ལོ་རྗེས་མར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་དང་ཨ་སམ་མངའ་སྡེ་གཉིས་བར་ཨེ་ཤ་ཡའི་ཟམ་པ་རིང་ཤོས་དེ་ལེགས་འགྲུབ་སྒོ་འབྱེད་བྱས་ཏེ་རྒྱ་གར་བྱང་ཤར་ཕྱོགས་སུ་འགྲུལ་སྐྱོད་ཇེ་བདེར་འགྲོ་རྒྱུ་ཡིན་འདུག
དེ་རིང་རྒྱ་གར་བདུན་རེའི་གསར་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཤར་མངའ་སྡེའི་ཨ་རུ་ན་ཅལ་ནང་བཞུར་བཞིན་པའི་བོད་ཀྱི་ཆུ་བོ་ཆེན་པོ་ཡར་ཀླུང་གཙང་པོའི་སྟེང་དྷོ་ལ་ས་རྡི་ཡ་ Dhola-Sadiya ཟེར་བའི་རྒྱ་གར་གྱི་ཟམ་པ་རིང་ཤོས་དེ་རྒྱག་བཞིན་ཡོད་པ་དང་། ཟམ་པ་དེས་རྒྱ་གར་བྱང་ཕྱོགས་ཀྱི་ཨ་སམ་དང་ཨ་རུ་ནཱ་ཅལ་མངའ་སྡེ་གཉིས་བར་གྱི་འགྲུལ་སྐྱོད་ཆུ་ཚོད་བཞི་ཉུང་དུ་གཏོང་ཐུབ་ཀྱི་ཡོད་འདུག
འཛུགས་སྐྲུན་ལས་གཞི་དེ་ ༢༠༡༠ ལོར་འགྲོ་སོང་ཧིན་སྒོར་བྱེ་བ་ ༩༣༨ བཏང་སྟེ་མགོ་འཛུགས་བྱས་པ་ཞིག་ཡིན་ཞིང་། ༢༠༡༧ ལོའི་དབྱར་ཁར་ལེགས་འགྲུབ་སྒོ་འབྱེད་བྱ་རྒྱུ་ཡིན་པ་དང་། ཟམ་པ་དེ་ནི་རྒྱ་གར་མུམ་བྷེའི་གྲོང་ཁྱེར་ནང་ཡོད་པའི་བྷན་དཱ་རཱ་འོར་ལི་མཚོ་སྟེང་གི་ཟམ་པ་ལས་ཀྱང་སྤྱི་ལི་མི་ཊར་ ༣།༥༥ ཙམ་གྱིས་རིང་བ་ཡོད་འདུག
ཟམ་པ་དེའི་རིང་ཚད་སྤྱི་ལེ་ ༩།༡༥ (9.15 kilometres) ཡོད་པ་དང་། ཟམ་པ་དེ་བརྒྱུད་ནས་བོད་དང་ས་འབྲེལ་ཡིན་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་འགྲིམ་འགྲུལ་ཐོག་ཡར་རྒྱས་ནུས་པ་ཆེན་པོ་འཐོན་རྒྱུ་ཡིན་འདུག