མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་ཐོན་པ་ཇེ་མང་དུ་སོང་བས་དབྱིན་ཡུལ་གྱི་དཔལ་འབྱོར་ལ་དོ་ཕོག

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ལ་རི་ཨི་ལོ་(Larry Elliott)ཡིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

ལས་རྩོལ་གྱི་ཁྲོམ་རའི་(labour market)གནས་བབ་དང་དགོས་མཁོའི་ནུས་རྩལ་(skill)མི་མཚུངས་བའི་དབང་གིས་མཐོ་རིམ་སློབ་གཉེར་ཇི་ཙམ་འཕེལ་རྒྱས་འགྲོ་བ་དེ་ཙམ་གྱིས་ལས་བདག་(employer)དང་སློབ་ཕྲུག་གཉིས་ཀར་དཀའ་ངལ་གྱི་རང་བཞིན་ཆགས་ཡོད། མཐོ་རིམ་སློབ་ཐོན་པ་མང་པོ་ཞིག་ལ་མཐོ་སློབ་འགྲིམ་སྐབས་ཀྱི་འགྲོ་གྲོན་ལས་ལས་ཀའི་ཡོང་འབབ་ཉུང་བ་ཡོད།

4000

དབྱིན་ཡུལ་གྱི་ཆེད་ལས་མི་སྣ་འཕེལ་རྒྱས་ལྟེ་གནས་ཁང་གིས་(Chartered Institute of Personnel and Development)གསར་དུ་ཞིབ་འཇུག་བྱས་པ་བརྒྱུད། དེ་སྔ་སློབ་གྲྭར་མུ་འཐུད་འགྲོ་སྐྱོད་མི་ཐུབ་པའི་མི་རྣམས་ཀྱི་ཟུར་བཅད་ཀྱི་ལས་རིགས་ཏེ། དངུལ་ཁང་ལས་དོན་དང་། སྐོར་སྲུང་ལས་དོན། ས་ཁང་ཚོང་ལས་སོགས་ད་ཆ་མཐོ་རིམ་སློབ་ཐོན་པས་དབང་སྒྱུར་བྱེད་ཀྱི་ཡོད་པར་བརྟེན། སྲིད་གཞུང་གིས་སློབ་ཕྲུག་གང་མང་མཐོ་རིམ་སློབ་གྲྭ་འགྲིམ་ཐུབ་པའི་སྲིད་ཇུས་དང་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།

ལྟེ་གནས་ཁང་(CIPD)དེས་ཆེད་ལས་གོང་འཕེལ་གྱི་ལས་དོན་གཉེར་བའི་མི་སྣ་མང་པོའི་བསམ་ཚུལ་གཅིག་མཐུན་ཤེས་རྟོགས་བྱུང་བ་ཞིག་ནི། གཞོན་སྐྱེས་རྣམས་མཐོ་རིམ་སློབ་སྦྱོང་བྱེད་གལ་ཆེ་བའི་ལྟ་བ་དེ་ད་ཆ་ཁས་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པ་དང་། སློབ་ཡོན་བུན་གཡར་གྱིས་མདུན་ལམ་འཚོལ་སྙེགས་བྱེད་མཁན་མང་པོས་སློབ་སྦྱོང་རྒྱུན་སྐྱོང་བྱེད་མ་ཐུབ་པར་ལུས་ཀྱི་ཡོད་དེ་དག་ཡིན།

གཞུང་འཛིན་ཚོགས་པ་ཚང་མས་མཐོ་རིམ་སློབ་གཉེར་ཁང་ཇི་ཙམ་འཛུགས་སྐྲུན་དང་འཕེལ་རྒྱས་ཕྱིན་པ་དེ་ཙམ་གྱིས་མཐོ་རིམ་སློབ་ཐོན་པའི་འཚོ་བའི་གནས་སྟངས་དང་། དཔལ་འབྱོར་གྱི་ཡོང་འབབ་བཟང་བ་མ་ཟད། སློབ་ཡོན་དང་ཟུར་ཁྲིད། དེ་བཞིན་སློབ་གཉེར་བྱེད་སྐབས་ཀྱི་འགྲོ་གྲོན་རྣམས་གུན་གསབ་བྱེད་ཐུབ་པའི་ཡིད་ཆེས་དང་ཁས་ལེན་བྱེད་ཀྱིོ་ཡོད། འོན་ཀྱང་ལྟེ་གནས་ཁང་(CIPD)དེས་ཞིབ་འཇུག་བྱུས་པ་བརྒྱུད། མཐོ་རིམ་སློབ་ཐོན་པ་སྤྱིས་སློབ་ཡོན་བུ་ལོན་རིམ་གཡར་གྱིས་ཆ་སྙོམས་དབྱིན་སྐོར་ ༤༠.༠༠༠ ཙམ་ཟིན་གྱི་ཡོད་པ་དང་། གཞུང་འབྲེལ་ཐོག་ཚོད་དཔག་བྱས་པ་ལྟར་ན་སློབ་ཡོན་བུ་ལོན་གྱི་བརྒྱ་ཆ་ ༤༥% ནམ་ཡང་ཕྱིར་སྤྲོད་བྱེད་ཐུབ་ཀྱི་མེད་པ་རེད།

དེ་སྔོན་ཞིབ་འཇུག་བྱས་པ་ཞིག་གི་ནང་གསལ་བར་གཞིགས་ན། མཐོ་རིམ་སློབ་ཐོན་པ་བརྒྱ་ཆ་ ༥༠% ལྷག་སློབ་ཐོན་གྱི་ཤེས་ཚད་མི་དགོས་པའི་ལས་རིགས་གཉེར་གྱིན་ཡོད་པ་དང་། ལྟེ་གནས་ཁང་དེས་ད་ལྟའི་སྲིད་ཇུས་དང་ལམ་ལུགས་ཀྱིས་མཐོ་རིམ་སློབ་ཐོན་པར་དོ་ཕོག་འགྲོ་བ་ཙམ་དུ་མ་ཟད། སློབ་གྲྭ་རྒྱུན་སྐྱོང་མ་བྱས་ཤིང་སློབ་ཐོན་གྱི་ཤེས་ཚད་མི་དགོས་པའི་ལས་ཀར་ཞུགས་པའི་མི་རྣམས་ལ་མཐོང་ཆུང་བྱ་ཡུལ་དུ་གྱུར་བས་དེ་བས་དོ་ཕོག་འགྲོ་གི་ཡོད་ཅེས་བརྗོད།

ལྟེ་གནས་ཁང་གིས་དབྱིན་ཡུལ་གྱི་ལས་རྩོལ་མི་སྣ་སྤྱིའི་གསུམ་ཆ་གཅིག་ཙམ་གྱིས་ལས་དོན་གཉེར་ཡུལ་མི་འདྲ་བ་ ༢༩ ཞིབ་འཇུག་བྱས་མཐར། དངུལ་ཁང་དང་སྦྲགས་ཁང་ནང་མཐོ་རིམ་སློབ་ཐོན་པས་དྲུང་ཡིག་སོགས་ཡིག་འབྲེལ་གྱི་ལས་དོན་ཙག་ཙིག་གཉེར་བཞིན་པ་བརྒྱ་ཆ་ ༣༥% ཡིན་པ་དང་། ཕྱི་ལོ་ ༡༩༧༩ ལོ་ནས་ལྡབ་བཅུ་འཕར་ཡོད། ཉེན་རྟོག་སྐོར་སྲུང་རིམ་པ་འབྲིང་བ་དང་དམའ་བའི་ནང་མཐོ་རིམ་སློབ་ཐོན་པ་འཛུལ་ཞུགས་བྱས་པ་སྤྱིའི་བརྒྱ་ཆ་ ༤༣.༩% ཡིན་པ་དང་ཕྱི་ལོ་ ༡༩༧༩ ལོར་བརྒྱ་ཆ་ ༢% ལས་མེད། དེ་བཞིན་དངོས་ཟོག་ཚོང་འབྲེལ་དང་འཛུགས་སྐྲུན་ལས་རིགས་སོགས་ཀྱི་ནང་ལས་བྱེད་པ་བརྒྱ་ཆ་ ༤༡% ཡིན་པ་དང་། ཕྱི་ལོ་ ༡༩༧༩ ལོར་བརྒྱ་ཆ་ ༣.༦% ལས་མེད། དགེ་རྒན་གྱི་ལས་གནས་གཉེར་བཞིན་པ་ཕྱི་ལོ་ ༡༩༧༩ ལོའི་བརྒྱ་ཆ་ ༥.༦% ནས་ད་ཆ་བརྒྱ་ཆ་ ༣༦.༩% འཕར་ཡོད་པ་རེད། ཕྱི་ལོ་ ༡༩༧༩ ལོར་གཞོན་སྐྱེས་བརྒྱ་ཆ་ ༡༢% ཙམ་ཀྱིས་མཐོ་རིམ་སློབ་སྦྱོང་བྱས་ཡོད་པ་ལས། ཕྱི་ལོ་ ༢༠༡༤ ནས་ཕྱི་ལོ་ ༢༠༡༥ བར་ལྡབ་བཞི་འཕར་ཡོད།

ཆེད་ལས་མི་སྣ་འཕེལ་རྒྱས་ལྟེ་གནས་ཁང་(CIPD)གི་གཙོ་འཛིན་པི་ཊར་ཅི་སི་(Peter Cheese)ཡིས་ཞིབ་འཇུག་གི་སྙན་ཐོ་ལས་གསལ་པོ་ཤེས་ཐུབ་པ་ནི། འདས་པའི་ལོ་ངོ་ ༣༥ རིང་མཐོ་རིམ་སློབ་གཉེར་བྱེད་པའི་དགོས་པ་གལ་ཆེར་ངོས་འཛིན་བྱས་པར་བརྟེན། སློབ་ཐོན་པའི་གྲངས་འབོར་གྱིས་ཤེས་ཚད་དང་ལག་འཁྱེར་དགོས་མིན་ལ་མ་ལྟོར་པར་འཚོ་ཐབས་དང་ལས་གནས་གང་ཅིར་དབང་སྒྱུར་བྱས་ཡོད་ཅེས་དང་།

གཞུང་འཛིན་པ་སུ་འདྲ་ཞིག་ཡིན་རུང་སློབ་ཕྲུག་ཇེ་མང་ནས་ཇེ་མང་མཐོ་རིམ་སློབ་གཉེར་བྱེད་པའི་སྐུལ་མ་དང་བློ་སྐྱེད་སྤེལ་ཡོད། འོན་ཀྱང་། ད་རེས་ཀྱི་ཞིབ་འཇུག་འདིས་མཐོ་རིམ་སློབ་ཐོན་པའི་ལས་གནས་ཀྱི་ཡོང་འབབ་ཀྱིས་མཐོ་སློབ་འགྲིམ་སྐབས་ཀྱི་འགྲོ་གྲོན་ཟིལ་གྱིས་གནོན་མི་ཐུབ་པ་ཤེས་རྟོགས་ཐུབ་པ་བཟོས་ཡོད། ང་ཚོར་དགོས་པ་ནི་ལས་རིགས་ཐོག་དམིགས་རྟེན་བཟང་ལ་ཤེས་ཚད་དང་སྤུས་ཚད་ལྡན་པའི་ལམ་བུ་སྐྲུན་རྒྱུ་དེ་ཡིན་ཞེས་བརྗོད།

ལྟེ་གནས་ཁང་གི་(CIPD)སྙན་ཐོ་དེས་མཐོ་རིམ་སློབ་གྲྭའི་སློབ་ཚན་རྣམས་ཡང་སྙིང་སློབ་ཕྲུག་ཀུན་ལ་དགོས་མཁོ་ཅན་ཡིན་མིན་གྱི་བགྲོ་གླེང་ནན་པོ་བྱ་རྒྱུ་ཡིན་པ་གདོན་མི་ཟ་བ་ཆགས་ཡོད། ད་ཡོད་ཀྱི་ལམ་ལུགས་ལ་རྒྱབ་སྐྱོར་བ་ཚོས། གལ་ཏེ་མཐོ་རིམ་སློབ་གཉེར་གྱི་གྲངས་ཚད་ཉུང་དུ་བཏང་ཚེ་འབྱོར་ལྡན་ཁྱིམ་ཚང་གི་ཕྲུ་གུ་ཚོས་ཤེས་ཚད་མཐོ་བའི་ལས་གནས་དབང་སྒྱུར་བྱེད་ཚུལ་བརྗོད་ཀྱི་ཡོད།

ལྟེ་གནས་ཁང་གིས་གཞུང་འཛིན་བློན་ཆེན་རྣམས་ཀྱིས་སློབ་ཕྲུག་གི་མདུན་ལམ་ལ་བསམ་གཞིགས་དང་། མ་འོངས་དམིགས་འདུན་ཁ གསལ་ངོས་འཛིན་ཐུབ་པ་དང་ར་སྤྲོད་ཐུབ་པ་བཟོ་དགོས་ལ། མཐོ་རིམ་སློབ་ཐོན་པའི་གྲངས་འབོར་ལས་ཤེས་ཚད་དང་འཇོན་ཐང་གལ་འགངས་ཆེ་བ་བརྩི་དགོས་པའི་འབོད་སྐུལ་བྱས་ཡོད།

པི་ཊར་ཅི་སི་ཡིས་ད་བར་དབྱིན་ཡུལ་དུ་འཛམ་གླིང་ནང་གི་སྤུས་ཚད་ལྡན་པའི་ཤེས་ཡོན་ལམ་ལུགས་དགོས་སྐོར་གླེང་སློང་བྱས་མེད་ཀྱང་། ཞིབ་འཇུག་སྙན་ཐོ་འདིས་མཐོ་རིམ་སློབ་མའི་གྲངས་འབོར་དང་། དམིགས་ཡུལ། ཤེས་ཚད་སོགས་ཀྱིས་སློབ་ཐོན་པའི་རིན་ཐང་དང་ལས་བདག་(employers)གི་ཁེ་ཕན། རྒྱལ་ཁབ་ཀྱི་དཔལ་འབྱོར་(Economy)སོགས་ལ་ཁེ་ཉེན་ཇི་ཙམ་ཡོད་མེད་རྟོག་ཞིབ་ནན་པོ་བྱེད་པའི་གླེང་གཞི་བསྐྲུན་ཡོད་ཅེས་བརྗོད།

མཐོ་རིམ་སློབ་ཐོན་པ་རྣམས་ལ་མཚོན་ན་རང་ཉིད་ཀྱི་འདུན་པ་དང་ཡོངས་སུ་འགལ་བའི་ལས་དོན་གཉེར་དགོས་པ་མ་ཟད། བུ་ལོན་གྱི་ཁུར་པོ་ལྗིད་པོས་མནན་ཏེ་སྡོད་དགོས་ཀྱི་ཡོད། ལས་རྩོལ་གྱི་ཁྲོམ་ར་(labour market)སློབ་ཐོན་པས་དབང་སྒྱུར་བྱས་པ་དེས་ལས་མི་གཞན་རྣམས་ལ་སློབ་ཐོན་ལག་འཁྱེར་མེད་པའི་མཐོང་ཆུང་གི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད། དེ་ཡང་མཇུག་འབྲས་ལེགས་པ་ཞིག་ག་ལ་ཡིན།

 

མ་རྩོམ་འབྲེལ་ཐག www.theguardian.com/money/2016/oct/11/huge-increase-in-number-of-graduates-bad-for-uk-economy

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༢༡ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༣ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese