མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་གནམ་ནས་བབས་ཏེ་མི་སྐད་འཆད།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་བོ། ཨ་ཚོགས་མཁས་བཙུན།

གནམ་ནས་འབབ་ཕྱོགས་འཆད་པ་ལ། དང་པོ་གནམ་ལ་སོང་ཚུལ་འཆད་དགོས་ལ། གནམ་ལ་འགྲོ་ཚུལ་དེ་གནམ་གྲུ་ནས་འགྲོ་བ་དང་། གཤོག་པ་ཐོགས་ཏེ་འགྲོ་བ་དང་། དབུགས་སྒང་ནས་འགྲོ་བ་བཅས་ཕྱོགས་གསུམ་ལས་མ་འདས་མོད། རང་རེས་གནམ་གྲུ་བཟོ་མྱོང་མེད་པས་རང་སྟོབས་ཀྱིས་འགྲོ་ཐབས་མ་བྱུང་ཞིང་། གཤོག་པ་ཐོགས་ནས་འགྲོ་བ་བྱ་བྱེའུ་ཁོ་ནའི་རང་རྩལ་ཡིན་པས། དབུགས་སྒང་ནས་སོང་བའང་བོད་དུ་རྩོད་མེད་ཡོངས་གྲགས་ལ་རྗེ་བཙུན་མི་ལ་གཅིག་ཉིད་ལས་མ་བྱུང་བས། རང་རེ་གནམ་ལ་སོང་ཚུལ་ཅི་འདྲ་ཡིན་ཕལ་ཆེར་ཚང་མས་ཚོད་དཔག་ཐུབ་རྒྱུ་རེད་བསམས།

དེ་ལ་གནམ་ནས་འབབ་ཚུལ་དངོས་འཆད་པ་ལ། འཇིག་རྟེན་རྒད་པོའི་གཏམ་ལ་ཡང་། རྒོད་པོ་གྱེན་བརྒྱུག་སླ་ཡང་། གཡུང་མོ་ཐུར་འབབ་དཀའ། ཟེར་བ་ལྟར་དགུང་གནམ་འཕང་བསྟད་དྲག་ན་གཞི་ས་ལ་འབབ་རྒྱུ་དེ་ལས་སླ་བོ་ཡོད་ས་མ་རེད། ཡིན་ནའང་། འཇིན་རྟེན་མཁས་པའི་གསུང་ལ། ཐ་སྙད་ལ་ནི་མ་བརྟེན་པར།། དམ་པའི་དོན་ནི་རྟོགས་མི་འགྱུར།། ཅེས་གསུངས་པ་མི་འགྲོ། ཐེག་པ་མས་རིམ་དང་ཐེམ་པ་འོག་རིམ་གྱི་དཔེ་བཞིན་རྩིག་གྱང་གི་རྨང་མི་གཏོང་བ་དེ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་ཏུ་གསུང་འདུག་པས། དམ་པ་ལྷ་ཆོས་རྐྱང་གཙོར་འདོན་ནས་འཇིག་རྟེན་མི་ཆོས་ལ་མར་འབབ་པ་དང་། དེ་ནས་ཀྱང་བྱེ་བྲག་ཏུ་ཤེས་འཇོན་གཉིས་དང་། ཁྱད་པར་ཏུ་ཀུན་སྤྱོད་ཡར་རྒྱས་ལ་དམིགས་ཕུགས་ཀིས་རྨང་རྐང་མི་འདོར་བ་ནི་ཆེས་སྤྱིར་བཏང་གི་བསླབ་བྱ་ཡིན་པ་གོ་དགོས།

དེ་ཡང་མིའི་གཤིས་སྤུས་ཀ་དང་འཇོན་ཐང་བྱང་ཚད་མཐོར་འདེགས་གཏོང་བ་གཉིས་ལས་མ་འདུས་པ་མེད། འདི་ལ་བོད་ཕྱི་ལོགས་སུ་ལེགས་བྱང་ཟེར་བའང་ཡོད་ཅིང་། བོད་ནང་དུ་རྒྱ་ནག་གི་ཐ་སྙད་ཐད་བསྒྱུར་གྱིས་སློབ་གསོ་ཟེར་བཞིན་ཡོད། ལེགས་བྱང་ཟེར་ཞིང་སློབ་གསོ་ཟེར་ན་གང་ལྟར་གནད་བསྡུས་ན་ལུས་ངག་ཡིད་གསུམ་གྱི་འདུལ་སྦྱོང་ཞིག་ལ་ལེགས་བྱང་ངམ་སློབ་གསོ་ཟེར། འདི་གཉིས་ལས་མ་འདས་པ་དང་མ་འདའ་བ་ཡིན། དེ་ཡང་འདུལ་སྦྱོང་ཞེས་ཟོར་ཡངས་པའི་སྒོ་ནས་འཆད་ན། འདུལ་ཅེས་པ་སྒོ་གསུམ་གྱི་ཞན་ཆ་ངན་གཤིས་འདུལ་བའམ་ལོག་ལམ་ལ་མ་སོང་བ་གཙོར་འདོན་དང་། སྦྱོང་ཞེས་པ་སྒོ་གསུམ་གྱི་རྩལ་དང་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་ཡིན་པས། མདོར་བསྡུས་ན། སློབ་གསོ་ནི་མིའི་ལུས་ངག་ཡིད་གསུམ་འདུལ་སྦྱོང་གི་རིག་ལམ་དང་རིག་ཚན་ཞིག་ཡིན་ཞེས་ཟེར་ཆོག་གི་ཡོད་ཅེས་པ་ནི་མདོར་བསྡུས་སྤྱི་དོན་དུ་བསྟན་པ་ཡིན།

དེ་ལྟ་བུའི་ལེགས་བྱང་ངམ་སློབ་གསོ་དེ་ལ་མིའི་གཤིས་ཡ་རབས་ཀུན་སྤྱོད་སློབ་གསོ་དང་། འཇོན་ནུས་སློབ་གསོ་གཉིས་ཡོད་པའི་དང་པོ། མི་ཡི་གཤིས་སྤྱོད་སློབ་གསོ་དེ་ཉིད་རགས་ཙམ་གླེང་ན། སློབ་གསོ་དེ་ཡོང་ཐབས་ལ་གསུམ་ཡོད་པ་ལས་ (གཅིག) བཙན་དབང་གི་ཁྲིམས་སྲོལ་གཞན་དབང་ཅན་དང་། (གཉིས་པ) ལུགས་མཐུན་གྱི་ཁྲིམས་སྲོལ་རང་དབང་ཅན། (གསུམ་པ) ཆོས་ལུགས་ཀྱི་ལམ་ཀ་སྣེ་མང་ཅན་བཅས་གསུམ་ཡོད། དེ་ཡང་སྲིད་དབང་སྒེར་གཅོད་ཀྱི་ཡུལ་ལུང་རྒྱལ་ཁབ་གྱི་སློབ་གསོ་དེ་ཁྲིམས་ལུགས་དབང་བཙན་གཞན་དབང་ཅན་ཞིག་དང་། དམངས་གཙོ་སྲིད་དབང་ལྡན་པའི་ཡུལ་ལུང་རྒྱལ་ཁབ་གྱི་སློབ་གསོ་དེ་གོ་སྐོན་ལེགས་བརྡ་སྤྲོད་པ་གཙོར་འདོན་གྱི་སློབ་གསོ་རང་དབང་ཅན་དང་། ཆོས་ལྡན་རྒྱལ་ཁབ་ཁག་གི་གཤིས་སྤྱོད་སློབ་གསོ་དེ་ཆོས་ཀྱི་བསླབ་བྱ་འཇམ་རྩུབ་གཉིས་ལྡན་ཞིག་གཙོར་འདོན་བྱེད་བཞིན་ཡོད་ཅིང་། དེ་ལའང་ <༡> འཇིགས་སྣང་སློང་བ་ལྟ་བུའི་གཞན་དབང་ཅན་དང་། <༢> གོ་བརྡ་སྤྲོད་པ་གཙོར་འདོན་གྱི་རང་དབང་ཅན་དང་གཉིས་ཡོད། དང་པོའི་དཔེ་མཚོན་ནི་ཡེ་ཤུ་ཆོས་ལུགས་དང་། གཉིས་པའི་དཔེ་ནི་རང་རེ་སངས་རྒྱས་ཆོས་ལུགས་ཡིན།

སྲིད་དབང་སྒེར་གཅོད་ཀྱི་ཡུལ་ལུང་རྒྱལ་ཁབ་རྣམས་ཀྱིས་དུས་རྟག་པར་ཁྲིམས་ཀྱིས་བཅུན་པ་སླར་ལེན་ཞིང་། བཙན་དང་དབང་གི་ཟིལ་ཤུགས་དང་ལྡན་པར་འབངས་མིའི་ཕྱིའི་ཀུན་སྤྱོད་དང་ནང་བསམ་ཕྱོགས་ཀྱི་ཁ་ལོ་བསྒྱུར་ཐབས་དང་། ཚོད་འཛིན་ཐེབས་ཅི་ཐུབ་བྱེད། མང་གཙོའི་རྒྱལ་ཁབ་ཁག་གིས་འགྲོ་པ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་རྩ་འཛིན་དང་། དམངས་ཀྱི་ཁེ་ཕན་ཆེད་དམིགས་ཀྱིས་གོ་བརྡ་སྤྲོད་པའི་སློབ་གསོ་རྐང་དུ་བཟུང་བའི་རང་དབང་དང་། སྒམ་བཀྱེད་བློ་ཁོག་ཆེན་པོའི་ལམ་ནས་མི་དམངས་ཀྱི་གཤིས་སྤྱོད་བཟང་ཕྱོགས་ཡར་ལམ་ལ་འཇུག་གི་ཡོད། འཛམ་གླིང་གི་ཆོས་ལུགས་མང་ཤས་ཤིག་གི་སློབ་གསོ་རྒྱག་སྟངས་ནི་རྒྱལ་བོ་ཉེན་ཁ་ཅན་ཞིག་གི་བཀའ། བློན་པོ་ཉེན་ཁ་ཅན་དག་གིས་བཀའ་བརྩི་དང་ལེན་བྱེད་པ་དང་འདྲ་བར་འཇིགས་ཞུམ་དང་དངངས་འཚབ་གྱིས་རང་གི་སྒོ་གསུམ་གྱི་བྱ་སྤྱོད་ལ་བདག་པོ་རྒྱག་ཅི་ཐུབ་བྱེད་པ་དེ་ཡིན།

རང་རེ་བོད་ནི་གནའ་ནས་ད་ལ་ཐུག་པའི་བར་ཆོས་ཀྱི་བསླབ་བྱས་མི་གཤིས་ཀུན་སྤྱོད་མཐོར་འདེགས་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། ད་དུང་མི་རིགས་གཅིག་གྱུར་དང་། སྐད་ཡིག་འཛིན་སྐྱོང་། ཤེས་རིག་དར་སྤེལ་བཅས་ལ་ནུས་པ་ཆེན་པོ་ཐོན་ཡོད་ཅིང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་དེ་སློབ་གསོའི་རྐང་དུ་བཟུང་བ་ཡིན། ཡིན་ན་ཡང་། རང་རེའི་སྲོལ་རྒྱུན་གྱི་ཆོས་ཀྱི་བསླབ་བྱ་གཞི་དམངས་ཚོགས་ལ་གོ་བརྡ་སྤྲོད་ཕྱོགས་འདི་ཁོ་ནས་དུས་རབས་ཉེར་གཅིག་པར་ཁོངས་དེ་ཙམ་ཆོད་ཀྱི་མེད་པ་༧སྐྱབས་མགོན་རིན་པོ་ཆེས་ཡང་ཡང་གསུངས་བ་དེ་ག་རང་རེད། སྲོལ་རྒྱུན་གྱི་འགྲོ་ལུགས་དེ་ཆོས་ཀྱི་དགོངས་པ་ཡིན་ནའང་། གཡས་གཡོན་གྱི་མཐའ་གཅིག་ལ་ལྷུང་འདུག མཐའ་དེ་ནི་འདི་ཕྱི་གཉིས་ལས་ཕྱི་མ་གཙོར་འདོན་གྱི་མཐའ་རེད། སྡིག་སྤོང་དགེ་སྒྲུབ་གྱི་མཐའ་འབྲས་ལེགས་ཉེས་ཐམས་ཅད་ཕྱི་མ་དབང་བཙན་དུ་བགྱིས་པ་དང་། ངན་སོང་ངན་འགྲོའི་མྱོང་བས་འཇིགས་སྐུལ་ལྟ་བུ་དང་། བདེ་འགྲོ་མཐོ་རིས་ཀྱི་ཕུན་ཚོགས་ཀྱིས་བློ་བྲིད་མགོ་སྐོར་ལྟ་བུས་མུ་མཐུད་ཁོངས་ཆོད་ཀྱི་མེད།

དེས་ན་རང་རེ་ད་ནས་བཟུང་ཆོས་ཀྱི་ར་བ་ལས་བརྒལ་བའི་ཆོས་ཀྱི་བསླབ་བྱ་རྒྱག་སྟངས་ཀྱི་ཤིང་རྟའི་སྲོལ་ལྟ་བུའི་ལམ་ཁ་དེར་ཤར་བསྐྱོད་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན། དཔེར་ན། དལ་འབྱོར་རྙེད་དཀའ་བའི་བསླབ་བྱ་ལ་ནུབ་ཕྱོགས་མཚན་ཉིད་རིག་པའི་བརྡ་ཆད་ཚེ་སྲོག་གི་རིན་ཐང་ཞེས་པ་དང་། དེ་ལུགས་ཀྱི་གོ་དོན་གཞི་ལ་བབས་ནས་འཆད་ཐུབ་པ་དང་སྦྱོར་ཤེས་པ་ཤིན་ཏུ་གལ་ཆེ་བ་དང་། དེ་བཞིན། འཆི་བ་མི་རྟག་པ་ལ་དུས་ཚོད་ཀྱི་རིན་ཐང་། ལས་དབང་རྒྱུ་འབྲས་འཁྱོལ་མེད་ལ་བདེན་དོན་དྲང་སྙོམས་ཀྱི་རིན་ཐང་། འདོད་ཆུང་ཆོག་ཤེས་ལ་ཐལ་ཆ་སྙོམས་སྒྲིག་གི་བསམ་བློའི་རིན་ཐང་དང་། དགེ་མཚན་ནུས་བ་དང་ལྡན་པ་བཅས། དེ་བས་ཀྱང་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ནི་ཤེས་འཇོན་གཉིས་ལྡན་གྱི་སློབ་གསོའི་སྡོམ་ཆེན་པོ་དེ་ཡིན་པ་ཤེས་པར་བྱ་ཞིང་བསླབ་པར་བྱའོ། མདོར་བསྡུས་ན་རང་རེས་ངེས་པར་ཏུ་ཆོས་ཀྱི་བསླབ་བྱ་དེ་དག་ལ་མི་སྐད་འཆད་དུ་འཇུག་དགོས་པ་དང་། བྱ་བྱེད་ཐམས་ཅད་ལ་ཤེས་རབ་གྱི་གྲོགས་དང་ལྡན་པར་བྱ་གལ་ཆེ་བ་ཆོས་ཀྱི་བསླབ་བྱའི་སྙིང་བོ་ཡིན་པ་ར་སྤྲོད་དགོས་པར་ཡོད།

མདོར་ན། ཚེ་སྟོད་ཀུན་སྤྱོད་བསམ་ཕྱོགས་བཟང་ཐག་ཆོད་ཅིག་བྱུང་བ་ཡིན་ན་ཚེ་སྨད་ངང་གིས་ཡོང་བ་དང་། ཚེ་འདི་བཟང་ཐག་ཆོད་ཅིག་ལ་ཕྱི་མ་རང་བཞིན་གྱིས་ཡོད་པའི་གོ་བརྡ་སྤྲོད་རྒྱུ་དང་། དེའི་བསམ་བློ་འཁོར་ཐུབ་པ་བྱ་དགོས། ཁྱད་པར་དུ་སྡུག་སྤོང་དགེ་སྒྲུབ་གོང་ནས་མར་འཆད་པ་ལ་ཞུགས་མཁན་ཡིན་ན་རེད། ཡང་ན། མར་ནས་ཡང་སེ་ཡང་སེ་ལག་ལེན་ལ་ཐེབས་མཁན་ཞིག་ཡིན་ན་རེད། ཐམས་ཅད་ཀྱིས་སྐབས་གང་ཡིན་ལ། དཔེར་ན། སྦྱིན་པའི་སྦྱིན་འབྲས་ལོངས་སྤྱོད་ཀྱིས་མི་འཕོངས་པ་དང་། སྲོག་བླུའི་བླུའི་འབྲས་ཚེ་རིང་བ་དང་། བཟོད་པའི་འབྲས་བུར་གཟུགས་བཟང་བ་ལ་སོགས་པའི་རེ་བ་མ་བརྒྱབ་པའི་ལན་ལ་མི་རེ་བའི་དགེ་རྩ་དངོས་དེ་འདོན་དགོས་ཀྱི་འདུག དེ་འདྲའི་ལན་ལ་མི་རེ་བ་འཚོ་བ་དངོས་ལ་བབས་པའི་དགེ་རྩ་དེ་དག་གིས་ཕ་རོལ་བོའི་འཕྲལ་གྱི་འཕོངས་པ་སེལ་ཞིང་། སྲོག་གི་འཇིགས་ལས་སྐྱོབ་པ་དང་། བཟོད་པས་དཀའ་གནད་ལ་གདོང་ལེན་དང་བསྲན་ཚུགས་པའི་འགྲེལ་བཤད་དང་བསམ་བློ་འཁོར་རྒྱུ་དང་། འཁོར་འཇུག་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཡིན།

དེ་ནས་མིའི་འཇོན་ཐང་སློབ་གསོ་ནི་མིའི་གཤིས་སྤྱོད་དང་ཁ་འབྲལ་ཐབས་མེད་ཅིང་། འདི་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ལྟོས་ཚབས་ཆེ་བ་དང་། མིའི་སྒོ་གསུམ་འདུལ་སྦྱོང་གི་གོ་རྟོགས་བྱང་ཚད་དང་ལྷག་བསམ་མེད་ན། ལུས་ངག་ཁོ་ནའི་ས་མཆོང་གནམ་མཆོང་ཙམ་ནི་སྣུམ་ཟད་ཀྱི་མར་མེ་ནང་བཞིན་འོད་སྣང་འབྱིན་ཞིང་མུན་པ་སེལ་བའི་སྐབས་དང་སྟོབས་མེད་པ་དང་འདྲའོ། རྣམ་དཔྱོད་དང་ལྷག་བསམ་གཉིས་ནི་ཚེ་འདིའི་སོ་ཚིས་འཚོ་རྟེན་ཙམ་དུ་མ་ཟད། དེ་ལས་ལྷག་པར་མི་རིགས་དང་རྒྱལ་ཁབ་ལ་གསར་གཏོད་དང་རྒྱུན་གནས་རང་བཞིན་གྱི་ལས་ཀ་གང་ཞིག་བྱ་དགོས་བྱེད་སྐབས་བྱུང་ན། དེས་གོ་སྐབས་དང་ནུས་པ་འདང་ངེས་ཆོད་པ་ཞིག་སྟེར་བ་དང་། དེར་མ་ཟད་ཆོས་ཕྱོགས་ནས་ཀྱང་ས་ལམ་གྱི་རྟོགས་པ་ཆེ་ཆུང་དང་། ལམ་གྱི་བགྲོད་པ་མྱུར་བུལ། ཕྱི་མའི་བདེ་སྡུག་གི་འདེམ་གསེས་འདེམ་ག་ཐམས་ཅད་རྣམ་དཔྱོད་དང་ལྷག་བསམ་གཉིས་ལ་ལྟོས་ཚབས་ཤིན་ཏུ་ཆེ་བས། སློབ་གསོ་ནི་སྒོ་གསུམ་གྱི་འདུལ་སྦྱོང་ཡིན་པ་དང་། དེ་བས་ཀྱང་སེམས་ཀྱི་འདུལ་སྦྱོང་ནི་སློབ་གསོ་སྤྱི་ཡི་ཨ་མ་ལྟ་བུ་ཡིན་ནོ།།

ཆུང་ཆུང་མེ་ཏོག་འཛུམ་རིས་འཇའ་ལ་ཐིམ།།

དར་བབ་འོ་མའི་འཇམ་ཤ་ཟླ་བས་འཐུང་།།

རྒས་འཁོགས་གྲུང་ཤ་དོད་པོ་ལྕགས་ཀྱིས་བརྡུངས།།

མ་ཤི་གསོན་གྱི་དོན་སྒོ་གང་ལ་འཐེན།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༩ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese