་རེ་དང་དགུན་ཚོང་ཙག་ཙིག་ཙམ་གྱིས་ཁང་གླ་དང་དོ་མི་མཉམ་པའི་དཀའ་ངལ་ཅན་གྱི་ཁྱིམ་ཚང་ ༨༢ དང་མི་གྲངས་ ༢༤༨ འདུག་བཅས་ཡོད་སྐོར་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    གུས་པར་ས་ཁང་གཏན་འཇགས་ཤིག་སྤྲོད་རོགས།

    Reply
  2. སྐར་མདའ། says:
    ལོ་ 10 སྔོན།

    སྤྱིར་བཏང་གིས་བཤད་སྲོལ་བཞིན། ཚང་མས་ཤེས་གསལ་རེད། གསར་འབྱོར་བ་ལ་བདག་པོ་བརྒྱབ་མེད་ཟེར་ན་རྩ་བ་ནས་མི་འགྲིག འོན་ཀྱང་བདག་པོ་དོན་ལེགས་པོ་ཞིག་གནང་ཡོད་དམ་ཟེར་ན་མེད། གང་ཡིན་ཟེར་ན། རྒྱ་གར་དང་བལ་ཡུལ་སོགས་ཀྱི་ས་ཁུལ་ན་གནས་སྡོད་བྱེད་བཞིན་པའི་གསར་འབྱོར་བ་རྣམས། གཞིས་ཆགས་ནང་བཞིན་ཁང་གླ་སྟེར་མི་དགོས་པར་རྐུབ་བཙུགས་ན་བཙུགས་ཆོག་ཆོག་གི་ཁང་པ་ཞིག་ད་བར་སུ་ལ་ཡོད། ཁང་གླ་སྟེར་དགོས་པ་ནི་འཚོ་བའི་ཁུར་བོ་ལྷག་མ་ཞིག་ཡིན། ད་དུང་ས་གནས་དེ་གར་འདུག་ཆོག་པའི་ཐོབ་ཐང་ལག་ཁྱེར་སོགས་ཀྱི་ཆ་རྐྱེན་བཤད་མ་དགོས་པ་རེད། དེ་དང་དེ་འདྲ་བའི་དཀའ་ངལ་གྱི་རིམ་པ་ཧ་ཅང་གི་མང་པོ་ཡོད་པ་མཁྱེན་བཞིན་དུ་མ་སེལ་བ་ཡིན་ནམ། ཡང་ན་བདག་པོ་མ་བརྒྱབ་པ་རེད། གསར་འབྱོར་བ་ཚང་མ་བོད་ལ་ཕར་ལོག་དགོས་ཟེར་ན། བཙན་བྱོལ་བས་གཞིས་བཞུགས་རྣམས་ལ་འབྲེལ་བཤད་ཅི་ཞིག་ཞུ།

    གསར་འབྱོར་བ་མང་པོ་ཞིག་བོད་ནས་བཙན་བྱོལ་དུ་འོང་བ་ནི། འདུག་ས་མེད་པ་དང་། ཟ་རྒྱུ་འཐུང་རྒྱུ་མེད་པར་བཙན་བྱོལ་ལ་ཡོང་བ་ཞིག་གཏན་ནས་མ་རེད། གཙོ་བོ་རང་གི་རྩ་བའི་བླ་མ་མཇལ་བའི་ཆེད་དང་། གཉིས་ནས་སློབ་སྦྱོང་ཕྲན་བུ་རེ་བྱུང་ན་བསམ་པ། གལ་ཆེ་བའི་ནང་དོན་གསུམ་པ་དེ། བཙན་བྱོལ་ལ་ཡོང་པའི་དམིགས་བྱ་མཐར་ཐུག བསམ་བློར་རང་དབང་མེད་པ་དང་། སྨྲ་བརྗོད་རང་དབང་མེད་པ་སོགས་ཀྱི་རྐྱེན་བྱས་ཏེ་ཡུལ་བྱོལ་ལ་བྲོས་པ་རེད། བརྒྱ་ཆ་ལྔ་ཕར་ལོག་འགྲོ་རུང་། བརྒྱ་ཆ་དགུ་བཅུ་གོ་ལྔ་དམར་བོའི་བཙན་འོག་ནས་འདུག་འདོད་མེད་པ་ཤ་སྟག་ཡིན་དུས། བཙན་བྱོལ་གཞུང་གིས་དེ་དག་ལ་སྡོད་ཁང་གོ་སྒྲིག་དང་། མཐུན་རྐྱེན་གང་ཞིག་སྦྱར་དགོས་ན་གཞིས་ཆགས་ནང་བཞིན་སྦྱོར་དགོས་ཀྱིན་ཡོད། དེ་ལྟར་གནང་མ་ཐུབ་ཚེ། གཞིས་ཆགས་དང་གསར་འབྱོར་ཞེས་པའི་དབྱེ་འབྱེད་ཤུགས་དྲག་གནང་ཡོད་པ་ཁ་གསལ་གཏིང་གསལ་རེད། དེ་ལྟར་ཡོང་དང་མི་ཡོང་དེ་རྩ་བའི་གཞུང་གི་ལས་འཛིན་པ་རྣམས་ལ་འགན་ལྷག་པོ་ཡོད།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 10 སྔོན།

    གསར་འབྱོར་བར་མཐོང་སྤྲོད་ཀྱིན་པས་ན་གུས་པས་ཀྱང་བསམ་ཚུལ་ཞིག་ཞུ་ན་འདོད་། གུས་པའི་རེ་བ་དང་བསམ་ཚུལ་ནི་ཁ་མིན་དོན་གྱིས་གསར་འབྱོར་བ་ཚོ་ལའང་གཞི་ཆགས་ཀྱི་ཐོབ་ཐང་ཆ་ཚང་སྤྲད་མ་ཐུབ་ཀྱང་སྡོད་ཁང་གི་དཀའ་ངལ་སེལ་རན་རེད་འདོད་བྱུང་། སྔོན་སྐུ་ངོ་སྒེར་གཅོད་པ་འགའ་རེས་བཤད་ན་གསར་འབྱོར་བ་བརྟན་པོ་མེད་པ་དང་དེ་མིན་གཞན་དབང་སྟབས་བསྟུན་གྱིས་རྒྱ་གར་གྱི་གཞི་ཆགས་གསར་བསྐྲུན་མི་ཆོག་པའི་ཁྲིམས་སྲུང་དགོས་ཚུལ་གྱིས་སྐད་འདྲ་ཆགས་པོ་རེ་བཤད་ཅིང། ཡར་༧ གོང་ས་མཆོག་ལ་སྐད་ཆ་འདྲ་ཆགས་རེ་དང་མར་མི་མང་ལའང་ཁ་ཡག་རེ་བཤད་ཅིང་སྒེར་གྱི་རྐུབ་སྟེགས་སྲུང་ཐབས་ཙམ་ལས་སྤྱི་བའི་རྩ་དོན་ལ་ཐུས་ཤོར་རི་རབ་ཙམ་སྤུངས་ཡོད་པ་འདས་ཟིན་པར་ཕྱིར་མིག་ཐེངས་གཅིག་བྱ་ན་གསལ་ཡོང་བ་རེད། ད་ལྟའི་འབྲེལ་ཡོད་མཐོ་རིམ་པ་ཚོར་ནུས་པ་ཡོད་ན་འགུལ་རན་དང་མེད་ན་དགོངས་པ་ཞུ་རན་རེད་མ་གཏོགས་རྒྱ་མིས་བཙན་བྱོལ་བ་རྩ་མེད་གཏོང་བའི་ཐབས་ཇུས་ཀྱི་བསམ་དོན་ངན་པ་འགྲུབ་པའི་ཉེན་ཁ་འདུག གང་ཡིན་ཟེར་ན་བཙན་བྱོལ་ནང་དུ་བོད་ཡིག་གི་གནས་ཚད་གང་འཚམས་ཡོད་པ་དང་བོད་ནང་ལ་གནས་ཚུལ་གང་བྱུང་དེ་རྒྱལ་སྤྱིའི་སྟེང་དུ་སྐྱེལ་ཐུབ་པ་དེ་བོད་ནས་གསར་འབྱོར་དུ་འབྱོར་བ་ཚོའི་ནུས་པ་ལས་བྱུང་བ་རེད་མོད། བཙན་བྱོལ་ནང་གི་འདས་པའི་ལོ་རྒྱུས་ནང་གྲྭ་ས་ཁག་མ་གཏོགས་གསར་འབྱོར་བ་བོད་མི་རིགས་ཀྱི་རིགས་གཞུང་ལ་གནས་ཚད་ཧ་ཅང་མཐོ་བ་མང་ཆེ་བ་ཕྱི་རྒྱལ་ལ་མི་འགྲོ་རང་འགྲོར་ཆགས་པ་དེ་དག་ཚང་མའི་ཕུགས་བསམ་ཕྱི་གླིང་བའི་སྒོར་མོ་ཁོ་ན་རེད་དམ། ཡང་ན་སྔོན་གྱི་སྐུ་ངོ་སྒེར་གཅོད་བ་ཚོའི་བདག་པོ་མ་རྒྱབ་པའི་ལན་རེད། ད་དུང་གོ་ཐོས་སུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཉི་མ་རེ་ལ་གསར་འབྱོར་བརྒྱ་ཉིས་བརྒྱ་འཕྲེང་བསྒྲིག་བཞིན་པ་དེའི་རྒྱུ་རྐྱེན་གང་ལ་ཐུགས་ཡོད། ད་ལྟའི་བཀའ་ཤག་གྱིས་ཞིབ་འཇུག་དང་ཐག་གཅོད་ཡག་པོ་བྱེད་པའི་རེ་བ་དང་འབོད་བསྐུལ་ཞུ་ན་འདོད་བྱུང་། ད་དུང་སྣེ་ལེན་ཁང་དུ་གསར་འབྱོར་ཡོང་མཁན་མེད་པའི་ཁག་རྒྱ་ནག་གཅིག་པོ་དཀྲི་ན་འགྲིག་གམ སྲིད་སྐྱོང་མཆོག་གི་གསུངས་བ་བཞིན་གཞི་ཆགས་བའི་ནང་ན་ཁང་པ་མེད་མཁན་ཡོད་པ་དངོས་ཡོད་ཡིན་སྲིད་མོད། མི་རབས་གསར་བ་སླེབས་ཀྱིན་སླེབས་ཀྱིན་མི་རབས་རྙིང་བ་རྫོགས་འགྲོ་བ་ཆོས་ཉིད་རེད་ལ་ཁོ་ཚོ་ལ་ཞིང་ས་ལ་སོགས་ཐོབ་ཐང་ཆ་ཚང་ཡོད་པས། ས་ལག་མཐིལ་ཙམ་གྱི་སྐལ་སྤྲད་མྱོང་མེད་པའི་གསར་འབྱོར་བ་ཚོ་དང་བསྡུར་ན་གནས་ལུགས་རེད་དམ། ཡང་གཅིག་བཤད་ན་གསར་འབྱོར་བ་ཚོ། ལ་ལ་ལྷོ་ཕྱོགས་དང་། ལ་ལ་རྒྱ་བྱང་ཕྱོགས་སུ་གནས་སྡོད་དགོས་པའི་རྒྱུ་མཚན་དེ་མི་སྒེར་རང་རང་ལ་དཔག་པའི་གནས་ལུགས་རེ་ཡོད་པས་དེ་ཞིབ་འཇུག་ནན་པོ་དང་འཚམ་པའི་ཐག་གཅོད་བྱེད་པའི་དུས་ལ་བབ་ཡོད་པར་འདོད། མདོར་བསྡུ་ན་ད་ལྟའི་བཀའ་ཤག་གསར་བ་ལ་འབོད་སྐུལ་ཞུ་ན་འདོད་པ་ནི། འཇོན་པོ་ཚང་མ་ཕལ་ཆེར་ཕྱི་རྒྱལ་ལ་འཕུར་ཚར་སོང་། དེ་མིན་ཕ་ཡུལ་ལ་ལོག་ཐུབ་མཁན་མང་ཆེ་བ་ཕ་ཡུལ་ལ་ལོག་སོང་། ད་ལྟ་ད་དུང་རྒྱ་གར་གྱི་ཡུལ་གྲུ་ཁག་ཏུ་ལྷག་ཡོད་པའི་གསར་འབྱོར་བ་ཚོ་ལ་མཚོན་ན། གཉོམ་དེ་ལས་ཆུང་ན་དུད་འགྲོ་དང་། སྐེ་དེ་ལས་ཕྲ་ན་ཡི་དྭགས་ཀྱི་དཔེ་བཞིན་ཡིན་པས། ཕྱི་རྒྱལ་ལ་འགྲོ་འདོད་མེད་པའམ་འགྲོ་མ་ཐུབ་པ་ཕྱིར་ཕ་ཡུལ་ལ་ལོག་འདོད་མེད་པའམ་ལོག་ཐབས་མེད་པ་ཤ་སྟག་ཡིན་པས། མཐེ་བོང་གནམ་ལ་ཕྱར་མཁན་གྱི་བདག་མེད་གསར་འབྱོར་ཚོའི་ཆེད་དུ་བཀའ་ཤག་གྱིས་བསྐྱར་དུ་ཞིབ་འཇུག་ཡང་དག་ཞིག་གནང་ཡོང་བའི་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese