མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་རྒྱ་ནག་གི་སྲོག་ཤིང་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་རྒྱུན་ཚང་འཛོམས་ཐོག་རྒྱ་ནག་གི་དམག་སྤྱི་ཟུར་བ་གཉིས་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་དོན་འོག་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་ཡོད་པ་དང་སྲིད་འཛིན་ཞི་རྒྱལ་ཁབ་ཀྱི་སྲོག་ཤིང་དུ་ངོས་འཛིན་བྱས་འདུག

28CHINA2-master675དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་རྒྱུན་ལས་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་རྒྱ་ནག་ལན་ཀྲུའུ་དམག་ཁུལ་གྱི་དམག་དཔོན་ཟུར་བ་ཧྥན་ཁྲང་མཱེ་ (Fan Changmi) དང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྤྱི་ཟུར་བ་ཉེའུ་ཀྲེ་ཀྲུང་ (Niu Zhizhong) གཉིས་ལྐོག་ཟ་རུལ་སུངས་དང་ཏང་གི་སྒྲིག་ཁྲིམས་ལ་གཏོར་བརླག་བྱས་པའི་ཉེས་དོན་འོག་དམར་ཤོག་ཚོགས་ཁོངས་ནས་ཕྱིར་འཕུད་བཏང་ཡོད་འདུག

ན་ནིང་ཕྱི་ཟླ་དང་པོ་ནས་ཧྥན་ཁྲང་མཱེ་དང་འབྲེལ་ཡོད་དཔོན་རིགས་ ༡༦ ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་པ་དང་། ལོ་ནིན་ (Liaoning) ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་མགོ་ཁྲིད་ཟུར་བ་ཝང་མེན་ (Wang Min) ཟེར་བ་ཞིག་ལའང་རྒྱ་ནག་དབུས་རྒྱུན་ལས་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ལྐོག་རྔན་སྤྲོད་ལེན་བྱས་པའི་ཉེས་དོན་འོག་ཞིབ་བཤེར་བྱ་རྒྱུ་གཏན་འཁེལ་བྱས་ཡོད་འདུག

ནེའུ་ཡོག་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་གི་ནང་། ད་ལོའི་རྒྱ་ནག་དབུས་རྒྱུན་ལས་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་སྲིད་འཛིན་ཞི་ཅིན་ཕིན་ལ་ཏང་དང་རྒྱལ་ཁབ་ཀྱི་སྲོག་ཤིང་ཞེས་པའི་ངོས་འཛིན་ཐོབ་རྟགས་སྤྲད་ཡོད་པ་མ་ཟད། ཞི་ཅིན་ཕིན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་ཟུར་བ་མའོ་ཙེ་ཏུང་དང་ཏུན་ཞོ་ཕིན་གཉིས་ཀྱི་མཚན་གནས་སུ་ཆེ་བསྟོད་བྱས་ཡོད་པ་དང་། ཆེས་བསྟོད་དེས་འདས་ལོ་ངོ་ ༦༧ རིང་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་བཟུང་བའི་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ཆབ་སྲིད་འཐབ་རྩོད་ལ་བརྡ་ལེན་རྣོ་ངར་ལྡན་པ་ཞིག་སྤྲོད་ཡོད་སྐོར་སོགས་བཀོད་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ཏང་དང་རྒྱལ་ཁབ་གང་ཡིན་ཡང་དེའི་སྲོག་ཤིང་དུ་འགྱུར་བའི་དབུ་ཁྲིད་ཅིག་ནམ་ཡང་མེད་མི་རུང་བ་དང་། སྐུ་ཞབས་ཞི་ཅིན་ཕིན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲོག་ཤིང་དུ་གྱུར་ཡོད་ལུགས་བཤད་འདུག

རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་ད་ལོའི་ཚང་འཛོམས་གྲོས་ཐོག་ཞི་ཅིན་ཕིན་ལ་ཏང་དང་རྒྱབ་ཁབ་ཀྱི་སྲོག་ཤིང་ཞེས་པའི་མཚན་གནས་སྤྲད་དེས་ཞི་ཅིན་ཕིན་གྱི་དབང་སྒྱུར་ཇུས་ཀྱི་དམིགས་འབེན་འགྲུབ་ཀྱི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist