མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཨ་རིའི་སྒྱུ་རྩལ་པ་བྷོ་བྷི་ཌེ་ལཱན་ལ་ཐོབ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཨ་རིའི་གླུ་གཞས་སྒྱུ་རྩལ་པ་གྲགས་ཆེན་སྐུ་ཞབས་བྷོ་བྷི་ཌེ་ལཱན་ལགས་སུ་བསྩལ་ཡོད་འདུག

ཁ་སང་བྷེ་བྷེ་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནོ་བྟེལ་རྩོམ་རིག་ཚོགས་ཆུང་ནས་ད་ལོའི་ནོ་བྷེལ་རྩོམ་རིག་གཟེངས་དེ་ཨ་རིའི་གླུ་གཞས་སྒྱུ་རྩལ་པ་གྲགས་ཅན་བྷོ་བྷི་ཌེ་ལཱན་ (Bob Dylan) ལགས་སུ་ཕུལ་ཡོད་པ་དང་། དེ་ཡང་ཁོང་གི་འདས་པའི་མི་ལོ་ ༥༠ ལྷག་རིང་ཨ་རིའི་སྲོལ་རྒྱུན་དམངས་གླུའི་ཁྲོད་དུ་སྙན་ངག་གི་ཉམས་འགྱུར་ལྡན་པའི་གླུ་གཞས་གསར་རྩོམ་གནང་བའི་མཛད་རྗེས་ལ་གཞིགས་ཏེ་ཕུལ་བ་ཞིག་ཡིན་འདུག

རང་ལོ་ ༧༥ ལ་ཕེབས་པའི་སྐུ་ཞབས་ཌེ་ལཱན་ལགས་ནི་ཨ་རིའི་གཞས་ཚིག་རྩོམ་པ་པོ་དང་དབྱངས་རྩོམ་པ་པོ། སྒྲུང་རྩོམ་མཁན་དང་སྙན་ངག་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་གསར་རྩོམ་གནང་བའི་གླུ་གཞས་ལ་སྤྱི་ཚོགས་ཆབ་སྲིད་དང་། མཚན་ཉིད་རྩོམ་རིག་སྒྱུ་རྩལ་བཅས་ཀྱི་ཤུགས་རྐྱེན་ཆེན་པོ་ལྡན་ཞིང་། དམངས་ཁྲོད་རྩོམ་རིག་དཔྱད་བརྗོད་པ་ཚོས་ཁོང་ནི་ཨ་རིའི་དེང་རབས་གླུ་གཞས་རྩོམ་རིག་གི་འཐུས་ཚབ་པར་འགྲེལ་བརྗོད་གནང་གི་ཡོད་འདུག

ཁོང་གིས་གསར་རྩོམ་གནང་བའི་དམངས་གླུ་དང་རོལ་དབྱངས་ལ་དགའ་སྐྱོ་ཟུང་ལྡན་དང་ཡིད་རྟོན་གྱི་ཚོར་ཤུགས་ཆེན་པོ་ལྡན་སྟབས། མི་མང་གིས་ཁོང་གི་གླུ་གཞས་དང་རོལ་དབྱངས་ལ་དགའ་མགུ་དང་གདེང་འཇོག་ཆེན་པོ་གནང་གི་ཡོད་ཅིང་། ཁོང་གི་ཆེས་མིང་དུ་གྲགས་པའི་གླུ་གཞས་གཙོ་བོར་རང་དབང་གི་ཅོང་བརྡ་ “Chimes of Freedom”དང“རླུང་ཁྲོད་ན་འཕྱོ”“Blowin’ in wind” “དུས་ནས་དུས་སུ་ཁོ་ཚོ་འགྱུར་གྱིན་འདུག”“The times they are a-changin” ཅེས་བ་སོགས་ཡོད་འདུག

སྐུ་ཞབས་ཌེ་ལཱན་ལགས་ནི་ཕྱི་ལོ་ ༡༩༤༡ ཟླ་ ༥ ཚེས་ ༢༤ ཉིན་ཨ་རིའི་བྱང་དཀྱིལ་མངའ་སྡེ་མེ་ནི་སོ་ཊ་ (Minnesota) ཡི་ཌུ་ལུ་ཐ་ (Duluth) གྲོང་ཁྱེར་དུ་སྐྱེས་ཤིང་མངའ་དེའི་ཧེ་བྷེན་ (Hibbing) གྲོང་ཁུལ་དུ་འཚར་ལོངས་བྱུང་། ཁོང་ལོ་ན་ཆུང་དུས་ནས་རོལ་དབྱངས་སྒྱུ་རྩལ་ཕྱོགས་ལ་དོ་སྣང་ཆེན་པོ་ཡོད་སྟབས། རང་ལོ་ ༡༠ སྟེང་ནས་རྣོ་སྤྲེང་གཙོས་པའི་རོལ་ཆ་སྣ་ཚོགས་ལ་སྦྱོང་བརྩོན་བྱས་ཏེ་མཐོ་འབྲིང་སྐབས་རོལ་དབྱངས་ཚོགས་པ་ཐེངས་འགར་བཙུགས་པ་དང་། ཧེ་བྷེན་མཐོ་འབྲིང་ནས་སློབ་མཐར་ཕྱིན་རྗེས། ཁོང་མེ་ནི་སོ་ཊ་སློབ་ཆེན་དུ་ཞུགས་ཤིང་། སྐབས་དེ་ནས་བཟུང་གིས་ཁོང་གིས་ཨ་རིའི་དམངས་ཁྲོད་གླུ་གཞས་དང་རོལ་དབྱངས་ཕྱོགས་ལ་སློབ་སྦྱོང་དང་། གླུ་གཞས་སྒྱུ་རྩལ་དང་གསར་རྩོམ་གྱི་ལམ་དུ་ཞུགས་ཡོད་འདུག

ཕྱི་ལོ་ ༢༠༡༡ ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་སི་ཝེ་ཌིན་གྱི་རྩོམ་རིག་མཁན་པོ་ཊི་རན་སི་ཊི་རོ་མིར་ (Transtromer) ལགས་ལ་བསྩལ་ཡོད་པ་དང་། ༢༠༡༢ ལོར་རྒྱ་རིགས་རྩོམ་པ་པོ་མོ་ཡན་ (Mo Yan)། ༢༠༡༣ ལོར་ཁེ་ན་ཌའི་རྩོམ་པ་པོ་མུན་རོ་ (Munro)། ༢༠༡༤ ལོར་ཧྥ་རན་སིའི་རྩོམ་པ་པོ་མོ་ཌེ་ཡ་ནོ་ (Modiano)། ༢༠༡༥ ལོར་བྷི་ལ་རུ་ས་ཡི་རྩོམ་པ་པོ་ཨ་ལེ་ཁི་སི་བེ་ཆ་ (Alexievich) ལགས་བཅས་སུ་བསྩལ་ཡོད་རེད། ཕྱི་ལོ་ ༡༩༠༡ ལོ་ནས་ ༢༠༡༦ བར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐེངས་ ༡༠༩ ལ་བསྩལ་ཡོད་པའི་ཁྲོད་ནས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དངོས་སུ་བཞེས་མཁན་ ༡༡༣ བྱུང་ཡོད་པ་དང་། ཐེངས་འདིའི་སྐུ་ཞབས་བྷོ་བྷི་ཌེ་ལཱན་ལགས་ནི་ཨ་རིའི་ནང་ནོ་བྷེལ་རྩོམ་རིག་གཟེངས་རྟགས་བཞེས་མཁན་ཨང་ ༡༤ བ་དེ་ཆགས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    གཞས་པ་གྲགས་ཅན་ཁོ་རང་གིས་ཐེངས་འདིའི་རྩོམ་རིག་བྱ་དགའ་ལེན་པར་ངོས་ལེན་བྱེད་ཀྱི་མེད་པ་འདྲ། རྩོམ་རིགས་བྱ་དགའ་སྤྲོད་མཁན་གྱིས་དུས་ཚོད་ཉེར་བཞི་རིང་ཁོ་རང་སྒེར་ལ་ཐད་ཀར་འབྲེལ་བ་བྱེད་ཐུབ་པར་ལྟོས་ན་ཕལ་ཆེར་ཁོ་རང་གིས་ནོར་བྷེ་རྩོམ་རིགས་གཟེངས་རྟགས་ལེན་གྱི་མེད་པའི་ཚོད་དཔག་བྱས་འདུག སྔོན་མ་ཧྤ་རན་སུའི་རྩོམ་པ་པོ་ཇམ་གྱིས་རྩོམ་རིག་བྱ་དགའ་འདི་ངོས་ལེན་བྱས་མི་འདུག

    Reply
  2. ཤག་སྒང་པ་སངས་ཚེ་རིང་། says:
    ལོ་ 9 སྔོན།

    སྐུ་ཞབས་བྷོབ་ཊཱེ་ལེན་ཏེ་ཨ་རིའི་སྲོལ་རྒྱུན་གཞིར་བཅས་ཀྱི་གླུ་པ་གྲགས་ཅན་དང་སྙན་ངག་པ་ཁོང་ལ་སྒྱུ་རྩལ་རང་བཞིན་གྱི་ནོ་བྷེལ་གཟེངས་རྟགས་ཐོབ་པར་དགའ་བསུའི་བཀྲིས་བདེ་ལེགས་ཞུ།

    གསར་འགོད་པའི་ཁོང་ལ་གཟེངས་རྟགས་ཐོབ་པའི་ཚབ་མཚོན་གླུ་དབྱངས་ཀྱི་འབྲེལ་ཐག་མཉམ་སྦྱར་མ་ཐུབ་པ་དེས་ཀློག་པ་པོར་སྟོང་ཆ་ཞིག་མཐོང་། གསར་འགྱུར་བོད་སྐད་དུ་བསྐུར་བར་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese