མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གླིང་ཚ་བོར་ནས་ལོ་གསུམ་ཟླ་གསུམ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

གླིང་ཚ་ཚེ་བརྟན་རྡོ་རྗེ་བོད་དོན་ལ་བོར་བརླག་ཕྱིན་ཏེ་ལོ་གསུམ་དང་ཟླ་གསུམ་འགོར་རྗེས། ཁོའི་ཆུང་མ་དང་བུ་ཕྲུག་གཉིས་ཨི་སི་རེལ་ནས་དྷ་རམ་ས་ལར་འབྱོར། མོ་ཐེངས་འདིར་གླིང་ཚའི་ཨ་མ་ལགས་དང་སྲིང་མོ་བཅས་ལ་ཐུག་འཕྲད་གནང་རྒྱུ་དང་། དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག དེ་བཞིན། དྷ་སའི་བོད་དོན་ལས་འགུལ་བ་སོགས་ལ་ཐུག་འཕྲད་ཀྱི་ཞོར་དུ་མོ་རང་གི་ཁྱོ་ག་དང་ཕྲུ་གུ་གཉིས་ཀྱི་ཨ་ཕའི་སྐོར་ལ་དྲི་བ་འགའ་རེའང་གཏོང་རྒྱུ་ཡིན་འདུག བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་ཁུལ་དུའང་གླིང་ཚའི་ཐོག་ལྟ་ཕྱོགས་འདྲ་མིན་ཡོད་སྟབས། དྲི་བ་དེ་དག་ལ་ལན་གསལ་བོ་ཞིག་དང་དྲང་མོ་ཞིག་སུས་ཀྱང་འདེབས་ཐུབ་མེད་པ་གསལ་བོ་རེད།

གླིང་ཚའི་ཆུང་མ་ལྕམ་ཡཱེལ་ཕཱཧྥིརེ་ལགས་རང་ངོས་ནས་བཤད་ན། བོད་དོན་ལས་འགུལ་ལས་ཀྱང་ཁྱིམ་ཚང་གི་གནད་དོན་གལ་ཆེན་ཡིན། གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་ཐོག་མ་ཁོང་མ་སྨད་གསུམ་ཨི་སི་རེལ་ནས་བཞག་སྟེ། དྷ་རམ་ས་ལར་བོད་དོན་ལས་འགུལ་སྤེལ་དུ་ཡོང་སྐབས། བུ་མོ་ཐར་མ་མཚོ་ལོ་གསུམ་དང་། བུ་ཁ་བའི་ལྷ་སྲས་ཟླ་དྲུག་ལས་སོན་མེད། སྐབས་དེར་ཆུང་མས་ཁྱིམ་ཚང་གི་དཀའ་ངལ་དང་བཟའ་ཚང་གི་བརྩེ་བ། བུ་ཕྲུག་གཉོར་སྐྱོང་གི་གནད་དོན་སོགས་མི་ཆོས་དང་ལྷ་ཆོས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཡོངས་རྫོགས་ཀྱིས་འགྲེལ་བཤད་བརྒྱབ་སྟེ། གླིང་ཚ་འགོག་ཐབས་བྱས་ཀྱང་གླིང་ཚའི་དམ་བཅར་འགྱུར་བ་གཏོང་ཐུབ་མེད།

ཁོང་མ་སྨད་གསུམ་གྱིས་ཨི་སི་རེལ་ནས་བཟའ་ཚང་གི་དྲན་གདུང་འཁུར་ནས་ལོ་ངོ་གསུམ་དང་། གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ཀྱིས་དྷ་རམ་ས་ལར་ཤ་ལས་འཆད་པའི་བུ་ཕྲུག་བོར་བརླག་ཕྱིན་པའི་སེམས་སྡུག་འཁུར་ནས་ལོ་གསུམ་ཕྱིན་སོང་། གླིང་ཚའི་ཨ་མ་དང་ཆུང་མ་གཉིས་ཀྱིས་ཨམ་གཙིགས་བསྡམས་ཏེ་ལོ་གསུམ་སྐྱེལ་པའི་མཐའ་མར་ལྷན་འཛོམ་ཐེངས་ཤིག་བྱུང་བ་ལྟར། ནམ་ཞིག་གླིང་ཚ་དང་ཁོང་ཅག་ཀྱང་འདི་ལྟར་ལྷན་འཛོམ་ཡོང་རྒྱུར་ཁོང་བཟའ་མི་ཚོས་སྨོན་ལམ་རྒྱག་གི་ཡོད། ཕར་བལྟོས་ཚོད་ཀྱིས་གྱོང་གུད་ཡོད་ཚད་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་རེག་ཡོད་པ་དང་། དཀའ་སྡུག་ཡོངས་རྫོགས་གླིང་ཚའི་ནང་མི་བུ་ཕྲུག་ཚོའི་མགོ་ཐོག་ཏུ་ལྷུང་ཡོད་པའི་རྣམ་པ་འདུག་ཀྱང་དོན་ལ་དེ་འདྲ་ཞིག་ཀྱང་མིན།

གླིང་ཚའི་དང་བླངས་གོམ་བགྲོད་ལས་འགུལ་དང་། རྗེས་སུ་ཁོང་བོར་བརླག་ཏུ་ཕྱིན་པ་སོགས་བོད་མིའི་སྒྲིག་འཛུགས་ལ་ཁག་འགེལ་ས་མེད་ལ། གཞུང་འབྲེལ་མིན་པའི་ཚོགས་པ་ཚོར་ཡང་བྱེད་ཐབས་གང་ཡང་མེད། འོན་ཀྱང་ཁོང་བོད་དོན་དུ་བོར་ཤུལ་ན་ལྷག་ཡོད་པ་ནི། བོད་པའི་ཤ་དང་ཁྲག་རྒྱུན་གཅིག་པའི་བུ་ཕྲུག་གཉིས་དང་། བོད་དོན་དང་བོད་མིར་བརྩེ་དུང་ཟབ་པའི་གླིང་ཚའི་བཟའ་ཟླ། དེ་བཞིན། དྷ་སའི་རི་ངོས་ན་མ་ཆེན་བྱས་ཏེ་འཚོ་བ་ངན་ངོན་རོལ་བཞིན་པའི་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་སོགས་ཡིན། མ་མཐར་ཁོང་ཅག་གི་འཚོ་བ་དང་སློབ་སྦྱོང་། བདེ་སྡུག་སོགས་ལ་འགན་ལེན་ཁག་འཁུར་མ་ཐུབ་ན། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་བོད་དོན་འཐབ་རྩོད་གནང་ཕྱོགས་ཀྱང་འཐུས་ཚང་ཞིག་ཆགས་མེད།

བཙན་བྱོལ་ནང་གི་ཚོགས་པ་མང་པོ་ཞིག་གིས་བོད་དོན་འཐབ་རྩོད་བྱེད་ཕྱོགས་དེ་མི་མང་བསྡུ་སྐོང་གིས་གོམ་བགྲོད་སྐད་འབོད་དང་མར་མེ་ཁྲོམ་སྐོར་སོགས་རེད། སྤྱིར་ལས་འགུལ་དེ་རིགས་མེད་པ་ལས་དྲག་ཙམ་ཡིན་ཡང་། བོད་དོན་འཐབ་རྩོད་ལས་འགུལ་གྱི་ནུས་པ་ཆེ་ཤོས་མ་རེད། འདས་པའི་ལོ་ཤས་རང་རྒྱ་གར་དང་ཡུ་རོབ་སོགས་སུ་མི་ཚང་སྒེར་དང་མི་སྒེར་སོ་སོས་མ་སྐུལ་དང་བླངས་ཐོག་བོད་དོན་ལས་འགུལ་སྣ་ཚོགས་ཤིག་མགོ་རྩོམ་བཞིན་ཡོད་པ་དེ་དག་ཧ་ཅང་རླབས་ཆེན་རེད་ལ། བོད་དོན་མ་སེལ་བར་འཐབ་རྩོད་རྒྱུན་གནས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆེ་མཐོང་། མི་རབས་གསར་པའི་སེམས་ངོས་སུ་བག་ཆགས་གཏིང་ཟབ་བརྐོ་ཐབས་ཀྱང་དེ་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

༢༠༢༣/༠༩/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist