མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧེ་ལ་རེ་ལ་རེ་བ་བརྒྱ་ཆ་ ༩༢ འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཧ་ཝིར་ཌི་གཙུག་ལག་སློབ་ཆེན་ཆབ་སྲིད་ཚན་པའི་ཚོད་ལྟའི་འོས་གྲངས་ཁྲོད་ཨ་རིའི་གཞོན་སྐྱེས་ཁྲོད་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༢༡ དང་ལྕམ་ཧེ་ལ་རེ་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༤༩ ཟིན་འདུག་ཟེར།

times

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར། ཁ་སང་ཨ་རིའི་ཧ་ཝིར་ཌི་གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་ཚན་པས་ཨ་རིའི་སྲིད་འཛིན་འོས་བསྡུ་དང་འབྲེལ་བའི་ཚོད་ལྟའི་འོས་ཤོག་ཞིབ་བཤེར་གྲངས་ཐོ་ཞིག་ཕྱི་བསྒྲགས་བྱས་པའི་ནང་། ཨ་རིའི་ནང་གི་རང་ལོ་ ༡༨ ནས་ ༢༩ བར་གྱི་གཞོན་སྐྱེས་ཚོའི་ཁྲོད་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ལ་འོས་གྲངས་བརྒྱ་ཆ་ ༤༩ དང་། སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཊི་རུམ་ཕི་ལ་འོས་གྲངས་བརྒྱ་ཆ་ ༢༡། དེ་བཞིན། ངལ་རྩོལ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་གྷ་རེ་རྗོན་སན་ལ་འོས་གྲངས་བརྒྱ་ཆ་ ༡༤ ། གྷི་རན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་རྗེལ་སི་ཊེན་ལ་འོས་གྲངས་བརྒྱ་ཆ་ ༥ བཅས་ཐོབ་ཡོད་འདུག

ཧ་ཝིར་ཌི་གཙུག་ལག་སློབ་ཆེན་གྱི་འོས་གྲངས་ཞིབ་བཤེར་འགན་འཛིན་སྐུ་ཞབས་རྗོན་ཌི་ལ་ཝོལ་ཕི་ (John Della Volpe) ལགས་ཀྱིས། ཐེངས་འདིའི་འོས་གྲངས་ཞིབ་བཤེར་གྱི་གྲུབ་འབྲས་དེ་གཞོན་སྐྱེས་ཚོར་ཨ་རིའི་མ་འོངས་སྲིད་དོན་ཁ་ཕྱོགས་ལ་སེམས་འཚུབ་ལང་གི་ཡོད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་སྟབས། ཨ་རིའི་གྲོས་ཚོགས་ནས་ཨ་རིའི་རྒྱལ་ཁབ་མདུན་ཕྱོགས་སུ་སྣེ་ཁྲིད་དེ་ཨ་རིའི་གཞོན་སྐྱོས་ཚོའི་མ་འོངས་ལས་གནས་དང་ནུས་སྟོབས་མཐོར་འདེགས་གཏོང་བར་རེ་བ་ཡོད་སྐོར་བརྗོད་འདུག

སེ་ཨན་ཨན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཨ་རིའི་རྒྱལ་དོན་དྲུང་ཆེ་ཟུར་བ་སྐུ་ཞབས་ཕོ་ཝིལ་ (Powel) ལགས་ཀྱིས། སྤྱིར་ཁོང་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་དཔོན་རིགས་ཤིག་ཡིན་ནའང་། ཁོང་གིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ཡི་ཨ་རིའི་སྲིད་དོན་ཐད་ཀྱི་ཉམས་མྱོང་དང་ཤེས་འཇོན་ལ་གཞིགས་ཏེ་ཁོང་མོར་འོས་ལྡུག་རྒྱུ་ཡིན་སྐོར་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱུན་པར་ཨ་རིའི་གཞུང་མང་གཉིས་ལ་དམའ་འབེབས་བྱེད་པ་དང་། ལྷག་པར་དུ་བུད་མེད་ལ་མཐོང་ཆུང་བྱེད་པ། ཁོ་རང་གི་སྤྱི་མཐུན་ཚོགས་པར་མཚང་འབྱིན་བྱེད་པ། དེ་བཞིན། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་སྐྱོན་འཛུགས་བྱེད་ཀྱིན་ཡོད་པ་དང་། དེ་ནི་སྐུ་ཞབས་ཊི་རུམ་ཕི་ལ་ཨ་རིའི་སྲིད་དོན་ཐད་ཉམས་མྱོང་མེད་པའི་སྐད་ཆ་ཡིན་སྐོར་སོགས་བརྗོད་འདུག

ཧ་ཝིར་ཌི་གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་ཚན་པའི་ཞིབ་འཇུག་གྲུབ་འབྲས་ལྟར་ན། ཨ་རིའི་གཞོན་སྐྱེས་བརྒྱ་ཆ་ ༢༠ ཨ་རིའི་མ་འོངས་སྲིད་དོན་ཁ་ཕྱོགས་ལ་རེ་བས་ཁེངས་ཡོད་པ་དང་། གཞོན་སྐྱེས་བརྒྱ་ཆ་ ༥༡ སེམས་འཚུབ་ལང་གི་ཡོད་པ། དེའི་གྲས་ཀྱི་བརྒྱ་ཆ་ ༦༠ བུད་མེད་ཡིན་འདུག

གཞན། དེ་རིང་ནེའུ་ཡོག་དུས་བབ་གསར་ཁང་གིས་འོས་གྲངས་ཞིབ་བཤེར་རུས་མིག་ཅིག་སྤེལ་བའི་སྟེང་། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ལ་སྲིད་འཛིན་རྒྱལ་ཁ་འཐོབ་པའི་གོ་སྐབས་བརྒྱ་ཆ་ ༩༢ ཟིན་གྱི་ཡོད་སྐོར་བཀོད་འདུག་ལ། རུས་མིག་དེ་ནི་རྒྱལ་སྤྱིའི་གཞུང་མང་གཉིས་ནས་ལྕམ་ཧེ་ལ་རེ་ལ་རྒྱབ་སྐྱོར་གྱི་རྣམ་པ་གཞིར་བཟུང་བ་ཞིག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist