མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ལྷད་ཅན་འོ་ཕྱེ་རྙིང་པ་ཚོང་འགྲེམ་བྱས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཧང་ཧེ་གྲོང་ཁྱེར་གྱི་ཅཱ་ཝེ་རྒྱལ་སྤྱིའི་ཚད་ཡོད་ཚོང་གཉེར་ཁང་གིས་ལྷད་ཅན་གྱི་འོ་ཕྱེ་རྙིང་པ་ཏུན་ ༢༧༦ ཙམ་འཚོང་འགྲེམ་བྱས་པའི་གནད་དོན་རྩད་ཆོད་དེ་དོགས་ཡོད་ཉེས་ཅན་ ༡༩ འཛིན་བཟུང་བྱས་ཡོད་འདུག

14805621_1155756511173098_1364486308_nཁ་སང་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ཟས་རིགས་སྨན་རྫས་བདེ་འཇགས་ལྷན་ཚོགས་དང་། གྲོང་ཁྱེར་ཟས་སྨན་ལྟ་ཞིབ་ཁང་། གྲོང་ཁྱེར་ཉེན་རྟོག་ཁང་བཅས་མཉམ་འབྲེལ་ཐོག ཧང་ཧེ་ཅཱ་ཝེ་རྒྱལ་སྤྱིའི་ཚད་ཡོད་ཚོང་གཉེར་ཁང་གིས་ནེའུ་ཛི་ལན་ཌིའི་བྱིས་པའི་འོ་ཕྱེ་ལ་ཁྲིམས་འགལ་ལས་སྣོན་བྱས་ཤིང་། རྙིང་པར་གྱུར་བའི་འོ་ཕྱེ་ཏུན་ ༢༧༦ དྲ་ཐོག་དང་བཟའ་ཆས་ཚོང་ཁང་ཏུ་རིན་གོང་བཅག་སྟེ་ཚོང་འགྲེམ་བྱེད་བཞིན་པའི་གནད་དོན་ཆེན་པོ་ཞིག་རྩད་ཆོད་ཡོད་པ་མ་ཟད། དོགས་ཡོད་ཉེས་ཅན་ ༡༩ འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་འདུག

གནས་ཚུལ་ཐོན་པ་ལྟར་ན། འོ་ཕྱེ་ཐོན་རྫས་དེ་ཅང་སུའུ་རུ་ཡོད་པའི་ནན་ཐུང་ཧྭ་ཡན་བཟའ་ཆས་ཚོང་གཉེར་ཁང་ནས་ཧྲང་ཧེ་ཅང་ཌི་རྒྱལ་སྤྱིའི་ཚད་ཡོད་ཚོང་གཉེར་ཁང་ལ་ཕྱིར་འཚོང་བྱས་ཤིང་། ཅང་ཌི་རྒྱལ་སྤྱིའི་ཚད་ཡོད་ཚོང་གཉེར་ཁང་གིས་ཏུན་ ༡༦༦.༨ ཙམ་ཧྲང་ཧེ་དང་ཅང་སུའུ། ཧི་ནན། མཚོ་སྔོན་སོགས་སུ་སྡེབ་འཚོང་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ཧྲང་ཧེ་གྲོང་ཁྱེར་ཉེན་རྟོག་ཁང་གིས། ཧང་ཧེའི་མིན་ཞིན་ས་ཁུལ་གྱི་ཚོང་ཁང་ཞིག་གི་མཛོད་ཁང་དུ་ཞིབ་བཤེར་བྱེད་སྐབས། ཁྲིམས་འགལ་གྱིས་ལས་སྣོན་བྱས་ཤིང་རྙིང་པར་གྱུར་བའི་ཐོན་རྫས་དེ་ཤེས་རྟོགས་བྱུང་ཡོད་སྟབས། ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་འབྲེལ་ཡོད་རྟོག་ཞིབ་ཁང་རྣམས་ལ་བཀའ་རྒྱ་བསྒྲགས་ཏེ། ཐོན་རྫས་དེ་ཚོང་འགྲེམས་བྱེད་སའི་དྲ་རྒྱ་དང་ཚོང་ཁང་ཡོད་ཚད་སྒོ་བརྒྱབ་ཡོད་འདུག ཡིན་ནའང་། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། ལྷད་ཅན་འོ་ཕྱེ་རྙིང་པ་དེས་འཛད་སྤྱོད་པའི་བདེ་ཐང་ལ་གནོད་སྐྱོན་ཅི་ཙམ་བཟོས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་སྐོར་བརྗོད་འདུག

རྒྱ་ནག་ནས་ཐོན་སྐྱེད་བྱས་པའི་ཕྱིར་འཚོང་བཟའ་ཆས་དང་། རྒྱ་ནག་གིས་ལས་སྣོན་བྱས་པའི་ཕྱི་རྒྱལ་གྱི་བཟའ་ཆས་རིགས་ལ་གནད་དོན་རིམ་པར་བྱུང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གིས་ལས་སྣོན་བྱས་པའི་ནེའུ་ཛི་ལན་ཌིའི་བྱིས་པའི་འོ་ཕྱེ་ཡིས་ཉུང་མཐར་བྱིས་པ་ ༦ གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ཚོད་རྩིས་ལྟར་ན་བྱིས་པ་འབུམ་ ༣ ཙམ་ན་བ་དང་། དེའི་ནང་ནས་བྱིས་པ་ཁྲི་ ༥ ལྷག་སྨན་ཁང་དུ་བསྐྱལ་བའི་དོན་རྐྱེན་ཆེན་པོ་བྱུང་ཡོད་སྟབས། རྒྱ་ནག་ནང་ལོགས་ཀྱི་ཕ་མ་ཚོས་རྒྱ་ནག་ནས་ལས་སྣོན་བྱས་པའི་འོ་ཕྱེ་ལ་ཡིད་ཆེས་བརླགས་ཏེ་རིན་གོང་མཐོ་བའི་ཕྱི་རྒྱལ་གྱི་འོ་ཕྱེ་ཉོ་ཡི་ཡོད་འདུག

རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ནང་ལོགས་ཀྱི་འོ་ཕྱེ་ཡི་བརྒྱ་ཆ་ ༧༠ ནེའུ་ཛི་ལན་ཌིའི་(Fonterra Co-operative Group Ltd) བཟོ་གྲྭ་ནས་ནང་འདྲེན་བྱེད་བཞིན་ཡོད་ཚུལ་བརྗོད་ཡོད་ཀྱང་། ཕྱིའི་བརྒྱུད་ལམ་ཁག་ཏུ་ཕྱི་རྒྱལ་ནས་ཐོན་སྐྱེད་བྱས་པའི་འོ་ཕྱེ་རྣམས་རྒྱ་ནག་ཏུ་བསླེབས་རྗེས། བསྐྱར་དུ་ལས་སྣོན་བྱས་ཤིང་བོངས་ཚད་ཆུང་དུ་བཏང་སྟེ་རིན་གོང་བཅག་ནས་འཚོང་གིན་ཡོད་པར་བརྟེན། ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་འོ་ཕྱེ་སོགས་བཟའ་བཏུང་རིགས་མང་པོར་ལྷད་སྐྱོན་དང་རྙིང་རུལ་དུ་གྱུར་བའི་གནད་དོན་མང་པོ་བྱུང་བཞིན་ཡོད་སྐོར་བརྗོད་འདུག་ལ། རྒྱ་ནག་ཉེན་རྟོག་ཁང་གིས་བརྗོད་པ་ལྟར་ན། འདས་ལོར་རྒྱ་ནག་ནང་བཟའ་ཆས་བདེ་འཇགས་དང་འབྲེལ་བའི་གནད་དོན་མི་འདྲ་བ་ ༢༦༠༠༠ རྩད་ཆོད་དེ། དོགས་ཡོད་ཉེས་ཅན་ ༣༧༠༠༠ ལྷག་འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist