མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སའི་རྒྱ་གར་ཡུལ་མི་ཚོར་ཡང་ཁོར་ཡུག་གཙང་བཟོའི་འགན་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་རྒྱ་གར་ས་གནས་མི་མང་ནས་བོད་ཀྱི་གནས་ཚུལ་ཡང་དག་པ་ཤེས་པའི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་།

tibettimes

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག དྷ་ས་མེག་གྷན་རླངས་འཁོར་འབབ་ཚིགས་སུ། ཁོར་ཡུག་གཙང་བཟོ་དང་འབྲེལ་ཏེ་ས་གནས་རྒྱ་གར་མི་མང་ལ་བོད་དོན་ཐོག་གོ་རྟོགས་སྤེལ་ཐབས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་དེའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རྗེ་སན་ལགས་གཉིས་གཙོས་པའི་དྷ་ས་ཁུལ་གྱི་ཧིན་བོད་མི་མང་དང་། དགོན་སྡེ་ཁག་གི་གྲྭ་བཙུན་སོགས་མི་མང་ ༢༠༠ ལྷག་འཛོམས་འདུག

སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དྷ་རམ་ས་ལ་ཁུལ་གྱི་རྒྱ་གར་ཡུལ་མི་ཚོས་ཁོར་ཡུག་གཙང་བཟོའི་ཐོག་དོ་སྣང་སྤྲོད་དགོས་སྐོར་དང་འབྲེལ་ཏེ་བོད་དོན་ལ་རྒྱབ་སྐྱོར་གནང་གལ་ཆེ་སྐོར་ཡང་གསུངས་ཡོད་པ་རེད།

ཚོགས་གཞོན་མཆོག་གིས་གསུངས་དོན། དེ་རིང་འདིར་ཁོར་ཡུག་གཙང་མ་བཟོ་བའི་ལས་འཆར་དེ་རྩ་བའི་རྒྱ་གར་ས་གནས་མི་མང་ནང་བོད་དོན་ཐོག་གོ་རྟོགས་ཆེད་ཡིན་པ་དང་། ཁ་ཉིན་ཁོར་ཡུག་གཙང་བཟོའི་ལས་འགུལ་དེ་སྤེལ་ཐུབ་མེད་སྟབས། དེ་རིང་འདིར་བོད་དོན་ཐོག་གོ་རྟོགས་ཐབས་དང་མཉམ་དུ་ལས་རིམ་བང་སྒྲིག་པ་ཡིན་ཞིང་། སྤྱིར་བོད་དོན་གོ་རྟོགས་ཐབས་དེ་ཚོགས་ཁང་ནང་མཁས་དབང་ཚོ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ཙམ་མ་ཡིན་པར་མི་མང་དཀྱུས་མའི་ནང་ལ་བོད་དོན་གོ་རྟོགས་སྤེལ་ན་མ་གཏོགས། ས་གནས་མི་མང་རྣམས་བོད་དོན་ལས་འགུལ་ཐོག་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་སྟབས། དེ་རིང་གི་ལས་འགུལ་དེ་གཙོ་བོ་བོད་དོན་གོ་རྟོགས་སྤེལ་ཐབས་ཀྱི་ལས་འགུལ་ཞིག་ཆགས་ཡོད་པ་དང་། འཛམ་གླིང་མི་མང་གིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱི་རྒྱལ་ནས་ཡོང་མཁན་ཚོས་བོད་དོན་སྐོར་གྱི་གནས་ཚུལ་ཐད་རྟོགས་ཞིབ་དང་ཉམས་ཞིབ་བྱེད་ཀྱིན་ཡོད་ནའང་། འདི་གའི་རྒྱ་གར་མི་མང་གིས་བོད་ཀྱི་རྩ་དོན་སྐོར་ལ་དོ་སྣང་གང་ཡང་མེད་པ་དང་། གནས་ཚུལ་ཆུང་ཆུང་དེ་ཚོ་རྙོག་དྲ་ཆེན་པོར་མཐོང་ནས་ཧ་ལས་ཧང་སང་བསྡད་ཡོད། ང་ཚོ་འདིར་མི་ཚེ་བསྐྱེལ་དུ་ཡོང་ཡོད་པ་མ་རེད། འཛམ་གླིང་མི་མང་གིས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐུག་འཕྲད་དང་ཁོང་གི་དགོངས་གཞིའི་ཐོག་རྒྱབ་སྐྱོར་གནང་གི་ཡོད་པ་ལྟར། ཁྱེད་རང་ཚོ་རྒྱ་གར་མི་མང་གི་ངོས་ནས་ཀྱང་བོད་ཀྱི་གནས་ཚུལ་ཡང་དག་པ་ཤེས་པའི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་པ་དང་། རྒྱ་གར་མི་མང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་རོགས་གནང་ཞེས་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དེ་མཁས་པ་དང་ལས་ཁུངས་ནང་ལས་ཀ་བྱེད་མཁན་གཅིག་པུ་ཙམ་མིན་པར། སྔོ་ཚལ་འཚོང་མཁན་ནས་ཟ་ཁང་ཚོང་ཁང་མགྲོན་ཁང་འཛིན་མཁན་ཡོངས་སུ་རྫོགས་པའི་རྒྱབ་སྐྱོར་དགོས་ཀྱི་ཡོད་མ་གཏོགས། ང་ཚོར་རྐུབ་སྟེགས་སྟེང་སྡོད་མཁན་གཅིག་པུའི་རྒྱབ་སྐྱོར་གྱིས་འགྲིག་གི་ཡོད་པ་མ་རེད། རྒྱ་གར་གྱི་དབུ་ཁྲིད་མང་པོ་ཞིག་གིས་རྒྱ་གར་མི་མང་གིས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་དགོས་པ་གནད་འགག་ཡིན་སྐོར་གསུང་གི་ཡོད་པ་ལྟར། རྒྱལ་བ་རིན་པོ་ཆེ་མཆོག་ལ་དངོས་གནས་དྲང་བདེན་གུས་ཞབས་ཡོད་པ་ཡིན་ན། རྒྱལ་བ་རིན་ཆེ་མཆོག་གི་ཐུགས་ཀྱི་དགོངས་གཞིའི་ཐོག་ནས་ཁྱེད་རང་ཚོས་བོད་ཀྱི་རྩ་དོན་ཐོག་ལ་རྒྱབ་སྐྱོར་གནང་རོགས། བཙན་བྱོལ་བོད་མི་ཚོ་ཕྱིར་བོད་ལ་ལོག་ཐུབ་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན་པ་ལས། ང་ཚོ་འདིར་གཏན་འཇགས་སུ་སྡོད་འཆར་ཡོད་པ་མ་རེད། ང་ཚོ་བཙོན་བྱོལ་ནང་འབྱོར་ནས་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་སོགས་ཧིན་སྐད་ནང་སྒྲོག་སྦྱངས་བྱས་ཡོད་སྐོར་གསུངས་སོང་།

tibettimes-1

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ནས་དྷ་ས་ཁུལ་གྱི་ཧིན་བོད་སེར་སྐྱ་མི་མང་གིས་བཞུགས་སྒར་ས་ཁུལ་གྱི་གཞུང་ལམ་གཡས་གཡོན་དང་ཟ་ཁང་ཚོང་ཁང་ཁག་གི་གཡས་གཡོན་གང་སའི་གད་སྙིགས་གཙང་བཟོ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese