མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སྐྱིད་དུ་ཧིན་སྒོར་འབུམ་བདུན་བརྒྱའི་ལས་ཁུངས་གསར་རྒྱག

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

གངས་ཅན་སྐྱིད་གཤོངས་ལ་ལས་ཁུངས་ཆེན་པོ་ཞིག་རྒྱག་གི་ཡོད་པ་དང་། ལས་ཁུངས་དེའི་ཐོག་བརྩེགས་བཞི་པར་བོད་མིའི་སྒྲིག་འཛུགས་དང་བོད་དོན་ངོ་སྤྲོད་བྱེད་སའི་འགྲེམ་སྟོན་ཁང་། ལྔ་པར་མི་དྲུག་བརྒྱ་ལྷག་ཤོང་བའི་ཚོགས་ཁང་བཅས་འཆར་འགོད་བྱས་ཡོད་འདུག

DSC02761

ད་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ལ། ལས་ཁུངས་གསར་རྒྱག་གི་ལས་གཞི་ཞིག་འགྲོ་བཞིན་ཡོད་པ་དང་། འདས་པའི་ཟླ་ངོ་དྲུག་ལ་ཉེ་བའི་རིང་འཛུགས་སྐྲུན་ལས་གཞི་དེ་གང་འཚམས་གྲུབ་ཡོད་སྟབས། འདི་གའི་གསར་འགོད་པས་ལས་གཞི་དེར་འགན་འཁུར་མཁན་ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱངས་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། འཛུགས་སྐྲུན་ལས་གཞི་དེའི་རྒྱ་ཁྱོན་ལ་ཧྥི་ཊི་གྲུ་བཞི་མ་ ༩༦༠༨ (9608 sq.ft.)ཡོད་པ་དང་། ཁང་པ་ཐོག་བརྩེགས་ ༥ རྒྱག་འཆར་ཡོད་འདུག ཁང་པའི་འོད་ཤོད་དུ་རླངས་འཁོར་འཇོག་ས་དང་། ཉིས་ཐོག་དང་སུམ་ཐོག་ལས་ཁུངས་བཀོད་སྒྲིག བཞི་ཐོག་གི་ཕྱེད་ཀར་འགྲེམ་སྟོན་ཁང་དང་། ལྔ་ཐོག་ཧྲིལ་བོ་ཚོགས་ཁང་བཅས་ཡིན་འདུག ལས་གཞི་འདིའི་འགྲོ་གྲོན་ཧིན་སྒོར་འབུམ་ ༧༠༠ ཡི་འཆར་གཞི་ཡིན་པ་དང་། ད་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནས་མགོ་འཛུགས་གནང་སྟེ། ལས་གཞི་ལེགས་འགྲུབ་ཀྱི་དུས་ཡུན་ཟླ་བ་ ༡༨ ཡིན་འདུག

ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱངས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། སྔོན་མ་བོད་མིའི་སྒྲིག་འཛུགས་ལ་ལས་ཁུངས་འདང་གི་མེད་པ་དང་། ལྷག་པར་དུ་ཚོགས་ཁང་ཚད་ལྡན་ཞིག་མེད་པའི་དཀའ་ངལ་ཡོད་སྟབས། བཀའ་ཤག་གིས་གོ་བསྡུར་གནང་སྟེ་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་དེ་ལས་ཁུངས་དང་ཚོགས་ཁང་གསར་རྒྱག་གི་ལས་གཞི་འདི་མགོ་འཛུགས་གནང་བ་ཡིན་འདུག

ཐོག་བརྩེགས་འོད་ཤོད་དུ་གངས་སྐྱིད་ལས་ཁུངས་ཁག་གི་རླངས་འཁོར་ ༣༠ ལྷག་ཤོང་བའི་འཆར་འགོད་བྱས་ཡོད་པ་དང་། ཐོག་བརྩེགས་གཉིས་པ་དང་གསུམ་པར་ཆོས་རིག་ལས་ཁུངས་དང་། རྩིས་ཞིབ་ལས་ཁུངས། སྲིད་བྱུས་ཉམས་ཞིབ་ཁང་། གངས་སྐྱིད་གློག་ཀླད་སྡེ་ཚན་(ཊི་སི་ཨར་སི།)བཅས་སྤོ་རྒྱུའི་འཆར་གཞི་ཡོད་འདུག་ལ། ཐོག་བརྩེགས་ལྔ་པར་མི་ ༦༠༠ ལྷག་ཤོང་བའི་ཚོགས་ཁང་རྒྱག་རྒྱུ་ཡིན་པ་དང་ས྄ ཁང་བརྩེགས་དཀྱིལ་མ་ནས་ཐོག་བརྩེགས་ལྔ་པའི་བར་གློག་སྐས་དང་རྐང་པ་རྒྱག་ས་བཅས་སྐས་འཛེག་རིམ་པ་གཉིས་བཟོ་རྒྱུ་ཡིན་འདུག

ཀརྨ་ཆོས་དབྱངས་ལགས་ཀྱིས་བརྗོད་དོན། “ཐོག་བརྩེགས་ལྔ་པའི་ཚོགས་ཁང་དེ་ཧ་ཅང་ཆེན་པོ་ཡོད་པ་རེད། ཧ་ལམ་མི་དྲུག་བརྒྱ་བདུན་བརྒྱ་ཤོང་རྒྱུར་རྩིས་བརྒྱབ་ཡོད་ས་རེད། ནམ་རྒྱུན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཚོགས་འདུ་འཚོགས་ས་དང་། མཚམས་རེར་རྒྱལ་ཡོངས་ཚོགས་ཆེན་དང་། དམིགས་བསལ་ཆོགས་ཆེན་དེ་འདྲ་ཚོགས་སྐབས། བེད་སྤྱོད་གཏོང་ཐུབ་པ་ཞིག་ལ་རྩིས་བརྒྱབ་ཡོད་པ་རེད། གང་ཡིན་ཟེར་ན། སྔོན་ཆད་རྟག་པར་དྷ་སྟེང་བོད་ཁྱིམ་དང་། དྷ་ཤོད་སློབ་གྲྭའི་ཚོགས་ཁང་གཡར་བསྡད་ཡོད་པ་རེད།” ཅེས་བརྗོད་སོང་།

ཡང་ཁོང་གིས་ཐོག་བརྩེགས་བཞི་བའི་འགྲེམས་སྟོན་ཁང་གི་སྐོར་བརྗོད་དོན། “ཐོག་བརྩེགས་བཞི་པར་འགྲེམས་སྟོན་ཁང་ཞིག་ཕྱེ་རྒྱུའི་འཆར་གཞི་ཡོད་པ་རེད། གངས་སྐྱིད་དུ་ཕྱི་ལོགས་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ཕེབས་ཀྱིན་ཡོད་པ་རེད། ད་ལྟའི་འཆར་དཔེ་མཛོད་མ་གཏོགས་གངས་སྐྱིད་དུ་ལྟ་ས་དེ་འདྲ་མེད་དུས། རྒྱ་གར་དང་ཕྱི་རྒྱལ་སོགས་ཡུལ་སྐོར་སྤྲོ་འཆམ་པ་དེ་འདྲ་ཕེབས་སྐབས། བོད་མིའི་སྒྲིག་འཛུགས་དང་བོད་དོན་སྐོར་ངོ་སྤྲོད་གནང་ས་དེ་འདྲ་ཞིག་གི་འཆར་གི་ཡོད་པ་རེད།” ཅེས་བརྗོད་བྱུང་།

ལས་གཞི་འདིར་སྤྱིའི་འཆར་འགོད་ཚོགས་ཆུང་ཡོད་མེད་དྲིས་པར། “ ཚོགས་ཆུང་དེ་འདྲ་ཡོད་པ་མ་རེད། འཆར་གཞི་མང་ཆེ་བ་ཞིག་སྐུ་ངོ་སྲིད་སྐྱོང་སྐུ་སྒེར་རང་གིས་ཐུགས་འགན་བཞེས་བསྡད་ཡོད་པ་རེད། ཁོང་ཐེངས་མང་པོར་དངོས་སུ་ཕེབས་ཏེ་འགྲིག་དང་མ་འགྲིག་ལམ་སྟོན་གནང་བ་དང་། ཁ་ཤས་ཏོག་ཙམ་འགྱུར་བ་གཏོང་དགོས་པ་དང་སྤུས་དག་པོ་ཡོང་དང་མ་ཡོང་གི་གནས་ཚུལ་ཡོད་ན་ལམ་སྟོན་གནང་གི་ཡོད་པ་རེད།” ཅེས་བརྗོད་སོང་།

ལས་གཞི་འདི་བཀའ་ཤག་གི་ཐག་གཅོད་དང་། ནང་སྲིད་ལས་ཁུངས་ཀྱིས་ལག་བསྟར་གནང་སྟེ། འཛུགས་སྐྲུན་འཆར་འགོད་བྱེད་མཁན་རྒྱ་གར་བ་ཨ་མར་ཌེཔི་(Amar Deep)ཞུ་བ་ཡིན་པ་དང་། ཁོང་ནི་དེ་སྔ་བཀའ་ཤག་ལས་ཁུངས་གསར་པའི་འཆར་འགོད་པའང་ཡིན་འདུག ལས་གཞི་འདི་བོགས་མར་གཏོང་ཡུལ་རྒྱ་གར་པུ་རམ་ཅན་ཌི་(Puram Chand)ཞུ་བ་ཡིན་པ་དང་། ཁོང་དེ་སྔ་གངས་སྐྱིད་སྤྱི་ཐབ་གཉའ་ཁྲི་ཚོགས་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་གཞན་ཡང་རྒྱག་མྱོང་ཡོད་འདུག འཛུགས་སྐྲུན་ལས་དོན་འདིར་ལྟ་རྟོག་བྱེད་མཁན་བོད་མིའི་སྒྲིག་འཛུགས་ས་ཁང་འགན་འཛིན་ཚེ་དབང་བཀྲ་ཤིས་ལགས་ཡིན་འདུག

DSC02814

མཇུག་ཏུ་ཀརྨ་ཆོས་དབྱངས་ལགས་སུ། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བརྒྱ་ཆ་ག་ཚོད་ཅིག་ལ་ལས་ཤག་དང་བགྲེས་ཤག་གོ་སྒྲིག་གནང་ཐུབ་ཡོད་མེད་དྲིས་པར། ལས་བྱེད་བརྒྱ་ཆ་ག་ཚོད་ལ་ལས་ཤག་རེག་ཡོད་མེད་ཞུ་རྒྱུ་མེད། ད་ལྟ་སྤྱི་འཐུས་རྒྱུན་ལས་ལ་ལས་ཤག་གསར་རྒྱག་གནང་གི་ཡོད་པ་རེད། དེ་ཧིན་སྒོར་འབུམ་བཞི་བརྒྱ་ལྔ་བརྒྱ་ཞིག་གི་ལས་གཞི་རེད། བཀའ་ཤག་གི་དགོངས་པར་ད་དུང་ལས་ཤག་གསར་པ་རྒྱག་རྒྱུའི་འཆར་གཞི་བང་སྒྲིག་བསྡད་ཡོད་ས་རེད། ཤེས་རིག་དཔར་ཁང་གི་བར་དེར་ས་ཆ་ཞིག་ཡོད་པའི་སྐད་ཆ་འདུག ཅེས་བརྗོད་སོང་།

ས་ཁང་འགན་འཛིན་ཚེ་དབང་བཀྲ་ཤིས་ལགས་སུ་ལས་ཁོང་གསར་རྒྱག་དེའི་སྐོར་བཅར་འདྲི་ཞུས་པར། ད་ལྟ་ལས་གཞི་ཧ་ཅང་ཡག་པོ་འགྲོ་བཞིན་ཡོད་པ་དང་། འཆར་གཞིའི་ནང་ཟླ་བ་བཅོ་བརྒྱད་འཁོད་ཡོད་ཀྱང་ལོ་གཅིག་ནང་ཧ་ལམ་ཚར་རྒྱུ་ཡིན་པ། དེ་བཞིན། ལས་ཁུངས་ཀྱི་ཕྱི་དབྱིབས་བོད་པའི་བཟོ་བཀོད་བྱ་རྒྱུ་ཡིན་པ་དང་། ཁང་བརྩེགས་དཀྱིལ་གྱི་སྐས་འཛེག་གི་ཕྱི་དབྱིབས་ནི། དབྱིན་ཡིག་ནང་བོད་ Tibet ཅེས་པའི་ཊི་ T ཡི་བཟོ་ལྟ་གཏོད་རྒྱུ་ཡིན་སྐོར་སོགས་ངོ་སྤྲོད་གནང་སོང་།

ཡང་ཁོང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་སྐོར་དྲིས་པར། “ད་ལྟ་ལས་བྱེད་བརྒྱ་ཆ་ ༨༠ ཙམ་ལ་ལས་ཤག་གོ་སྒྲིག་གནང་ཐུབ་ཡོད་པ་རེད། བགྲེས་ཤག་དྷ་རམ་ས་ལའི་ལྷ་རྒྱལ་རིར་མི་བརྒྱད་དགུ་ཞིག་གི་བགྲེས་ཤག་ཡོད་པ་རེད། དེ་ནས་ལྷོ་ཕྱོགས་སུ་མི་བཅུ་གྲངས་ཤིག་ལ་བགྲེས་ཤག་བཟོ་བཞིན་ཡོད་པ་རེད། དེ་མ་གཏོགས་ད་ལྟའི་ཆར་བགྲེས་ཤག་མང་པོ་ཞིག་རྒྱག་ཐུབ་ཡོད་པ་མ་རེད། ཡིན་ནའང་གཞུང་ཞབས་ལས་བྱེད་ཚོ་རྒན་ཡོལ་འཐོན་ཁར། བགྲེས་ཤག་བཞེས་རྒྱུ་ཡིན་ནམ། བགྲེས་ཤག་གི་དོད་དུ་དངུལ་ལེན་རྒྱུ་ཡིན་སོ་སོའི་འདོད་པ་རེད། གལ་སྲིད་དངུལ་ལེན་རྒྱུ་ཡིན་ན་ཁོ་ལ་བགྲེས་ཕོགས་ག་ཚོད་འབབ་པ་ཡིན་ན་དེའི་ལོ་བཅུ་ལྡབ་དེ་རྡོག་གཅིག་ལ་སྤྲོད་ཀྱི་ཡོད་པ་རེད།” ཅེས་བརྗོད་བྱུང་།

DSC02847DSC02798

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༢༠ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

མཆན། 10

  1. མིག་དམར། says:
    ལོ་ 10 སྔོན།

    ཧིན་སྒོར་འབུམ་ ༧༠༠ ་ཟེར་བ་འདི་(70000000)རེད། དངུལ་འདི་འདྲ་ཞིག་ག་བ་སོང་བ་རེད། གངས་སྐྱིད་ཀྱི་ས་ཆ་ལ་རིན་སྤྲོད་དགོས་པ་མ་རེད། ང་ཧང་སང་སོང་།

    Reply
  2. གངས་ཅན་ཕོ་ཉ། says:
    ལོ་ 10 སྔོན།

    ལྷག་བསམ་ཡོད་ན་ཁ་ཡོད་ལག་ཡོད་ཡིན། ལྷག་བསམ་ཡོད་ན་འཛུགས་སྐྲུན་ཡོད། ལྷག་བསམ་ཡོད་ན་མིག་མཐོང་ལག་ཟིན་ཡོད། ལྷག་བསམ་ཡོད་ན་ཡར་རྒྱས་ཀྱི་རྣམ་པ་ཡོད། ལྷག་བསམ་ནི་བྱ་བ་ཀུན་གྱི་སྔོན་འགྲོ་ཡིན། ཤེས་འཇོན་དང་ལྷག་བསམ་གཉིས་ཀ་ཡོད་ན་རབ་ཡིན། དེ་མ་བྱུང་ཡང་ལྷག་བསམ་གལ་ཆེ། ཞེས་༧གོང་ས་མཆོག་གི་བཀའ་སློབ་ཟབ་མོ་དེ་ཡིད་ལ་འཁོར་བྱུང་།

    Reply
  3. lobsangtsering says:
    ལོ་ 10 སྔོན།

    བཀའ་ཤག་སྐབས་བཅོ་ལྔ་པའི་ཕྱག་ལས་ཁ་ཡོད་ལག་ཡོད་ཁ་ཤས་ཤིག་གནང་གི་འདུག གངས་སྐྱིད་ལྷན་ཁང་ཁག་ལ་ལས་ཁུངས་ཀྱིས་མ་འདང་བའི་སྐུ་ངལ་ཤུགས་ཆེན་པོ་འཕྲད་བསྡད་ཡོད་པ་རེད། ད་རེས་ལས་ཁུངས་ཚད་ལྡན་ཞིག་དང་ལྷག་དོན་དུ་མི་དྲུག་བརྒྱ་བདུན་བརྒྱ་ཤོང་བའི་ཚོགས་ཁང་ཞིག་བརྒྱབ་པ་དེ་ཞེ་དྲགས་ཡག་པོ་བྱུང་འདུག དེ་བཞིན་འགྲེམ་སྟོན་ཁང་ཞིག་ཕྱེ་རྒྱུ་ཡིན་གསུང་པ་དེ་ཡང་ཚོགས་གཙོ་སྔ་མའི་དགོངས་པར་ཡོད་པ་བཞིན་ལག་བསྟར་གནང་བ་ཡག་པོ་ཞེ་དྲག་རེད། སྐབས་སྔོན་མའི་སྲིད་སྐྱོང་འོས་མི་གཉིས་ཀའི་རྣམ་དཔྱོད་རིག་པ་དང་། འཆར་གཞི་ཐབས་ལམ་ཁག་མཉམ་སྤུངས་བྱས་ཏེ་བཀའ་ཤག་གིས་ཕྱག་ལས་གནང་བཞིན་པ་དེ་ལ་ཡི་རང་སྔགས་བརྗོད་ཡོད། ཉེ་ལམ་ས་གནས་གཞིས་མགོ་ཁག་གི་ཚོགས་འདུའི་སྟེང་བཙན་བྱོལ་བོད་མིའི་གནས་ཚུལ་ཚང་མ་གློག་ཀླད་ནང་བཅུགས་ཏེ་རྩིས་འཁོར་ནང་ནས་ལྟ་ཐུབ་པ་ཞིག་བཟོ་རྒྱུ་ཡིན་གསུང་པ་འདི་དག་ཀྱང་ཚོགས་གཙོ་སྔ་མ་སྤེན་པ་ཚེ་རིང་མཆོག་གི་དགོངས་འཆར་རེད་འདུག་ན་དེའང་ཁ་ཡོད་ལག་ཡོད་ཀྱི་གལ་ཆེན་པོ་རེད།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 10 སྔོན།

    ལས་ཁུངས་རྫིག་པོ་་བསྐྲུན་པར་སྦྱིན་བདག་དང་ས་ཆ་སོགས་ཀྱི་དཀའ་ངལ་མེད་པར་དགའ་འོས་མོད། སྙིང་རྗེ་རྡ་སའི་གསར་འབྱོར་བ་ཚོར་སྡོད་ཁང་ཞིག་རེག་པར་ས་ཆ་དང་སྦྱིན་བདག་སོགས་ཀྱི་དཀའ་ངལ་གྱི་བཀག་རྡོ་རྒྱབ་རི་ལས་མཐོ་ཡོད་པ་འདྲ། མི་མང་ལ་སྡོད་ཁང་མེད་པར་གཞུང་གི་ལས་བྱེད་ཚོའི་ཁ་ནང་ནས་སྦྲགས་སྐད་ཀྱི་དྲི་ངན་ཐུལ་བཞིན་སྟོང་བཤད་ལུང་བ་གང་རེ་བཤད་བཞིན། གཟི་བརྗིད་སྟོང་བ་ནི་གཟི་བརྗིད་སྟོང་བ་རང་རེད།

    Reply
  5. ཉི་ཉག་བུ། says:
    ལོ་ 10 སྔོན།

    འགྲེམ་སྟོན་ཁང་དེ་ཚོགས་གཙོ་སྤེན་པ་ཚེ་རིང་གི་བློ་བཀོད་རེད། ཁོ་རང་སྲིད་སྐྱོང་ལ་བཞཻངས་པའི་སྐབས་སུ་ཁོ་རང་གི་ལས་འཆར་ཁག་ཁྱབ་བསྒྲགས་བྱས་པའི་ནང་དུ། ཁོ་རང་ལ་སྲིད་སྐྱོང་ཐོབ་པ་ཡིན་ན། གངས་སྐྱིད་དུ་ཕྱི་ལོགས་ཀྱི་ལྟ་སྐོར་བ་ཕེབས་སྐབས་འགྲེམ་སྟོན་ཁང་ཚད་ལྡན་ཞིག་རྒྱག་རྒྱུ་ཡིན་གསུངས་ཡོད་པ་རེད།

    Reply
  6. གངས་རྒོད། says:
    ལོ་ 10 སྔོན།

    སྐུ་ངོ་མཆོག་གིས་གིས་གསར་འགྱུར་ཧ་ཅང་ཚད་ལྡན་སྤེལ་འདུག རྩོམ་སྒྲིག་པ་ཆེན་མོ་དངོས་ནས་མ་འདྲ་བ་ཞིག་འདུག ནམ་རྒྱུན་ཁྱེད་རང་གི་གསར་འགྱུར་རེ་འབྲི་རྒྱུར་རེ་བ་རྒྱབ་ནས་བསྡད་ཡོད། ང་རང་ཁྱོད་ཀྱི་བཅར་འདྲི་རིན་ཐང་ཆེན་པོ་དག་ལྟ་ཀློག་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད་པས་མུ་མཐུད་དུ་འབྲི་རྒྱུར་ཞེན་སྐུལ་ཞུ་བཞིན་ཡོད་་

    Reply
  7. ཉི་མ། says:
    ལོ་ 10 སྔོན།

    གངས་སྐྱིད་དཔེ་མཛོད་སོགས་མཐོང་སྣང་དོད་ཙམ་ཡོད་པ་ཁང་པ་དེས་ཏག་ཏག་བཟོས་འདུག འཆར་འགོད་པ་དེས་ཕྱོགས་གཅིག་མ་གཏོགས་མཐོང་མི་འདུག

    Reply
  8. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 10 སྔོན།

    སྤྱི་ཚོགས་འཕེལ་རིམ་ལ་འགན་འཁུར་ནས་ཁང་པ་གསར་རྒྱག་གི་འཛུགས་བསྐྲུན་ལས་
    གཞི་དེ་གསར་གཏོད་ཀྱི་མདུན་ཕྱོང་ཆེན་པོ་ཡིན་ན་དགའ་བསུ་ཚད་མེ་ཡོད་ལ་ཐུགས་
    རྗེ་ཆེ་ཞུ་གི་ཡོད་འོན་ཀྱང་ཁང་པ་ཐོག་རྩེགས་མང་པོ་དེ་འདྲ་དུས་ཐུང་ཚར་བ་བྱ་རྒྱུ་དེ་
    ཕུགས་བརྟན་ཇི་ཆགས་ལ་དགོང་པ་བཞེས་དགོས་པ་ནི་རྡ་རམ་ས་ལ་ནི་རི་ལྡེབས་ཡིན་
    པས་ཐུགས་ཟབ་གནང་དགོས་པ་དགོང་པར་མངའ་བ་ཞུ་།

    Reply
  9. བསོད་རྡོར། says:
    ལོ་ 10 སྔོན།

    གངས་སྐྱིད་དུ་ལས་ཁུངས་གསར་པ་རྒྱག་བཞིན་པར་བཀྲ་ཤིས་བདེ་ལེགས་ཞུ། ལྷག་པར་དུ་མི་དྲུག་བརྒྱ་བདུན་བརྒྱ་ཤོང་བའི་ཚོགས་ཁང་ཆེན་པོ་ཞིག་རྒྱག་གི་ཡོད་པ་དེ་ཧ་ཅང་ཡག་པོ་བྱུང་འདུག ལེགས་འགྲུབ་ཁ་བྲོ་བཀྲ་ཤིས་ཡོང་བའི་སྨོན་ལམ་ཡོད།

    Reply
  10. དཔའ་ཆེན་དོན་གྲུབ་ says:
    ལོ་ 10 སྔོན།

    གསར་འགྱུར་བཀླགས་ནས་ཡག་པོ་བྱུང་འདུག ཁང་པ་ཡག་པོ་བཟོས་ཡི་འདུག་བསམ་ནས་མར་ཡོང་དུས། རྡོ་སྐས་ལ་TIBET ཡི་T ཡི་བཟོ་སྟ་བཏོད་ཡོད་ཟེར་བ་དང་མཉམ་དུ་རྣམ་རྟོག་ཅིག་ཟ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese