མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ལན་ཌིའི་རྒྱལ་པོ་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཐའེ་ལན་ཌིའི་རྒྱལ་པོ་བྷུ་མི་པོལ་ཨ་ཌོལ་ཡེ་ཌི་ཇི་ལགས་སྐུ་གྲོངས་ཏེ་རྒྱལ་སྲས་མཱ་ཧཱ་ཝེ་ཇི་ར་ལོང་ཀོན་གྱིས་རྒྱལ་སྲིད་འཛིན་དགོས་པ་ཁྱབ་བསྒྲགས་བྱས་ཡོད་འདུག

12ཁ་སང་ཐའེ་ལན་ཌིའི་ཉིན་རྒྱབ་ཆུ་ཚོད་ ༢།༢༢ ཐོག ཡུལ་དེའི་རྒྱལ་པོ་བྷུ་མི་པོལ་ཨ་ཌོལ་ཡེ་ཌི་ཇི་ (Bhumibol Adulyadej)ལགས་སྙུང་གཞིའི་རྐྱེན་གྱིས། རྒྱལ་ས་བྷན་ཁོག་ཏུ་ཡོད་པའི་རྒྱལ་ཡོངས་ཀྱི་སྨན་ཁང་ཆེ་ཤོས་(Siriraj Hospital)ནང་དགུང་གྲངས་ ༨༨ ཐོག་སྐུ་གྲོངས་ཡོད་པ་དང་། ཁོང་ལ་སྨན་བཅོས་བྱེད་སྐབས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཐོག་ནས་ཐའེ་ལན་ཌིའི་མི་མང་སྟོང་ཕྲག་མང་པོ་ཁོང་བཞུགས་སའི་སྨན་ཁང་དང་། སྲིད་གཞུང་གི་ལས་ཁུངས་མདུན་སོགས་སུ་འདུ་འཛོམས་བྱས་ཏེ། རྒྱལ་པོའི་སྐུ་པར་བཟུང་སྟེ་ཁོང་མྱུར་ཏུ་དྲག་སྐྱེད་ཡོང་བའི་སྨོན་ལམ་བརྒྱབ་ཡོད་ཀྱང་། ཡུན་རིང་གི་སྙུང་གཞི་དྲག་སྐྱེད་བྱུང་མ་ཐུབ་པར་སྐུ་གྲོངས་ཡོད་འདུག

Thailand Kingཁ་སང་ཐའེ་ལན་ཌིའི་སྲིད་བློན་པར་ཡོ་ཊི་ཅན་ཨོ་ཅཱ་(Prayut Chan-o-cha)ཡིས། ཐའེ་ལན་ཌིའི་རྒྱལ་སྲས་མཱ་ཧཱ་ཝེ་ཇི་ར་ལོང་ཀོན་(Maha Vajiralongkorn)གྱིས་རྒྱལ་སྲིད་འཛིན་པའི་དུས་ལ་བབས་ཡོད་སྐོར་ཁྱབ་བསྒྲགས་བྱས་ཡོད་སྟབས། ཆབ་སྲིད་དཔྱད་ཞིབ་པ་མང་པོས་རྒྱལ་སྲས་ཆབ་སྲིད་ལ་དོ་སྣང་ཆུང་ཞིང་། འཆལ་པོ་རྩུབ་སྤྱོད་ཆེ་བ། ལྷག་པར་དུ་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པའི་ཐའེ་ལན་ཌིའི་སྲིད་བློན་ཐི་སིན་ཞི་ནཱ་ཝཱ་ཊིར་(Thaksin Shinawatra )དང་སྒེར་འབྲེལ་ཟབ་མོ་ཡོད་པ་སོགས་ཀྱི་གླེང་གཞི་ཆེན་པོ་ཡོད་སྟབས། ཕྱི་ལོ་ ༡༩༧༠ ཙམ་ནས་བཟུང་ཐའེ་ལན་ཌིའི་མི་མང་གིས་རྒྱལ་སྲས་ཁོང་ལ་ལྟ་སྟངས་ལེགས་པོ་མེད་པར་བརྟེན། ཁོང་གིས་རྒྱལ་སྲིད་བཟུང་ན་ཡུལ་དེའི་ཆབ་སྲིད་བརྟན་ལྷིང་ཐད་དཀའ་རྙོག་ཡོང་བའི་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་འདུག ཐའེ་ལན་ཌིའི་མི་མང་གིས་དགུང་ལོ་ ༦༡ ཡིན་པའི་རྒྱལ་པོའི་སྲས་མོ་ཆུང་བ་མཱ་ཧཱ་ཅག་རི་སི་རིན་ཌོན་(Maha Chakri Sirindhorn)གྱིས་རྒྱལ་སྲིད་བཟུང་ན་འོས་འཚམ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ཐའེ་ལན་ཌིའི་རྩ་ཁྲིམས་ནང་བུད་མེད་ཀྱིས་རྒྱལ་སྲིད་འཛིན་ཆོག་གི་མེད་པ་རེད།

རྒྱལ་པོ་བྷུ་མི་པོལ་ཨ་ཌོལ་ཡེ་ཌི་ཇི་ལགས་ནི། འཛམ་གླིང་ཐོག་གི་རྒྱལ་པོའི་སྲིད་དབང་འཛིན་མཁན་རྒྱུན་རིང་ཤོས་དེ་ཆགས་ཡོད་པ་དང་། ཁོང་གིས་རྒྱལ་སྲིད་བཟུང་བའི་ལོ་ངོ་ ༧༠ ནང་ཐའེ་ལན་ཌིའི་སྲིད་བློན་ཐེངས་ ༣༥ ལ་འཕོ་འགྱུར་བྱུང་ཡོད་ཅིང་། ཁོང་གིས་སྲིད་བློན་རིམ་ཕེབས་དང་མཉམ་དུ་དམག་དོན་སྲིད་བསྒྱུར་ཐེངས་ ༢༠ ལྷག་གནང་ཡོད་པ་དང་། ཡུལ་དེའི་ནང་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་དཀའ་རྙོག་བྱུང་ཐེངས་རེ་རེར་ཁོང་དངོས་སུ་ཕེབས་ཏེ་ཐུགས་འཁུར་ཆེན་པོ་བཞེས་ཡོད་པ་མ་ཟད། རྒྱུན་དུ་དབུལ་ཕོངས་ས་ཁུལ་དུ་འཚམས་གཟིགས་སུ་ཕེབས་ཏེ་འབངས་ལ་བྱམས་ཤིང་འབངས་ཀྱི་འཚོ་བར་ཐུགས་འཁུར་ཆེན་པོ་གནང་ཡོད་པར་བརྟེན། མི་མང་གིས་ཁོང་ལ་གུས་བརྩི་དང་དགའ་མོས་ཤུགས་ཆེན་ཞུ་ཡི་ཡོད་པ་དང་། ཁོང་སྐུ་གྲོངས་རྗེས་རྒྱལ་སྲིད་འཛིན་སྐྱོང་གི་གནད་དོན་ཐད་རྒྱལ་ཡོངས་ནང་དོ་སྣང་དང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༨ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

མཆན། 1

  1. ཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༅༅། མི་རྟག་པ་ནི་རང་རང་སོ་སོའི་སྟེང། དུས་དང་རྣམ་པ་ཀུན་ཏུ་ཡོད་ཀྱང་ཡོད།
    རྗེ་བཙུན་མི་ལ་རས་པ་མཆོག་གི་གསུང་ལས།
    ང་སྔ་དྲོ་ཡོད་ཀྱང་ཕྱི་དྲོ་མེད།
    ང་ད་རིང་ཡོད་ལ་སང་ཉིན་མེད།
    ང་ད་ལྟ་ཡོད་ཀྱང་ད་ལྟ་མེད།
    ང་ཡོང་ཡང་གཅིག་པུར་ཡོང་བ་ཡིན།
    ང་འགྲོ་ཡང་གཅིག་པུར་འགྲོ་གི་ཡིན།
    ང་རྣལ་འབྱོར་གྱི་བསམ་པ་རྗོགས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese