མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་ཝན་ནང་གི་བོད་པ་ཚོས་སྐྱབས་བཅོལ་ཡིག་ཆ་རེག་ཐབས་ལ་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན། ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་གྲོང་ཁྱེར་གྱི་སྲིད་བློན་ལས་ཁུངས་མདུན་དུ། ཐེ་ཝན་ནང་གི་བོད་པ་གནས་སྡོད་ཆོག་པའི་ཡིག་ཆ་སོགས་གང་ཡང་མེད་པའི་སྐྱབས་བཅོལ་བ་ ༡༧ གྱིས་སྐྱབས་བཅོལ་ཡིག་ཅ་རེག་ཐབས་ལ་ཞི་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་འདུག

IMG_7043 (1)

ལས་འགུལ་དེའི་སྐོར་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། སྤྱིར་ཐེ་ཝན་གཞུང་ལ་སྐྱབས་བཅོལ་དུ་ལེན་པའི་ཁྲིམས་དེ་ཡོད་པ་མ་རེད། ཡིན་ནའང་ད་བར་བོད་པ་ཚོའི་ཐོག་ལ་ཡག་པོ་ཞེ་དྲགས་གནང་གི་ཡོད་པ་རེད། ལྷག་པར་དུ་ཉེ་ལམ་ཕྱི་ཟླ་ ༥ པའི་ནང་ལ་ཐེ་ཝན་དམངས་གཙོ་ཡར་འཐོན་ཚོགས་པས་གཞུང་བཟུང་བ་ནས་བཟུང་བོད་པ་སྐྱབས་བཅོལ་བ་ཚོར་ཡིག་ཆ་རེག་རྒྱུར་རེ་བ་ཆེན་པོ་ཞིག་བསླེབས་ཡོད་པ་རེད། གང་ཡིན་ཟེར་ན། དམངས་གཙོ་ཡར་ཐོན་ཚོགས་པའི་དེ་སྔོན་ནས་སྐྱབས་བཅོལ་གྱི་ཁྲིམས་བཟོ་རྒྱུར་འབད་བརྩོན་བྱས་བསྡད་ཡོད་པ་རེད།

སྤྱིར་བཏང་སྔོན་ཆད་རིམ་པ་གསུམ་ལ་བོད་པ་ཚོར་སྐྱབས་བཅོལ་ཡིག་ཆ་སྤྲད་ཡོད་པ་རེད། ཐེངས་དང་པོར་ ༢༠༠༡ ལོར་བོད་པ་ ༡༣ ལ་སྐྱབས་བཅོལ་ཡིག་ཆ་སྤྲད་པ་རེད། དེའི་རྗེས་ལ་སྲིད་འཛིན་ཁྲི་ཧྲུ་ཕིན་གྱི་སྐབས་སུ་༧གོང་ས་མཆོག་གདན་འདྲེན་ཞུས་པ་དང་མཉམ་དུ་བོད་པ་ཚོར་རྔན་པ་ལྟ་བུར་མི་ ༡༢༥ ལ་ཐད་ཀར་སྐྱབས་བཅོལ་ཡིག་ཆ་སྤྲད་པ་རེད། དེའི་རྗེས་ ༢༠༡༡ ལོར་སླར་ཡང་བོད་མི་ ༥༧ ཙམ་ལ་ཡིག་ཆ་སྤྲད་པ་རེད། ད་ལྟ་བོད་པ་མང་པོ་ཞིག་ལ་ཡིག་ཆ་སོགས་གང་ཡང་ཡོད་པ་མ་རེད། ཁོ་རང་ཚོ་ཕྱིར་ཕ་ཡུལ་དང་རྒྱལ་ཁབ་གཞན་ལའང་འགྲོ་ཐུབ་ཀྱི་མེད་པ་མ་ཟད། ཐེ་ཝན་ནང་དུའང་ཐོབ་ཐང་མང་པོ་ཞིག་རེག་གི་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། ཡིན་ནའང་ཁོ་རང་ཚོ་ཁྲིམས་འགལ་ཐོག་བསྡད་ཡོད་པ་དེ་འདྲ་མ་རེད། བལ་ཡུལ་ནས་ཡོང་སྟེ་རྗེས་ལ་བལ་ཡུལ་གཞུང་གིས་ཡིག་ཆ་འཕར་འགྱངས་ངོས་ལེན་མ་བྱས་པ་དང་། ཚུར་འབྱོར་ཏེ་དུས་ཚོད་མང་པོ་ཕྱིན་མེད་པ་དེ་འདྲ་རྐྱང་རེད། ཅེས་ངོ་སྤྲོད་གནང་བྱུང་།

ཁོང་ལ་མ་འོངས་པར་བོད་པ་ཚོར་སྐྱབས་བཅོལ་ཡིག་ཆ་རེག་རྒྱུར་རེ་བ་མཐོང་གི་ཡོད་མེད་དྲིས་པར་ཁོང་གིས། ཉེ་ལམ་ཕྱི་ཟླ་ ༩ པའི་ནང་གི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཤུགས་ཆེ་ཤོས་དང་ཐེ་ཝན་གྲོས་ཚོགས་འཐུས་མི། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ལྕམ་ཀོ་ལ་སི་ཡོ་ཊ་ཁཱ་(Kolas Yotaka)མཆོག་དྷ་རམ་ས་ལར་ཕྱིན་པའི་རྗེས་ལ་མོས་ཐེ་ཝན་གྲོས་ཚོགས་ནང་བོད་དོན་གླེང་ཡོད་པ་མ་ཟད། བོད་དོན་མ་སེལ་བར་ཐེ་ཝན་གཞུང་གིས་བོད་དོན་ལ་རོགས་རམ་གནང་དགོས་སྐོར་ཞུས་པའི་ལན་དུ། ཐེ་ཝན་གཞུང་ངོས་ནས་བོད་དོན་འགྲིག་འཇགས་མ་ཡོང་བར་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དཀའ་ཡང་། ༢༠༡༦ ཟླ་ ༦ ཚེས་ ༢༩ སྔོན་ལ་ཐེ་ཝན་ནང་འབྱོར་བ་ཚོར་རོགས་རམ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། དེར་བརྟེན། ཟླ་འདིའི་ཚེས་ ༢༡ ཉིན། ཐེ་ཝན་ནང་གི་ཡིག་ཆ་མེད་མཁན་བོད་པ་ ༡༧ གྱིས་སྲིད་བློན་ལས་ཁུངས་ནང་བཅར་ཏེ་དཀའ་ངལ་ཞུས་སྐབས། ཁོ་རང་ཚོས་ང་ཚོས་གང་མགྱོགས་གོ་བསྡུར་བྱས་ཏེ། མ་འོངས་པའི་ཟླ་ ༢ ནང་ཚུན་ལ་ཁྱེད་རང་ཚོར་ལན་ཞིག་སྤྲོད་ངེས་ཡིན་གསུངས་སོང་། མ་འོངས་པར་ཐེ་ཝན་གྲོས་ཚོགས་ཡང་བསྐྱར་ཚོགས་སྐབས་སྐྱབས་བཅོལ་གྱི་ཁྲིམས་གཏན་འབེབས་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། མཐའ་མར་གསལ་བོ་བྱས་ཏེ་ཞུ་རྒྱུ་ཞིག་ལ། ཐེ་ཝན་ནང་གི་བོད་པ་སྐྱབས་བཅོལ་བ་ཚོའི་དཀའ་ངལ་ཐད་ཐེ་ཝན་བོད་སོག་ལས་ཁུངས་ཀྱིས་ད་སྔ་རོགས་རམ་གང་ཡང་གནང་ཡོད་པ་མ་རེད་ལ། མ་འོངས་པར་རོགས་རམ་གནང་དགོས་དོན་ཡང་མེད། ང་ཚོར་དཀའ་ངལ་ག་རེ་འཕྲད་ཀྱང་ཐེ་ཝན་བོད་སོག་ལས་ཁུངས་དང་འབྲེལ་བ་རྩ་བ་ནས་མེད་ཅེས་གསལ་བོར་ཞུ་འདོད་བྱུང་སོང་། ཞེས་སོགས་བརྗོད་སོང་།

IMG_7042

གཞན། ཟླ་སྔོན་མའི་ནང་ཐེ་ཝན་ཐེ་ཝན་ནང་གསར་འཛུགས་བྱས་པའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་དང་། ཐེ་ཝན་དུས་རབས་ཀྱི་སྟོབས་ཤུགས་ཚོགས་པའི་ New Power Party གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥི་ཌེ་ལེམ་ Freddy Lim མཆོག ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀོ་ལ་སི་ཡོ་ཊ་ཀ་ Kolas Yotaka  མཆོག་སོགས་བཞུགས་སྒར་དྷ་རམ་ས་ལར་ཕེབས་པ་དང་བསྟུན་ཏེ་ཕྱི་ཟླ་ ༩ ཚེས་ ༥ ཉིན། གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ནང་གདན་འདྲེན་ཞུས་ཏེ་ཐེ་ཝན་གྲོས་ཚོགས་ནང་༸གོང་ས་མཆོག་གིས་བཀའ་སློབ་བསྩལ་རྒྱུའི་ལོ་རྒྱུས་ཀྱི་དུས་སྐབས་ལ་ངང་སྒུག་ཞུ་བཞིན་ཡོད། ཅེས་བརྗོད་ཡོད་པ་རེད།

ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གྱི་སྔ་དྲོར་ཐེ་ཝན་གྲོས་ཚོགས་ཀྱི་སྐུ་མགྲོན་ཚོམས་ཆེན་ནང་། ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་གསལ་བསྒྲགས་གནང་ཡོད་པ་དང་། སྐབས་དེར་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥི་ཌེ་ལེམ་ལགས་ཀྱིས། ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཐེ་ཝན་གྱི་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པ་དང་། གྲོས་ཚོགས་འཐུས་མིའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་དོན་ཁྱབ་སྤེལ་གྱིས་ཐེ་ཝན་ནང་བོད་སོག་ལས་ཁུངས་སྒོ་བརྒྱབ་རྒྱུའི་ལས་གཞི་མཇུག་སྐྱོང་རྒྱུ་དང་། རྒྱལ་སྤྱིའི་ཐོག་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མཉམ་ཞུགས་ཀྱིས་ལས་འགུལ་སྤེལ་ཐུབ་པ་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༨ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese