མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞས་མ་རིག་འཛིན་སྒྲོལ་མའི་སེམས་གཏམ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

སུད་སིའི་མདོ་སྨད་ས་གནས་རྒྱུན་ལས་དབུ་བརྙས་པའི་མཛད་སྒོའི་སྟེང་བོད་ནས་ཕེབས་པའི་གཞས་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་བོད་ཕྱི་ནང་གཉིས་སུ་གཞོན་སྐྱེས་ཚོས་བོད་ཡིག་བོད་སྐད་ཐོག་ཤུགས་བསྐྱོན་དགོས་ཚུལ་བརྗོད་འདུག

14566403_10205507030474343_5180895911544995291_o

ཟླ་འདིའི་ཚེས་ ༨ ཉིན། སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཁང་དབུ་བརྙེས་ནས་ལོ་འཁོར་ ༣༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག སུད་སི་ས་གནས་བུན་ཏར་ཐོར་ Winterthur ནང་བསྡུས་ཡོད་པ་དང་། མཛད་སྒོའི་ཐོག་ཆེད་དུ་བོད་ནས་གདན་འདྲེན་ཞུས་པའི་གླུ་མ་རིག་འཛིན་སྒྲོལ་མ་དང་། ཨ་རིར་གནས་སྡོད་གཞས་པ་དང་སྒྱུ་རྩལ་བ་རྟ་མགྲིན། སུད་སིར་གནས་སྡོད་གཞས་མ་བསམ་འགྲུབ་ལྷ་སྐྱིད་དང་འཇམ་དབྱངས་དཔལ་ལྡན། རྒན་གྱའི་ཚེ་རིང་སྐྱིད། བསྟན་འཛིན། བཀྲ་ཤིས་སྒྲོལ་མ། དཔལ་རྩེ་སོགས་གླུ་བ་མ་གླུ་མང་པོ་ཕེབས་ཡོད་འདུག

མཛད་སྒོའི་སྐུ་མགྲོན་དུ་རི་ཁོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དང་། སུད་སི་སྐུ་ཚབ་དོན་གཅོད། དེ་བཞིན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོའི་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། སུད་སི་དང་ཡུ་རོབ་རྒྱལ་ཁབ་གཞན་ནས་ཕེབས་པའི་བོད་མི་ ༣༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག མཛད་སྒོ་གྲུབ་མཚམས་བོད་མི་ཡོངས་རྫོགས་མཉམ་དུ་སྐོར་གཞས་སོགས་ལ་རོལ་ཏེ། སྐུ་མགྲོན་དང་མི་མང་ཡོངས་དགའ་མགུ་ཡི་རང་ཆེན་པོ་བྱུང་ཡོད་འདུག

བོད་ཀྱི་གཞས་མ་གྲགས་ཅན་རིག་འཛིན་སྒྲོལ་མ་ལགས་སུ། ཁོང་མོ་ཡུ་རོབ་སུད་སིར་ཕེབས་ཏེ་ཕྱི་སྡོད་བོད་མིའི་སྤྲོ་ཚོགས་སྟེང་ཞུགས་པའི་ཚོར་བ་ཅི་བྱུང་དྲིས་པར་ཁོ་མོས། ང་རང་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁ་ཤས་ཤིག་ལ་སོང་བ་ཡིན། ས་ཆ་གང་དུ་སོང་ནའང་དེ་གའི་མི་མང་ལ་བསམ་ཚུལ་རེ་རྗོད་ཀྱིན་ཡོད། ཐེངས་འདིར་ཡུ་རོབ་སུད་སི་ལ་སླེབས་རྗེས་ཚོར་བ་མི་འདྲ་བ་མང་པོ་སྤྲད་བྱུང་། ཡག་ས་ནས་བཤད་ན་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོས་མི་རིགས་རང་གི་ངོ་བོ་དང་རྣམ་པ་ཡག་པོ་ཟིན་ཐུབ་འདུག་པ་མ་ཟད། བོད་ནང་ལས་ལྷག་པའི་ཡག་པོ་འདུག་བསམ་པའི་ཚོར་བའང་ཡོང་གི་འདུག བོད་ནང་གི་བོད་པ་མང་པོ་ཞིག་གིས་ཀྱང་རང་ཉིད་ཀྱི་གོམས་གཤིས་དང་སྐད་ཡིག་སོགས་ལ་མཐོང་ཆེན་དང་གོམས་གཤིས་མཁྲེགས་པོ་འཛིན་ཐུབ་ཀྱིན་མེད། འོན་ཀྱང་སྡུག་ས་ནས་བཤད་ན། ང་རང་འདི་ནས་ཁྱིམ་ཚང་ཁག་ཅིག་གི་ནང་སོང་བ་ཡིན། ཁྱིམ་ཚང་ཁ་ཤས་ནང་གི་བུ་ཕྲུག་ཚོས་བོད་སྐད་ཡག་པོ་བཤད་ཤེས་ཀྱི་མེད་པར་ཕྱི་རྒྱལ་གྱི་སྐད་ཤོད་ཀྱིན་འདུག བོད་ནང་དུའང་དེ་བཞིན་རྒྱ་སྐད་མ་གཏོགས་མ་བོད་སྐད་ཁ་ནང་ལ་བདེ་བོ་མེད་པ་ལྟ་བུར་འགྱུར་བཞིན་མང་པོ་རེད། ཡིན་ནའང་ང་ཚོས་བོད་རང་གི་སྐད་དང་ཡི་གེ་ལ་བདག་པོ་ཡག་པོ་རྒྱག་དགོས་རྒྱུ་དང་། དེ་ལ་ཕ་མ་དེ་ཚོས་འགན་འཁུར་དགོས་རྒྱུ་དེ་གལ་ཆེན་རེད། ཅེས་ཟེར། གླུ་མ་རིག་འཛིན་སྒྲོལ་མ་ལགས་ནི་བོད་ཀྱི་གཞས་མ་ཞིག་ཡིན་པ་མ་ཟད། བོད་སྐད་ཡིག་སྲུང་སྐྱོབ་ཕྱག་ལས་གནང་མཁན་ཞིག་ཀྱང་ཡིན་འདུག་ལ། ཁོ་མོས་བོད་ནང་ཕ་སྐད་འཛིན་གྲྭ་སོགས་བོད་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ཕྱག་ལས་མང་པོ་གནང་གི་ཡོད་འདུག

སུད་སིའི་ས་གནས་མདོ་སྨད་རྒྱུན་ལས་ཁང་འདི་ཕྱི་ལོ་ ༡༩༨༦ ལོའི་ཟླ་ ༥ ཚེས་ ༢༣ ཉིན་དབུ་བརྙེས་ཡོད་པ་དང་། ཐོག་མར་སྒྲིག་འཛུགས་འདི་ཉིད་གསར་འཛུགས་གནང་མཁན་གྲས་སུ་རི་ཀོང་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཞིང་གཤེགས་དགེ་འདུན་བཟང་པོ་མཆོག་དང་གཅོད་པ་ཐར་རིན་ཆེན། གདོང་རྩེ་བསོད་ནམས་རབ་བརྟན་པ། བསོད་ནམས་རབ་རྒྱས། ཕྱོགས་དགེ་རྟ་མགྲིན། རིག་བདག་ཚང་ཡི་དམ་སོགས་ཡོད་འདུག ཕྱི་ལོ་ ༡༩༩༣ ལོའི་ ཟླ་ ༤ ཚེས་ ༢༩ ཉིན་མདོ་སྨད་སྒྲིག་འཛུགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་རྗེས་ཚོགས་པའི་ངོ་བོའི་ཐོག་སུད་སི་གཞུང་གི་ཁྲིམས་ལུགས་ལྟར་ཐོ་འགོད་བྱས་ཡོད་པ་དང་། སུད་སི་མདོ་སྨད་རྒྱུན་ལས་ཁང་འདི་ཉིད་འཛུགས་དགོས་པའི་དམིགས་ཡུལ་ནི། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་རླབས་ཆེན་དབུ་ཁྲིད་འོག་དབུས་མདོ་སྨད་ཆོལ་ཁའི་བཀའ་ཁྱབ་བཞིན་སུད་སིར་གནས་བཞུགས་མདོ་སྨད་པ་ཡོངས་ཀྱིས་བོད་མིའི་ལས་འགན་ལེན་ཐུབ་དང་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་བསྒྲུབ་ཐབས་བཅས་སུ་བཙུགས་པ་ཞིག་ཡིན་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༤ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 2

  1. Jigme Wangdu says:
    ལོ་ 10 སྔོན།

    ༅༅། སུད་སི་ས་གནས་མདོ་སྨད་ཚོགས་པ་དབུ་བརྙེས་མཛད་སྒོའི་སྐབས་སུ་བོད་ནང་ཡོད་པའི་གཞས་མ་རིག་
    འཛིན་སྒྲོལ་མ་ཡང་མཉམ་ཞུགས་གནང་ནས་བསམ་ཚུལ་གསུངས་པར་ཁོང་ལ་དམིགས་བསལ་བཀྲིས་བདེ་ལེོདགས་དང།
    ཐུགས་རྗེ་ཆེ་ཞུ་གི་ཡོད། ཁོང་གི་བཏང་གནང་བའི་བོད་གཞས་མང་མོ་ཉན་མྱོངས་བ་དང་ཉན་བཞིན་ཡོད།
    དེ་བཞིན་གཞས་མ་ཀླུ་མོ་མཚོ་དང། ནམ་མཚོ། ཚེ་དབང་སྒྲོལ་མ། རྣམ་རྒྱལ་ཆོས་མཚོ། ཤེར་བསྟན། བཀྲིས་ཆོས་འཕེལ།
    ཀུན་དགའ། བློ་བཟང་སོགས་ཚང་མར་བཀྲིས་བདེ་ལེགས་ཞུ་རོགས་གནང། དེའི་ནང་ནས་ཀླུ་མོ་མཚོས་བཏང་གནང་བའི་གཞས་་་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོས་བརྩམམས་པ།
    ཚངས་དབྱངས་མགུར་གླུ་དེ་ཧ་ཅང་སྙན་པོ་འདུག་་་ཕལ་ཆེར་ཉིན་ལྟར་ཉན་གྱི་ཡོད།
    སྙན་ཡང་སྙན་ལ་། སྐྱོ་ངཡང་སྐྱོ་། ང་ཚོ་ཚང་མའི་ལས་དབང་གཅིག་ཡིན།
    ང་ཡང་ཕྱི་རྒྱལ་ནུབ་ཕྱོགས་ལུང་པར་གནས་ཡོད།
    སྙིང་ནས་ཐུགས་རྗེ་ཆེ།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 10 སྔོན།

    རིགས་བཟང་མའི་་བྱ་བ་ལམ་འགྲོ་ཡོང་བའི་སློན་ལམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese