མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱ་གཉིས་བར་གྱི་ཆབ་སྲིད་འགལ་འདུ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་མི་ལོ་ ༢༡ རིང་གི་ཨ་རྒྱ་གཉིས་ཀྱི་འབྲེལ་འདྲིས་ཁྲོད་ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་ནི་རྒྱ་ནག་གཞུང་མང་གཉིས་ཀྱི་གླེང་གཞི་གཙོ་བོ་ཞིག་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་པའི་མི་སྣ་ཞིག་ཆགས་ཡོད་འདུག

tibettimes-1

ཁ་སང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཁང་གིས་གནས་ཚུལ་སྤལ་བ་ལྟར་ན། ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་ཤུགས་ཆེན་བྱེད་བཞིན་པ་དེས་པེ་ཅིན་གཞུང་གི་དཔོན་རིགས་ཚོར་དོ་ཕོག་བཟོ་བཞིན་ཡོད་འདུག གནས་ཚུལ་འདིའི་ནང་། “ ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༩ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཐོབ་ཐང་སྐོར་གྱི་ཚོགས་ཆེན་ཐེངས་ ༤ བ་པེ་ཅིན་དུ་ཚོགས་སྐབས། ལྕམ་ཧེ་ལ་རེ་མཆོག་གིས་ཚོགས་ཆེན་སྟེང་མཉམ་ཞུགས་བྱས་པའི་འཛམ་གླིང་རྒྱལ་ཁབ་ ༡༨༠ སྐུ་ཚབ་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ལ་སྐར་མ་ ༢༡ རིང་གི་གཏམ་བཤད་སྤེལ་ཏེ། ‘འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་རེད་ལ། བུད་མེད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་རེད’ ཅེས་པའི་ལྟ་ཚུལ་བཏོན་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༦ པར་ལྕམ་ཧེ་ལ་རེ་མཆོག་སྐུ་ཟླ་བྷེལ་ཁི་ལེན་ཊོན་དང་ལྷན་དུ་ཉིན་ ༩ རིང་རྒྱ་ནག་ནང་རྒྱལ་དོན་གཟིགས་སྐོར་དུ་ཕེབས་པ་དེ་ནི་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་ཐོག་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པའི་རྗེས་སུ། ཨ་རིའི་སྲིད་འཛིན་རྒྱ་ནག་ནང་ཕེབས་པ་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༧ པར་ཨ་རྒྱ་གཉིས་བར་དམག་དོན་དང་དཔལ་འབྱོར་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐོག་དང་པོ་དེ་རྒྱལ་ས་ཝ་ཤིན་ཊོན་དུ་ཚོགས་ཡོད་པ་དང་། སྐབས་དེར་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལ་རེ་མཆོག་ནས་ཕྱོགས་གཉིས་བར་ལོ་རེའི་གྲོས་མོལ་ཚོགས་འདུ་བསྐོང་དགོས་པའི་ཐད་ལ་སྐུལ་འདེད་བྱས་པ། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༧ པར་ཝེ་ཋི་ནམ་རྒྱལ་ནང་དུ་ཚོགས་པའི་ཨེ་ཤ་ཡའི་བདེ་འཇགས་སྐོར་གྱི་ཚོགས་ཆེན་སྟེང་ལྕམ་ཧེ་ལ་རེ་མཆོག་ནས་ཐོག་དང་པོར་རྒྱ་ནག་གིས་རང་གི་མངའ་ཁོངས་སུ་གླེང་བཞིན་པའི་ལྷོ་རྒྱུད་མཚོ་ཁུལ་གྱི་བདག་དབང་རྩོད་གླེང་ཐད་ནས་ཨ་རིའི་རྒྱལ་ཁབ་ཀྱང་མཚོ་ཁུལ་དེའི་རང་དབང་མཚོ་འགྲུལ་ལ་མོས་པ་ཆེན་པོ་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད།” ཅེས་འཁོད་འདུག

གསར་གནས་དེའི་ནང་མུ་མཐུད་དུ་ལྕམ་ཧེ་ལ་རེ་ཡིས་རྒྱ་ནག་ནང་གི་རང་དབང་དམངས་གཙོའི་ཐོག་འཛིན་པའི་རྣམ་འགྱུར་སྐོར་འཁོད་དོན། “ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༥ བར་ནུབ་རྒྱ་མཚོ་ཆེན་མོ་ (The Atlantic) ཞེས་པའི་ཨ་རིའི་བདུན་དེབ་ཁང་གིས་བཅར་འདྲིའི་སྐབས་སུ། ལྕམ་ཧེ་ལ་རེ་མཆོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཧ་ཅང་ཡི་མུག་སྐྱེ་དགོས་པ་ཞིག་ཡིན་པ་དང་། པེ་ཅིན་གཞུང་གིས་ཨ་རབ་དཔྱིད་ཀྱི་གསར་བརྗེ་ལ་འཛིན་པའི་རྣམ་འགྱུར་དེར་སེམས་ཁྲལ་སྐྱེ་གཞི་ཞིག་ཆགས་ཡོད་ཅིང་། རྣམ་འགྱུར་དེས་རང་དབང་དམངས་གཙོའི་ལོ་རྒྱུས་ལ་བཀག་རྒྱ་བཟོ་བའི་ལྟ་གོན་བྱེད་ཀྱི་ཡོད་སྟབས། རྣམ་འགྱུར་དེ་ནི་ལྐུག་པའི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ བར་རྒྱ་ནག་ཁྲང་ཅན་གྲོང་ཁྱེར་གྱི་ཉེན་རྟོག་དཔོན་ཝང་ལི་ཅིན་གྱིས་སུའུ་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་ཨ་རིའི་ཚོང་འབྲེལ་དོན་གཅོད་ཁང་ལ་སྐྱབས་བཅོལ་བའི་རེ་བ་འབྲས་མེད་དུ་མཐོང་རྗེས། ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་དེ་ཡང་དོགས་གཞིར་གྱུར་བ་དང་། སྐབས་དེར་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལ་རེ་མཆོག་གིས་ཨ་རིའི་ཕྱོགས་ནས་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་བརྒྱུད་སྐུ་ཞབས་ཝང་ལགས་ཕྱིར་རྒྱ་ནག་མི་མང་བདེ་འཇགས་ལས་ཁུངས་སུ་རྩིས་སྤྲོད་འདོད་ཡོད་སྟབས། པེ་ཅན་གཞུང་ཕྱོགས་ནས་འབྲེལ་ཡོད་མི་སྣ་སུ་ལའང་ངོ་གནོང་དགོས་དོན་མེད་སྐོར་བརྗོད་ཡོད་པ་དང་། སྐུ་ཞབས་ཝང་གི་གནད་དོན་དེས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོང་དོན་བློ་ཆེན་པོ་ཞི་ལེ་ཡི་དབང་ཤུགས་ལ་ཉམས་རྒུད་ཆེན་པོ་བསླངས་ཡོད་པ་རེད།

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༤ བར་ལྕམ་ཧེ་ལ་རེ་རྒྱ་ནག་ནང་དམག་དོན་དང་ཚོང་དོན་སྐོར་གྱི་ལོ་འཁོར་གྲོས་མོལ་ཚོགས་འདུ་ལ་མ་ཕེབས་སྔོན་དུ། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིན་གུང་ཁྲན་ལགས་རྒྱ་ནག་གཞུང་གི་བཟང་བཙོན་འོག་ནས་པེ་ཅིན་གྲོང་ཁྱེར་གྱི་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་བྱོལ་བྱས་པའི་གནས་ཚུལ་དང་འབྲེལ་ཏེ། ཕྱི་ལོ་ ༢༠༡༤ ལོར་པར་སྐྲུན་བྱས་པའི་ལྕམ་ཧེ་ལ་རེ་མཆོག་གི་མི་ཚེ་ལོ་རྒྱུས་ནང་གི་ཐག་གཅོད་དཀའ་བའི་འདམ་ག་ཞེས་པའི་ལེའུ་དེའི་ནང་ཁོང་མོས་ཅིང་ཙེ་མིན་སྲིད་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་སྐུ་ཞབས་ཁྲིན་གུང་ཁྲན་རྒྱ་ནག་གི་བཙོན་ཁང་ནས་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་བྱོལ་དུ་ཡོང་བའི་གནད་དོན་སོགས་ནི་དམར་ཤོག་ཚོགས་པའི་དཔོན་རིགས་ཚོ་རྒྱལ་སྤྱིའི་སྲིད་དོན་གར་སྟེགས་སྟེང་ཁོང་ཚོར་ངོ་གནོང་དགོས་པའི་གནས་སྟངས་ཤིག་ཡིན་པ་དང་། དེ་བཞིན་ཁོང་མོར་ཨ་རིའི་རྒྱབ་སྐྱོར་དང་དོ་སྣང་། སྲུང་སྐྱོབ་བཅས་ལ་འོས་བབ་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༥ ལོར་སྤྱི་ཚོགས་བརྒྱུད་ལམ་ཊི་ཝེ་ཊིར་ནང་ལྕམ་ཧེ་ལ་རེ་མཆོག་ནས་རྒྱལ་སྤྱིའི་བུད་མེད་ཀྱི་ཐོབ་ཐང་ཉིན་མོའི་སྔོན་ལ་རྒྱ་ནག་གཞུང་གིས་རྒྱ་རིགས་བུད་མེད་ཐོབ་ཐང་དོན་གཉེར་བ་བུ་མོ་ལྔ་བཀག་བསྐྱིལ་བྱས་ཡོད་པའི་སྐབས་འདིར། སྲིད་འཛིན་ཞི་ཅིན་ཕིན་ནེའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཐོབ་ཐང་སྐོར་གྱི་ཚོགས་ཆེན་བསྡུས་པ་དེ་ནི་ངོ་ཚ་དགོས་པའི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་ཡོད་པ་རེད།” ཅེས་སོགས་འཁོད་འདུག

ད་དུང་གནས་ཚུལ་དེའི་ནང་འདས་པའི་མི་ལོ་ ༢༡ རིང་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་མཆོག་ནི་ཨ་རིའི་སྲིད་འཛིན་སྐབས་ ༤༢ བའི་སྐུ་ལྕམ་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི། ཨ་རིའི་རྒྱལ་དོན་དྲུང་ཆེ། དེ་བཞིན་ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས་ ༥༧ དང་ ༥༨ བཅས་ཀྱི་འོས་མིར་བཞེངས་པའི་བརྒྱུད་རིམ་ཁྲོད་དུ་ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་གྲས་ནས་ལྕམ་ཧེ་ལ་རེ་མཆོག་ལ་འབྲེལ་འདྲིས་དང་རྒྱུས་ལོན་ཡོད་མཁན་རྒྱ་རིགས་མི་མང་ཐེར་འབུམ་ ༡.༣ ལྷག་ཟིན་གྱི་ཡོད་པ་དང་། དེ་ལ་བརྟེན་ནས་ལྕམ་ཧེ་ལ་རེ་མཆོག་ནི་རྒྱ་ནག་གཞུང་མང་གཉིས་ཀྱི་གླེང་གཞི་གཙོ་བོ་ཞིག་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་པའི་མི་སྣ་ཞིག་ཆགས་ཡོད་འདུག

ན་ནིང་ཕྱི་ཟླ་ ༤ བའི་ནང་ལྕམ་ཧེ་ལ་རེ་མཆོག་ནས་ཁོང་མོ་སྐབས་ ༥༨ པའི་ཨ་རིའི་སྲིད་འཛིན་འོས་མིར་བཞེངས་པ་གསལ་བསྒྲགས་བྱེད་སྐབས། རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་དྲ་ཚིགས་བརྒྱུད་ལམ་ནས་རྒྱ་ནག་མི་མང་གིས་ལྕམ་ཧེ་ལ་རེ་ནི་རྒན་མོ་འདྲེས་མོ་ཞིག་ཡིན་པའི་སྐུར་འདེབས་བྱས་པ་དང་། རྒྱ་རིགས་མི་མང་ཁ་ཅིག་གིས་གལ་ཏེ་ཁོང་མོར་སྲིད་འཛིན་རྒྱལ་ཁ་འཐོབ་པ་ཡིན་ན། མོས་འཛམ་གླིང་འཁྲུག་ཆེན་གསུམ་པ་བསླང་སྲིད་པའི་བསམ་ཚུལ་ཡང་བཏོན་ཡོད་ཚུལ་སོགས་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese